Skip to main content

Posts

Showing posts with the label སྙན་རྩོམ།

སྣང་བ་གང་ཤར་གྱི་ ཀ་རྩོམ།

〠 སྣང་བ་གང་ཤར་གྱི་ ཀ་རྩོམ། ༉ ཀ་བ་གདུང་གིས་མཛེས་པའི་ཁང་བཟང་ཡང་། ། ཁ་བའི་སྡུག་བསྔལ་རང་བཞིན་ཉིད་དུ་མཐོང་། ། ག་ནས་བསམ་རུང་སེམས་དཔའ་སྐྱོ་ལྷང་ལྷང་། ། ང་ནི་འཁོར་བ་འདི་ནང་སྐྱོ་བ་ལངས། ། ཅ་ལ་གཅེས་འཛིན་རྒྱལ་པོའི་ནོར་ཟས་ཀྱང་། ། ཆ་མེད་གཞན་གྱི་ལག་པར་སོང་བའི་རྒྱུ། ། ཇ་དང་ཆང་གི་ལོངས་སྤྱོད་འཛོམས་ན་ཡང་། ། ཉ་མོ་སྲམ་དང་འཕྲད་པའི་སྡུག་བསྔལ་འདྲ། ། ཏ་ཁ་ཟེར་བའི་ཕ་ཡུལ་ས་ཐག་རིང་། ། ཐ་དང་དམ་ཚིག་ བཟུང་བའི་བུ་ཆུང་ང་། ། ད་ལྟོ་གཞུང་དང་གོང་མའི་སྐུ་བསོད་ལས། ། ན་དང་ཚ་བ་མེད་པར་སྔར་བཞིན་ཡོད། ། པ་ལང་ནང་གི་སྦྲང་ཆང་མངར་མོ་འདི། ། ཕམ་སྤུན་འཛོམས་སྦེ་འཐུང་ན་སྤྲོ་བས་སྨོ། ། བ་དང་གླང་ལུག་ཕུན་སུམ་ཚོགས་ན་ཡང་། ། མ་འོངས་འགྱུར་བའི་དུས་ལུ་བསམ་ན་སྐྱོ། ། ཙ་རི་གནས་ལུ་བཞུགས་པའི་དྲང་སྲོང་གིས། ། ཚ་གྲང་སྡུག་བསྔལ་བསལ་གནང་སྤྲང་པོ་ལུ། ། ཛ་རོང་ནང་གི་ཨུམ་ཆུ་བསིལ་རུང་རང་། ། ཝ་མོ་རང་གིས་འཐུང་བའི་སྐལ་བ་མེད། ། ཞྭ་བོ་ཡན་ལག་ཉེས་པའི་རང་སྐྱོན་གྱིས། ། ཟ་ས་ལྷོད་མ་ཚུགས་པའི་སྡུག་བསྔལ་ཡོད། ། འ་དོམ་ལྟོགས་ལེ་བཟུམ་སྦེ་མཆོངས་པ་ཅིན། ། ཡ་རབས་བཟང་པོའི་གྲལ་ཁར་ཚུད་པར་དཀའ། ། རྭ་བ་ཙན་དན་བསྐོར་བའི་འབྲུག་ཡུལ་ནང་། ། ལ་ལུང་བརྒལ་ཏེ་ཕྱོགས་བཞིར་བལྟ་རུང་རང་། ། ཤ་ཚ་ཅན་གྱི་སྙིང་གྲ...

རྨི་ལམ་འདྲ་བའི་ས་ཆ།

བུཚ།  རྨི་ལམ་འདྲ་བའི་ས་ཆ། མིག་འཕྲུལ་བཟུམ་གྱི་བུ་མོ། བདེན་འཛིན་རེ་ཡང་མ་ཚུགས། བདེན་ག་མནོ་ཡང་མ་བཏང། རྒྱལ་ཁ་ང་གིས་ཐོབ་ན། གཡས་པའི་གཤོག་སྒྲོ་ཡོད། གཡས་པའི་གཤོག་སྒྲོའི་གླུ་ལ་གསན། དགའ་བའི་གཏམ་གྱི་ཚིགས་ལ་གསན། བུམོ།  བང་ཅན་བཀའ་ལུ་མི་ཉན། ཉམ་ཆུང་བློ་ཡང་མི་བདེ། སྒང་གཤོང་ལ་ཁའི་བུ་མོ། སེམས་ཁར་ན་ཟུག་མ་བཀལ། ཕ་ཡུལ་སྒང་གཤོང་ནང། ཕ་གཞིས་ལ་ནོར་ཡོད། རང་ཡུལ་དགའ་བའི་གླུ་ལ་གསན། རང་སེམས་སྐྱིད་པའི་ཚིག་ལ་གསན། བུཚ།  གསེར་ཤོག་སྤང་གི་སྦུག་ལས། གསེར་གྱི་མེ་ཏོག་འཁྲུངས་ནུག། མིག་ཁར་ལེགས་པའི་མེ་ཏོག རྨི་ལམ་ཨིན་ཟེར་མ་གསུངས། དམ་ཚིག་ཁྱོད་ལུ་ཡོདན། གཡོ་བ་ང་ལུ་མེད། མཆོད་པའི་ལྷ་མོ་གླུ་ལ་གསན། སྟག་ཤར་དགའ་བའི་གླུ་ལ་གསན། བུམོ།  རྣམ་ཅོ་བསུབས་རུང་གོཝ་མས། མིག་ཏོ་བཙུམས་རུང་མཐོང་མས། ལུས་དང་གྱིབ་མ་བཟུམ་སྦེ། འབྲལ་བ་འབྲལ་ས་མིན་འདུག། གཡོ་བ་ཁྱོད་ལུ་མེདན། དམ་ཚིག་ང་ལུ་ཡོད། སག་སྟེང་མེ་ཏོག་ཡི་གླུ་ལ་གསན། སྨིན་ཆུང་དགའ་བའི་ཚིག་ལ་གསན། བུཚ།  ཚད་ལས་བརྒལ་བའི་ངོ་རིས། སྐྱོན་ཡང་བཏགས་ས་མིན་འདུག། ཐུགས་སེམས་ཨ་ཞེ་སྣང་ས། དམའ་ཕབ་རྐྱབ་ས་མིན་འདུག། སེམས་ཀྱི་མེ་ལོང་ནང། ཨ་རྟག་ཁྱོད་ར་མཐོང། མཐོང་པའི་བུ་མོའི་གླུ་ལ་གསན། དམ་ཚིག་གཙང་བའི་ཚིག་ལ་གསན། བུམོ...

སྙིང་རྗེ་མེད་པའི་འཆི་བདག།

🇧🇹 ༉ སྙིང་རྗེ་མེད་པའི་འཆི་བདག་གཤིན་རྗེ་གིས།།      གཏན་འཁེལ་མེད་པའི་ལུས་ཀྱི་ཕོ་བྲང་ལས།།        བལ་བ་ཡངས་པའི་ཚེ་སྲོག་འབག་པའི་དུས།།          ས་ཐག་མི་རིང་རང་གི་ཕང་མ་ཨིན།།              མི་ལུས་རིན་ཆེན་ཐོབ་པའི་དུས་སྐབས་ལུ།།         དམ་ཆོས་མ་གྲུབ་སྔོན་ལས་འཆི་བདག་གིས།།     ལུས་སེམས་སོ་སོར་ཕྱེར་ན་མནོ་མ་ཚུགས།། འདི་བ་རྩ་རྒས་ང་བཅས་མི་འོང་ག།     ཤན་པས་མ་ཧེ་ཆ་རོགས་གསོད་པའི་སྐབས།།       འདི་ལུ་བལྟ་སྟེ་སྡོད་པ་ཁུངས་ཅིག་མེད།།          འདི་ཁར་འདྲོག་སྟེ་སྡོད་པ་མི་ཕན་འོང་།།            འདི་ལས་བྱོག་པའི་ཐབས་ཅིག་སྟོན་དགོཔ་ཨིན།།               ཕྱི་ལས་དམར་སེར་གྱོན་པའི་ཆོས་པ་ཟེར།།            རང་གཞན་ཕན་པའི་བསམ་བཟང་མེད་པ་ཅིན།།      ལག་དུམ་བྲག་ལུ་འཛེག་པའི་སྒོམ་ཆེན་འདྲ།། ཐར་པའི་ས་བོན་རྒྱང་ལུ་ལུས་འོང་མས།།     ཚེ་ལུ་རང་དབང་མེ...

རྩོམ་ཆུང་སྦ་གླིངམ།

                 ࿄   རྩོམ་ཆུང་སྦ་གླིངམ།     བདུད་འདུལ་ཀུན་མཁྱེན་ཟས་གཙང་སྲས་དང་ནི།།    འཕགས་མཆོག་རྒྱལ་ཚབ་བརྟེན་པའི་འཁོར་ལོ་དང་།།    འཇིག་རྟེན་དབང་ཕྱུག་ལག་ན་རྡོ་རྗེ་དང།།    ཆོས་ཀྱི་དཔལ་མོ་ཚངས་སྲས་མ་ལ་འདུད།།    དབུ་སྐྲ་མཚར་བ་ཟུར་ཕུད་ལྔ་ལྡན་མ།།    མ་རིག་འཇོམས་པའི་ཕྱག་གཡས་རལ་གྲི་བསྣམས།།    འགྲོ་ལ་རྩེ་བའི་བུ་ལྟར་ཤེས་རབ་གནང།།    ཀུན་གྱིས་བློ་ཡི་གཏེར་ལ་བསྟོད་བསྔགས་བརྗོད།།   འགྲོ་ཀུན་འཁོར་བའི་མཚོ་ལས་གྲོལ་བྱའི་ཕྱིར།།    འགྲོ་བ་ཡོངས་ལ་བརྩེ་བས་རྟག་ཏུ་གཟིགས།།    འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱབས་མཛད་མཁན།།    མྱུར་སྐྱོབ་ཁྱེད་ཀྱི་ཞབས་ལ་ཕྱག་འཚལ་ལོ།།    ཉི་མའི་གཉེན་གྱི་བསྐལ་པ་ངོ་མཚར་བ།།    རྗེས་སུ་རྒྱལ་བའི་མྱུ་གུ་ཐ་དག་འཁྲུངས།།    ཆོས་ཀྱི་བདུད་རྩི་སྙིང་པོ་མང་དུ་སྤེལ།།    རང་ཡང་ཆོས་ལ་དད་པ་མུས་གུས་བསྐྱེད།།    དགའ་ལྡན་རྣམ་པར་རྒྱལ་བའི་ཞིང་འདི་ནང།།    འབངས་འཁོར་བདེ་བར་བསྐྱེད་པའི་མངའ་བདག་ནི།...

ཨ་མ་དྲིན་ཆེ་བའི་རྩོམ་ཆུང་མ།

 ༉ ཐར་པའི་གོ་འཕང་འཐོབ་མི་སངས་རྒྱས་དང་།། འཛམ་གླིང་རྒྱན་དྲུག་མཆོག་གཉིས་བླ་སློབ་ཚོགས།། ས་སྐྱོང་གྲགས་པའི་མཚན་ཅན་རྒྱལ་བློན་རྣམས།། ཡུམ་ཆེན་ཨ་མ་མེན་ན་འཁྲུངས་པར་དཀོན།། གསུམ་གསུམ་རིང་ལ་རང་གི་ཕོཝ་ནང་འབག། འཆི་ཁའི་ལམ་ལུ་གོམ་པ་ཕྱེད་ཕྱེད་སྤོ།། དབང་པོ་སྒོ་ལྔ་ཚང་པའི་ལུས་རྟེན་གཅིག། འཛམ་གླིང་འདི་ནང་གནང་བར་བཀའ་དྲིན་ཆེ།། ཟ་བའི་ཟས་དང་གྱོན་པའི་གོ་ལ་ཚུ།། ཕོཝ་ཕྱེད་ལུས་ཕྱེད་གྱོན་མི་ཨ་མ་ཨིན། དབྱར་དགུན་ཚ་གྲང་འབར་བའི་དུས་ཚོད་ནང་།། ནུབམོ་རིང་གཉིད་མེད་སྡོད་མི་ཨ་མ་ཨིན།། ལུས་ལུ་བར་རྐྱེན་ག་བཟུམ་འབྱུང་རུང་ཡང་།། དང་པ་རང་གི་ཨ་ལོ་གཅེས་མི་མ།། སེམས་ཁམས་འཁྲུག་པའི་རླུང་འཚུབ་ཤུགས་ཆེ་རུང་།། རང་གི་ཨ་ལོ་དྲན་མི་ཨ་མ་ཨིན།།

འབྲུག་གི་བསྟན་པ་རིན་པོ་ཆེ་མཆོག་ལུ་ བསྟོད་དབྱངས་འཕང་འགྲོའི་སྒྲ་མཆོག

  འབྲུག་གི་བསྟན་པ་རིན་པོ་ཆེ་མཆོག་ལུ་ བསྟོད་དབྱངས་འཕང་འགྲོའི་སྒྲ་མཆོག  ༉ བསོད་ནམས་དམན་པའི་སྙིགས་མའི་དུས་འདི་ནང་།། རིགས་རུས་བཞི་འཛོམས་བྱང་ཆུབ་སེམས་དཔའ་མཆོག། རྟོགས་ལྡན་ཞལ་སློབ་འཁྲུལ་ཞིག་རྒྱལ་མཚན་གྱི།། ཞལ་སློབ་རིག་འཛིན་ཡུམ་མཆོག་ཀུན་བཟང་ལས།། དགེ་བཤེས་པད་མ་ཚེ་རིང་ཡང་སྲིད་མཆོག། རྟགས་དང་མཚན་མ་བཟང་པོའི་གཟིམ་སྣང་བཅས།། སྨན་ལྗོངས་འབྲུག་ཡུལ་འདི་ནང་འཁྲུངས་པར༌མཚར།། དད་ལྡན་རྨ་བྱ་གླུ་དབྱངས་ལེན་ལ་ལྟོས།། རྟོགས་ལྡན་གྲུབ་དབང་བསོད་ནམས་བཟང་པོ་དང་།། བཀའ་རྙིང་བླ་ཆེན་རྣམས་ལས་དབང་ལུང་ཞུ།། འབྲུག་གི་བསྟན་པ་འཛིན་པའི་སྐྱེས་ཆེན་མཆོག། ཚུལ་ཁྲིམས་ཕར་རོལ་ཕྱིན་པའི་སྐྱབས་གནས་ཨིན།། བསྟན་པའི་སྲོག་ཤིང་འཛིན་པའི་སྒྲུབ་སྡེ་དང་།། ནང་ཆོས་ལྟེ་བའི་འཕགས་པའི་སྡེ་ཚུ་བཙུགས།། རྫོང་ཁག་ཉི་ཤུའི་སྨོན་ལམ་ཆེན་མོ་གནང་།། དྲི་མ་མེད་པའི་དམ་ཆོས་ཉི་མ་ཤར།། འཁོར་བའི་སེམས་ཅན་སྙིང་རྗེའི་ལྕགས་ཀྱུས་བཏབ།། ཐུགས་བརྩེས་འགྲོ་རྣམས་མ་ཡི་བུ་བཟུམ་བསྐྱང་།། ཕྱོགས་བཞི་ག་ཏེ་ལྷོད་རུང་མ་ཎིའི་གདངས།། འཕགས་ཡུལ་པོ་ཏ་ལ་ཡང་འབྲུག་ལུ་འཕོས།། འབྲུག༌ཡུལ༌འདི༌ནང༌སྐྱེས༌མི་མི༌སེར༌ཚུ།། སྐྱབས༌མགོན༌དམ༌པ༌མཇལ༌བར༌བསྐལ༌བ༌བཟང༌།། ཐར༌པའི༌ལམ༌བཟང༌ས༌བོན༌དམ༌པའི༌ཆོས།། སྐྱབས༌རྗེ༌མཆོག༌ལས༌ཞུ༌བ...

ག་ཅི་ཨིན་ན་སྨོ་་་་་་་་་་་?

༉ འུར་སྒྲ་ཆེ་བའི་ཆུ་ཀླུང་ཟམ་གྱི་ཐོག། མར་མར་བལྟ་ཚེ་བུ་འབྲལ་ཆུ་འདྲ་བས།། ཡར་ཡར་བལྟ་ཚེ་རྒྱ་གར་ལས་མི་གཅིག། ཐགཔ་གཅིག་བཀོ་གནང་བྱེལ་སྐད་ཤོར་སར་མཐོང་།། འདི་མིན་འུར་ཅན་ཆུ་གིས་འབག་ནི་མས།། ཟམ་གྱི་ལྟག་ལས་ཐགཔ་གཅིག་བཀོཝ་ཨིན་ཟེར།། ང་ཡང་ཟམ་གྱི་ཐོག་ལས་མགུ་མཇུག་མས།། རང་དབང་མེད་པར་བྱེལ་སྐད་ཤོར་སོང་ཡི།། ལུས་ཀྱི་ཁྲག་ཚུ་མིག་ཏོ་ནང་ལུ་ཐིམ།། གསལ་བའི་དབང་པོ་དབང་མེད་སྤུབས་རན་ཆི།། ནང་གི་དབུགས་ཡང་ཁ་ཡར་སྒྲིལ་ཆི་རུང་།། ཆ་རོགས་འབད་གནང་ལན་མང་ཤོར་བའི་ཚེ།། ཕོ་རྒནམ་བཀྲ་ནོར་བཟང་པོར་སྐུ་ཆེ་ཤོར།། ཨེ་ཁུག་འབག་གནང་ང་ཡར་འཐོན་གནང་ཟེར།། རྣ་བའི་སྒྲ་འཛིན་རྒྱལ་མོས་གོ་རུང་རང་།། སྒྲུབ་ནི་མེད་པའི་སེམས་ཀྱི་རེ་བ་མས།། རང་གི་ལས་ཀྱིས་ཉོ་བའི་མྱོང་ཆང་འདི།། མངར་རུང་སྐྱུར་རུང་རང་གིས་འཐུང་དགོཔ་འོང་།། རེ་ཐག་ཆད་དེ་འཁྲུལ་བའི་རྔུ་སྐད་ཤོར།། དོན་ཧིང་ལུས་ནང་མ་ཆགས་འཇིགས་སྣང་མས།། ཨ་རྟག་མཐོང་ནི་མེད་པའི་གཉིད་ལམ་འདི།། རང་གི་དཀོན་མཆོག་འཁྲུལ་བའི་བཀའ་ཆད་སྨོ།། ཡི་དམ་ཐུགས་དང་མེད་པའི་རྫུ་འཕྲུལ་སྨོ།། རང་གི་ལན་ཆགས་ད་རིས་སྨིན་མེན་ནམ།།

དཔྱེ་གཏམ་སྣ་ཚོགས།

 ༡༽ བུ་རིག་པའི་ཁོངས་ལས་མ་ཤརན།། ཡུམ་ཨ་མའི་བསྐོར་གཏམ་དོན་མེད་ཨིན།། ༢༽ ཕ་སླབ་པའི་ཁ་ལུ་མ་ཉན།། བུ་རུས་སྦལ་ཁ་ལས་ཤིང་ཤོར།། ༣༽ ཕ་ཤིན་བུ་སྒོ་ཡངས།། ༤༽ ལྟོ་རྩིས་ཕ་དང་བུ།། དྲིན་ལན་ཞར་དང་ཞོར།། ༥༽ ཕ་རྒས་པ་མནོ་སྟེ་བུ་གསོ།། ༦༽ ཨ་ལུ་མ་རྔུན་ཨའི་གིས་ཨོམ་མི་བྱིན།། ༧༽ ཨ་ལུ་རྔུ་སར་ཨའི་གི་ཕངས་མར།། ༨༽ ལམ་བགོམ་གསུམ་འགྲོ་ལམ་མ་གཤགན།། ལ་ལུང་པ་གཉིས་ཀྱི་ རིང་ཐུང་ཧ་མི་གོ། གཏམ་ཚིག་གསུམ་བརྡ་ལན་མ་འཇལན།། ཕ་དང་བུ་ཡང་ངོ་མི་ཤེས།། ༩༽ ཁུར་ཆ་ཨ་པ་འབག་ཚེ་འཇམ་འཇམ་འདྲ།། ཟས་ཨ་མ་ཟ་ཚེ་ཞིམ་ཞིམ་འདྲ།། ༡༠༽ ཕ་བཟང་གི་བུ་དང་།། གྱི་བཟང་གི་ཤུབས།། ༡༡༽ བུ་མཁས་རུང་ཕ་མའི་བསླབ་བྱ་དགོ། ཚོང་མཁས་རུང་སྔོན་བསགས་བྱིན་འབྲས་དགོ། ༡༢༽ ཟླ་བ་དུང་ལས་དཀར་རུང་།། སེལ་བའི་མེ་ཆབ་དགོ །སྨན་ཆུང་ལྷ་ལས་ལེགས་རུང་།། མནོ་བའི་དོན་ཧིང་དགོ། ༡༣༽ སྟུ་གིས་སླབན་ག་སླབ།། མཇེ་གིས་འཁྱིདན་ག་འཁྱིད།། ༡༤༽ རྡོ་ཨིན་ཀྲག་ཀྲ་དང་།། ལྕགས་ཨིན་སིང་སིང་།། ༡༥༽ བྱིན་གེ་ཟེར་བ་དགའ་མི་དགོ། ཕྱད་གེ་ཟེར་བ་འདྲོག་མི་དགོ། ༡༦༽ སྐེ་ལུ་བཏགས་པའི་ལྦའུ།། ཕར་ཕུད་རྐྱབ་ས་མིན་འདུག། ༡༧༽ ཁབ་རྩེ་གཉིས་ཀྱིས་བཙེམ་མི་བཏུབ།། བློ་རྩེ་གཉིས་ཀྱིས་དོན་མི་གྲུབ།། ༡༨༽ མི་ངན་གྱིས་གཡུས་དཀྲུགས།། བྱ་ངན་གྱིས་གདངས་དཀྲུགས།། ༡༩༽ རང་སྐལ་...

གནས་ཆེན་ས་གདོང་སྐོར་ལ།

  From the great sacred site of Dongkorla གནས་ཆེན་ས་གདོང་སྐོར་ལ་ལས། སྤ་མཐོང་ཝང་མཐོང་མཐོང་མས། ཤོག་བུ་མོ་ཤོག ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཅིག   ཤོག་ཤོག ཚེ་རིང་བཟང་མོ་ཤོག་ཤོག From the great sacred site of Dongkorla; Paro as well as Thimphu can be seen  Come daughter come; Mother’s daughter, Tshering Zangmo come, come; Tshering Zangmo come, come. སྤ་མཐོང་ཝང་མཐོང་མཐོང་རུང། སེམས་ཀྱི་སྐྱོ་རོགས་ཨིན་མས། ཤོག་བུ་མོ་ཤོག ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཅིག ཤོག་ཤོག ཚེ་རིང་བཟང་མོ་ཤོག་ཤོག Even if Paro and Thimphu can be see; These are the comforters of the mind  Come daughter come,  Mother’s daughter, Tshering Zangmo come, come; Tshering Zangmo come, come.  གནས་ཆེན་ས་གདོང་སྐོར་ལ་ལས། སྤ་ཆུ་ཝང་ཆུ་མཐོང་མས། ཤོག་བུ་མོ་ཤོག ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཅིག་ཤོག་ཤོག ཚེ་རིང་བཟང་མོ་ཤོག་ཤོག From the great sacred site of Dongkorla; The river of Paro and Thimphu can be seen  Come daughter come,  Mother’s daughter, Tshering Zangmo come, come; Tshering Zangmo come, come. སྤ་ཆུ་ཝང་ཆུ་མཐ...

ཚ་གྱང་གི་ལྷམ་ཅུང་་་་་་་་།

ཚ་གྱང་གི་ལྷམ་ཅུང་རང་གི་རྐང་མར་བཙུགས། ། སྡུག་བསྔལ་གྱི་འཁུར་ཆ་རི་བཟུམ་རྒྱབ་ཁར་འབག ། སྐྱོ་བ་གི་ཞྭམོ་གཅིག་རང་གིས་བཙུགས་པ་ཅིན། །  མི་ཚེ་གི་ལ་མོ་བརྒལ་བ་ལཱ་ཁག་འོང་།།

འཛུམ་འཛུམ་་་་་་

འཛུམ་འཛུམ་ཞལ་གྱི་ཟླ་བའི་དཀྱིལ་འཁོར་ལས། ། ཟིམ་ཟིམ་ཡ་ལ་སྤྱན་ཆབ་ཤོར་བར་ཕངས། ། ལྷང་ལྷང་ཆེ་བའི་ཕངས་པའི་ན་ཟུག་འདི། །  སེལ་སེལ་ཡ་ལ་སེལ་བའི་ཐབས་ཅིག་མེད། །                            © སྤྲིན་བྲལ་འོད་ཟེར།

འབྲུག་རྒྱལ་བཞི་པ་མཆོག་ལུ་བསྟོད་དབྱངས་སྙིང་བསྡུས།

བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་མི་དབང་འབྲུག་རྒྱལ་བཞི་པ་མཆོག ཨོྂ་སྭ་སྟི། གཏེར་སྟོན་འབྲུག་སྒྲ་རྡོ་རྗེའི་ལུང་བསྟན་བཞིན།།      རིགས་འཛིན་པད་མ་གླིང་པའི་གདུང་བརྒྱུད་ནས།།      དཔལ་ལྡན་འབྲུག་པའི་སྤྱི་གཙུག་དབུས་ཀྱི་ནོར།།      མི་དབང་འཇིགས་མེད་སེང་གེ་འཁྲུངས་པ་མཚར།། མི་དབང་སེང་གེ་ཆོས་ལྡན་འབྲུག་གི་རྒྱན།། འཇིག་རྟེན་དབང་ཕྱུག་པོ་ཊ་ལ་ཡི་སྐྱབས།། དེ་དག་བཞུགས་ནས་ཙམ་ལས་ཐ་དད་པའི།། འབྱེད་ཆོས་ལན་སྟོང་བཙལ་ཀྱང་སྣང་བར་དཀའ།། ས་སྟེང་དེ་རུ་ས་སྐྱོང་མང་བྱོན་ཀྱང་།། མི་དབང་སེང་གེ་མཆོག་དང་དོ་ཟླ་དབེན།། སྐྱེད་ཚལ་ཡིད་དགའ་ཕལ་པ་བཞད་མོད་ཀྱི།། རབ་ཏུ་མཛེས་པའི་ཨུ་དུམྦཱ་ར་དཀོན།། སྨན་ལྗོངས་འབྲུག་པའི་ས་བདག་སེང་གེ་ཡིས།། ཕྱི་དགྲ་ཟིལ་གྱིས་རབ་ཏུ་གནོན་པ་ནི།། སྟོབས་ལྡན་གླིང་གི་གེ་སར་དེ་དང་མཚུངས།། དཔེ་གཞན་ལན་བརྒྱར་བཙལ་ཀྱང་ག་ལ་རྙེད།། འབྲུག་གི་ས་སྐྱོང་གྲགས་པའི་གཟི་བརྗིད་འདི།། ཆུ་མཐོང་དབྱིངས་ནས་ཤར་བའི་མེ་ཟླུམ་དང་།། རེ་ཞིག་མཚན་ཉིད་མཐུན་མོད་དེ་འདྲ་བའི།། དཔེ་གཞན་ཡོད་ཀྱང་དེ་ཡི་རྗེས་སུ་འགྲོ།། སྟོང་གསུམ་ཁྱབ་པའི་དབྱངས་ཅན་ལྷ་མོའི་གསུང་།། ཡིད་འཕྲོག་སྙན་པའི་ཆོས་དབྱངས་རྒྱ་གླིང...

བསྟོད་རྩོམ།

ཚིག་དོན་ཕུན་སུམ་ཚོགས་པའི་གླུ་དབྱངས་གཅིག། གླུ་མ་བསྟན་འཛིན་དབངམོ་གིས་འཐེན་པའི་ཚེ།། སྙན་ཆ་པྱི་ཝང་གླིང་བུ་སྒྲ་སྙན་གསུམ།། སྔོན་མ་མེད་པའི་ང་རྒྱལ་བསྐྱེདཔ་མས་ས།།              © མངྒལ་བཛྲ།

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།