Skip to main content

རྩོམ་ཆུང་སྦ་གླིངམ།

    
           ࿄ རྩོམ་ཆུང་སྦ་གླིངམ།

   བདུད་འདུལ་ཀུན་མཁྱེན་ཟས་གཙང་སྲས་དང་ནི།།
   འཕགས་མཆོག་རྒྱལ་ཚབ་བརྟེན་པའི་འཁོར་ལོ་དང་།།
   འཇིག་རྟེན་དབང་ཕྱུག་ལག་ན་རྡོ་རྗེ་དང།།
   ཆོས་ཀྱི་དཔལ་མོ་ཚངས་སྲས་མ་ལ་འདུད།།

   དབུ་སྐྲ་མཚར་བ་ཟུར་ཕུད་ལྔ་ལྡན་མ།།
   མ་རིག་འཇོམས་པའི་ཕྱག་གཡས་རལ་གྲི་བསྣམས།།
   འགྲོ་ལ་རྩེ་བའི་བུ་ལྟར་ཤེས་རབ་གནང།།
   ཀུན་གྱིས་བློ་ཡི་གཏེར་ལ་བསྟོད་བསྔགས་བརྗོད།།

  འགྲོ་ཀུན་འཁོར་བའི་མཚོ་ལས་གྲོལ་བྱའི་ཕྱིར།།
   འགྲོ་བ་ཡོངས་ལ་བརྩེ་བས་རྟག་ཏུ་གཟིགས།།
   འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱབས་མཛད་མཁན།།
   མྱུར་སྐྱོབ་ཁྱེད་ཀྱི་ཞབས་ལ་ཕྱག་འཚལ་ལོ།།

   ཉི་མའི་གཉེན་གྱི་བསྐལ་པ་ངོ་མཚར་བ།།
   རྗེས་སུ་རྒྱལ་བའི་མྱུ་གུ་ཐ་དག་འཁྲུངས།།
   ཆོས་ཀྱི་བདུད་རྩི་སྙིང་པོ་མང་དུ་སྤེལ།།
   རང་ཡང་ཆོས་ལ་དད་པ་མུས་གུས་བསྐྱེད།།

   དགའ་ལྡན་རྣམ་པར་རྒྱལ་བའི་ཞིང་འདི་ནང།།
   འབངས་འཁོར་བདེ་བར་བསྐྱེད་པའི་མངའ་བདག་ནི།།
   ཐུགས་རྗེ་བྱམས་པ་འཇིག་རྟེན་དབང་ཕྱུག་དང་།།
   བསྟན་དགྲ་འཇོམས་པའི་མཐུ་སྟོབས་བདག་པོ་ཡིན།།

  ས་གསུམ་ཡོངས་ལ་ཁྱབ་པའི་དགྲ་དབྱངས་འཛིན།།
   འཇའ་ཚོན་སྟོང་ལས་འཕགས་པའི་ཚངས་སྲས་མ།།
   གསུང་དབྱངས་ཡན་ལག་དྲུག་བཅུའི་དངོས་གྲུབ་ཅིག།
   སྒྲ་དབྱངས་ལྷ་མོ་ཁྱེད་ཀྱིས་མྱུར་དུ་བསྩལ།།

  འགྲོ་ཀུན་སྲིད་པའི་མཚོ་ལས་ཐར་བའི་ཕྱིར།།
   ཟས་གཙང་སྲས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར།།
   མ་འོངས་རྒྱལ་ཚབ་ཁྱེད་ཀྱི་སྟོན་པའི་དུས།།
   བློ་དམན་རང་ཡང་ཁྱེད་ཀྱི་ཆོས་ཞུ་ཤོག། །།

མི་མངམ་གིས་ ལྷག་མི་རྩོམ།

སྨོན་ལམ་ ༡༠༨ །

༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

Ticking Toward Triumph: A Tale of Timely Kindness

འབྲུག་རྒྱལ་བཞི་པ་མཆོག་ལུ་བསྟོད་དབྱངས་སྙིང་བསྡུས།

བར་དོའི་སྨོན་ལམ།

𝗣𝗮𝘀𝘁 𝗟𝗶𝗳𝗲 𝗕𝗶𝗼𝗴𝗿𝗮𝗽𝗵𝘆 𝗼𝗳 𝗛.𝗘. 𝗚𝗼𝗻𝗽𝗼 𝗧𝘂𝗹𝗸𝘂 𝗥𝗶𝗻𝗽𝗼𝗰𝗵𝗲 (Khenpo Jigme Yönten Gönpo, 1899–1959)

Code of Conduct for Teachers

🍂History of Gomphu Kora in Tashi Yangtse District, under Tongjang Gewog.

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།