Skip to main content

Posts

Showing posts from November, 2026
  ༉ སྨན་ལྗོངས་འབྲུག་ཡུལ་འདི་ནང་སྐལ་ལྡན་ཕོ་མའི་སྐྱབས་མགོན།། མི་དབང་མངའ་ཞབས་མཆོག་གིས་ཐུགས་ལས་འཁྲུངས་པའི་ལྗོན་བཟང་།། དྲན་ཤེས་ཁྲོམ་ཚོགས་འདི་ནང་མཆོད་རྟེན་བརྒྱ་དང་རྩ་བརྒྱད།། ཉིན་ཞག་གཅིག་ནང་བཞེངས་པ་ཨ་ཧོ་ངོ་མཚར་ཆེ་སོང་།། སྔོན་དུས་རྒྱལ་རབས་ཚུ་དང་རྒྱལ་བ་གོང་མའི་རྣམ་ཐར།། རྣ་བར་གོ་བ་མ་གཏོགས་དངོས་སུ་རང་གིས་མ་མཇལ།། དྲན་ཤེས་ཁྲོམ་ཚོགས་འདི་ནང་མཆོད་རྟེན་བརྒྱ་དང་རྩ་བརྒྱད།། ཉིན་ཞག་གཅིག་ནང་བཞེངས་པ་ཨ་ཧོ་ངོ་མཚར་ཆེ་སོང་།། ང་བཅས་མི་དབང་མངའ་ཞབས་སྐུ་ཚེ་ཆུ་ལས་རིང་ཤོག། མཛད་ཕྲིན་དར་ཞིང་རྒྱས་ཤོག་ནང་པའི་བསྟན་པ་འཕེལ་ཤོག། རྒྱལ་ཁབ་ཡུན་དུ་གནས་ཤོག་བློན་འབངས་བདེ་སྐྱིད་བྱུང་ཤོག། སྙན་གྲགས་འབྲུག་ལྟར་ཁྱབ་ཤོག་འཛམ་གླིང་བདེ་བར་བཀོད་ཤོག། བློ་དམན་བཀྲིས་མིང་པ་རང་ དངོས་སུ་སྦེ་རྟེན་བཟང་བཞེངས་སར་ སྨོན་ལམ་བཏབ་པར་ ལྷོད་ནིའི་བསྐལ་བ་དང་མ་ལྡན་རུང་ ཐག་རིང་རྒྱང་ལས་ སྒོ་གསུམ་གུས་པ་ཆེན་པའི་སྒོ་ལས་ སྨོན་ལམ་ཕུལ་ལོ།།  

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།