Skip to main content

འབྲུག་རྒྱལ་བཞི་པ་མཆོག་ལུ་བསྟོད་དབྱངས་སྙིང་བསྡུས།


བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་མི་དབང་འབྲུག་རྒྱལ་བཞི་པ་མཆོག

ཨོྂ་སྭ་སྟི། གཏེར་སྟོན་འབྲུག་སྒྲ་རྡོ་རྗེའི་ལུང་བསྟན་བཞིན།།
     རིགས་འཛིན་པད་མ་གླིང་པའི་གདུང་བརྒྱུད་ནས།།
     དཔལ་ལྡན་འབྲུག་པའི་སྤྱི་གཙུག་དབུས་ཀྱི་ནོར།།
     མི་དབང་འཇིགས་མེད་སེང་གེ་འཁྲུངས་པ་མཚར།།

མི་དབང་སེང་གེ་ཆོས་ལྡན་འབྲུག་གི་རྒྱན།།
འཇིག་རྟེན་དབང་ཕྱུག་པོ་ཊ་ལ་ཡི་སྐྱབས།།
དེ་དག་བཞུགས་ནས་ཙམ་ལས་ཐ་དད་པའི།།
འབྱེད་ཆོས་ལན་སྟོང་བཙལ་ཀྱང་སྣང་བར་དཀའ།།

ས་སྟེང་དེ་རུ་ས་སྐྱོང་མང་བྱོན་ཀྱང་།།
མི་དབང་སེང་གེ་མཆོག་དང་དོ་ཟླ་དབེན།།
སྐྱེད་ཚལ་ཡིད་དགའ་ཕལ་པ་བཞད་མོད་ཀྱི།།
རབ་ཏུ་མཛེས་པའི་ཨུ་དུམྦཱ་ར་དཀོན།།

སྨན་ལྗོངས་འབྲུག་པའི་ས་བདག་སེང་གེ་ཡིས།།
ཕྱི་དགྲ་ཟིལ་གྱིས་རབ་ཏུ་གནོན་པ་ནི།།
སྟོབས་ལྡན་གླིང་གི་གེ་སར་དེ་དང་མཚུངས།།
དཔེ་གཞན་ལན་བརྒྱར་བཙལ་ཀྱང་ག་ལ་རྙེད།།

འབྲུག་གི་ས་སྐྱོང་གྲགས་པའི་གཟི་བརྗིད་འདི།།
ཆུ་མཐོང་དབྱིངས་ནས་ཤར་བའི་མེ་ཟླུམ་དང་།།
རེ་ཞིག་མཚན་ཉིད་མཐུན་མོད་དེ་འདྲ་བའི།།
དཔེ་གཞན་ཡོད་ཀྱང་དེ་ཡི་རྗེས་སུ་འགྲོ།།


སྟོང་གསུམ་ཁྱབ་པའི་དབྱངས་ཅན་ལྷ་མོའི་གསུང་།།
ཡིད་འཕྲོག་སྙན་པའི་ཆོས་དབྱངས་རྒྱ་གླིང་དང།།
འཛམ་གླིང་ས་ཡི་བདག་པོ་ཁྱོད་ཀྱི་གསུང་།།
ཇི་ཙམ་བརྟགས་ཀྱང་མཚན་ཉིད་ཡང་དག་མཚུངས།།

མི་དབང་ཐུགས་རིག་མཁས་པའི་ས་བོན་ནས།།
ཕྲལ་དང་གཏན་དུ་ཕན་པའི་རྩ་བ་བཟང་།།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟ་བ་འཁྲུངས།།
འབངས་འཁོར་བདེ་བར་བཀོད་པ་ངོ་མཚར་ཆེ།།

སྟོབས་ལྡན་གླིང་གི་གེ་སར་རྒྱལ་པོ་དང་།།
གསུམ་རྩེན་ལྷ་ཡི་དབང་པོ་མིག་སྟོང་ཅན།།
ས་སྐྱོང་གྲགས་པ་མི་དབང་སེང་གེ་རྣམས།།
ཕན་ཚུན་རྣམས་པ་འགལ་བ་ཙམ་དུ་ཟད།།

ཕྱོགས་ལས་རྣམས་པར་རྒྱལ་བའི་རྒྱལ་ཁམས་སུ།།
སངས་རྒྱས་སྟོང་གི་རྣམ་སྤྲུལ་མིའི་གཟུགས་སུ།།
བྱོན་མི་སྨན་ལྗོངས་འབྲུག་པའི་ས་བདག་མཆོག།
འཁྲུངས་པའི་དུས་བཟང་སྐྱེ་བོ་དབྱངས་གཅིག་གིས།།

གུས་པ་ཆེན་པའི་ལུས་ཀྱིས་ཕྱག་འཚལ་ནས།།
ངག་གིས་ཞབས་བརྟན་སྙན་པའི་དབྱངས་སུ་ལེན།།
ཡིད་ཀྱིས་མཆོད་པ་ཆོས་རྫས་རྟགས་བརྒྱད་ཕུལ།།
མི་དབང་ཚེ་ཡི་དངོས་གྲུབ་འབྱུང་བར་འདེབས།།


© བཀྲིས་ རྡོེ། སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ སྟག་རྩེ།

མི་མངམ་གིས་ ལྷག་མི་རྩོམ།

ཚེ་མི་རྟག་བསམ་དགོཔ། -བསོད་ནམས་ནོར་བུ།

The Power Of Love Song by Celine Dion

🍂History of Gomphu Kora in Tashi Yangtse District, under Tongjang Gewog.

ཤེས་ཡོན་མེད་པའི་དཔོན།

བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་སྐོར།

Topic Sentence and Thesis Statement: The Keystones of Organized Writing

ཚེ་མཚམས་རིན་པོ་ཆེ། Tsetsam Rinpoche (1922-2008)

རྣམ་དབྱེ་བརྒྱད། ༼ རྫོང་ཁ༽

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།