Skip to main content

ཆང་དང་ཏམ་ཁུ་སྤང་དགོ་པའི་སྐོར།

ཆང་དང་ཏམ་ཁུ་སྤང་དགོ་པའི་སྐོར།

འབྲུག་ཆོས་དང་ལྡན་པའི་ རྒྱལ་ཁབ་ནང་ དལ་བ་བརྒྱད་དང་ འབྱོར་པ་བཅུ་ཚང་བའི་ མི་ལུས་རིན་པོ་ཆེའི་ ལུས་ལེན་མི་འདི་ ཡ་མཚན་ཅན་དང་ སྐལ་བ་བཟང་ཤོས་ཅིག་ཨིན། དེའི་ནང་ལས་ཡང་ འབྲུག་ཆོས་དང་ལྡན་པའི་ རྒྱལ་ཁབ་ནང་ འབྲུག་མི་ག་ར་ སྤྱིར་ཨྱོན་གུ་རུའི་ལུང་བསྟན་དང་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ ཐུགས་སྨོན་ལས་ གངས་བར་ནང་གི་ཆུ་འཐུང་ སྤྲིན་པར་ནང་གི་ཉིམ་བསྲོ་སྟེ་ ལྷ་ཆོས་དགེ་བ་བཅུ་ གྲུབ་ནི་ལུ་བརྩོན་ཤུགས་བསྐྱེད་མི་ བསམ་གྱིས་མ་ཁྱབ་པར་ཡོདཔ་ཨིན། ཨིན་རུང་ ད་རིས་ནངས་པ་ དུས་ཀྱི་འགྱུར་བ་དང་བསྟུན་ ཟས་ངན་ཆང་དང་གཏམ་ཁུ་ལུ་ ལོངས་སྤྱོད་མི་ འཐོན་དོ་ཡོདཔ་ལས་ ཟས་ངན་འདི་ ཆོས་དང་འཇིག་རྟེན་གཉིས་ལས་འབད་རུང་ མ་པ་ལས་མ་བཏུབ་པའི་ ལཱ་གཅིག་ཨིན།

ཟས་ངན་ཆང་དང་གཏམ་ཁུ་འདི་ རྒས་གཞོན་བར་མ་ ག་གིས་རང་སྤྱོད་དོ་ཡོདཔ་ལས་ རྒྱལ་ཁབ་ནང་ ནག་ཚོང་ཐབས་མི་ཡང་ ལེ་ཤ་རང་འཐོན་དོ་ཡོདཔ་ཨིན། འདི་ནང་ལས་ཡང་ ན་གཞོན་ཨ་ལོ་ཚུ་གིས་ ལོ་ན་ཆུང་ཀུ་བསྒང་ལས་རང་ ཆང་དང་ཏམ་ཁུ་ལུ་ ལོངས་སྤྱོད་ལང་ཤོར་ཐལ་བ་ཅིན་ མི་ཚེ་ནང་ རང་གི་མགུ་ཏོག་རང་གིས་འཐུ་སྟེ་ སྡོད་ཚུགས་པ་ ལཱ་ཁག་ཡོད་པའི་ཁར་ མི་སྡེ་ནང་འབད་རུང་ ཁ་གཏང་པའི་གཞི་དང་ སྨད་པ་རྐྱབ་པའི་ གཞི་ཅིག་ལུ་འགྱུར་ནི་ཨིན།

སེམས་ཁམས་འཁྲུགས་ཟས་ ཆང་དང་ཏམ་ཁུ་འདི་ གཉིས་ལས་ ང་པ་ཆང་གི་གནོད་འདི་ཞུ་བ་ཅིན་ ཆང་ལས་རྟེན་ བཟའ་ཚང་ནང་མ་མཆམ་པའི་ཁར་ བར་ན་ལས་ ཨ་ལོ་ཚུ་ཡང་མེདཔ་ཐལཝ་ཨིན། དེ་མ་ཚད་ དྲན་པ་ཉམས་པའི་རྒྱུ་ཡང་ཨིནམ་ལས་ ཆང་འཐུང་པའི་ཤུལ་ལས་ གཏམ་ཡར་ཡར་འཐེན་ ཁྲལ་དང་ངོ་ཚ་མེད་པའི་ ལཱ་ཡང་ལེ་ཤ་འབད་དེ་ མི་དང་མི་གི་བར་ན་ བདེ་བ་ཡང་མེདཔ་གཏང་པའི་ཁར་ སྟབས་མ་བདེཝ་ དཔེར་ན་ ཤི་རྐྱེན་རྨ་རྐྱེན་ཡང་ བྱུང་དང་འབྱུང་བཞིན་དུ་ཡོདཔ་ཨིན། དེ་བཟུམ་སྦེ་རང་ སློབ་ཕྲུག་ན་གཞོན་ཚུ་ ཆང་འཐུང་པ་ཅིན་ ལོ་གཞོནམ་འབདཝ་ལས་ འཐབ་འཛིན་ཚུ་ཡང་ འབད་དོ་ཡོད་པའི་ཁར་ སློབ་གྲྭ་ནང་དུས་ཚོད་ཁར་ འོང་མ་ཚུགས་ ཕམ་དང་སློབ་དཔོན་ཚུ་ངོ་རྒོལ་འབད་དེ་ བློ་འཁོལ་སི་སི་གི་ལཱ་ ལེ་ཤ་རང་འབད་བའི་ཤུལ་ལས་ ཆོས་རྒྱུགས་ནང་མཐར་འཁྱོལ་མ་ཚུགས་པར་ མི་ཚེ་མེདཔ་འགྱོ་མི་ཡང་ ལེ་ཤ་རང་ཡོདཔ་ཨིན།

གཉིས་པ་ ཟས་ངན་ཏམ་ཁུ་གི་ གནོད་པ་ག་དེ་སྦེ་རང་ ཡོད་ག་ཟེར་བ་ཅིན་ ཏམ་ཁུ་འདི་ཆོས་དང་འཇིག་རྟེན་གཉིས་ལས་ མ་བཏུབ་པའི་ཟས་ངན་སྡིག་ཅན་ཨིན་ཟེར་ ཨྱོན་གུ་རུ་རིན་པོ་ཆེ་གིས་ གསུངས་པའི་ཁར་ ཏམ་ཁུ་ལས་རྟེན་པའི་ ནད་གཞི་ཡང་ལེ་ཤ་ཐོབ་ཨིན། ཏམ་ཁུ་གིས་རང་གི་གཟུགས་ཁར་ གནོད་པ་གིས་མ་ཚད་ དེའི་མཐའ་འཁོར་ལུ་ཡོད་པའི་ མི་དང་སེམས་ཅན་ལུ་ཡང་གནོད་པའི་ཁར་ རང་བཞིན་གནས་སྟངས་ཡང་ མེདཔ་གཏངམ་ཨིན།

དེ་འབདཝ་ལས་ ད་ལྟོ་ལ་མ་བརྒལ་ལབ་རྩའི་སྦུག་དང་ ཆུ་མ་བརྒལ་ཟམ་པའི་སྦུག་འབདཝ་ལས་ བཅོས་ཐབས་ཡོད་པའི་ཁར་ ད་ལྟོ་ཚུན་ ཟས་ངན་སྤྱོད་དེ་ཡོད་པ་ཅིན་ གཤགས་པ་ཕུལ་ནི་དང་ ད་ལས་ཕར་ ཟས་ངན་ ཆང་དང་ཏམ་ཁུ་འདི་ མ་པ་ལས་ལོངས་མི་སྤྱོད་ཟེར་ ཁས་བླངས་འབད་དགོཔ་ཨིན། དེ་སྦེ་ འབད་བ་ཅིན་ སངས་རྒྱས་ཀྱི་ཆོས་དང་ མི་སྡེའི་ནང་ཕན་ཐོགས་པའི་ ལཱ་ཟེར་རུང་ འདི་རང་ཨིན་ཟེར་ཞུ་ནི་ཨིན།

མི་མངམ་གིས་ ལྷག་མི་རྩོམ།

རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཉིད་ཀྱི་ཐུགས་རྗེས་སུ་གཟུང་བའི་ལོ་རྒྱུས་གསུང་བགྲོས་ལས་འཇིགས་པ་བརྒྱད་ལས་སྐྱོབ་པ་ནི།

Topic Sentence and Thesis Statement: The Keystones of Organized Writing

Code of Conduct for Teachers

Lungtenzampa or is it because we are Desuup? - Dorji Choden

𝗧𝗿𝗮𝗻𝘀𝗹𝗮𝘁𝗶𝗼𝗻 𝗼𝗳 𝗛𝗶𝘀 𝗠𝗮𝗷𝗲𝘀𝘁𝘆'𝘀 𝗔𝗱𝗱𝗿𝗲𝘀𝘀 𝘁𝗼 𝘁𝗵𝗲 𝗡𝗮𝘁𝗶𝗼𝗻 - 𝗡𝗮𝘁𝗶𝗼𝗻𝗮𝗹 𝗗𝗮𝘆 𝟮𝟬𝟮𝟱

ཇ་མཆོད། ལྟོ་མཆོད་དང་ ཆང་མཆོད།

🍂History of Gomphu Kora in Tashi Yangtse District, under Tongjang Gewog.

HISTORY OF OLD ZHONGAR DZONG

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།