Skip to main content

ཁྲུས་བབས་ཀྱི་སྐོར།

 ཁྲུས་བབས་ཀྱི་སྐོར།

སྤང་རི་ཟམ་པ་ རྩིས་གཞུང་སྤེལ་ཁང་དང་འཁྲིལ་བ་ཅིན་ དུས་ཅི་གནམ་ལོ་ལྕགས་མོ་གླང་ལོ་ (2021) ནམ་ལངས་ཡོས་ཀྱི་༡ པ་ ཡོས་ཀྱི་ཟླ་བ་༡༢པ་ གསུམ་པོའི་བུམ་པ་གང་བའི་ཕྱོགས་འདི་ བྱང་ཕྱོགས་ལུ་ཕོག་ནི་དང་ ལག་འཁོར་ཆུ་ཚོད་ ༥:༣༧ སྔ་ (5:37 AM) ཚེས་༡༧ ཟླ་བ་༨ པའི་དབུགས་ཐོབ་ཡོདཔ་ལས་ཁྲུས་བབས་ཨིན། ཁྲུས་འདི་ སྤྱི་ཟླ་འདི་གི་ སྤྱི་ཚེས་ ༢༣ ལས་ ༣༠ ཚུན་ བདུན་ཕྲག་གཅིག་རིང་བབས་སྟེ་ར་ སྡོད་ནི་ཨིནམ་ལས་ ལུས་ངག་ཡིད་གསུམ་གྱི་ ལས་སྒྲིབ་དག་ཐབས་ལུ་བརྩོན་ཏེ་ ཁྲུས་གསོལ་མཛད་གནང་ ཟེར་ཞུ་དོ་ལགས།

རྒྱབ་ཁུངས་ངོ་སྤྲོད།

དེ་ཡང་ ཧེ་མ་འཇིག་རྟེན་གྱི་གནས་འདི་ རིམ་པ་བཞིན་དུ་སྦེ་ གྲུབ་ཚར་བའི་ཤུལ་ལུ་ སེམས་ཅན་གཅིག་མཐུན་གྱི་ བསོད་ནམས་དབང་གི་ ཉི་ཟླ་སྐར་གསུམ་འཇིག་རྟེན་གྱི་ཁམས་འདིར་ འཆར་བའི་དུས་སྐབས་འགོ་བཙུགས་ནུག དེ་ཚུ་གི་རྒྱལ་ཁར་སྐར་མ་རི༌ཥིའམ་ཁྲུས་སྐར་ཟེར་མི་ཅིག་ བྱུང་ཡོདཔ་བཞིན་དུ་ འདི་གི་འཆར་ལུགས་ཡང་ དབང་ཆེན་རིའི་རྒྱལ་པོ་རི་རབ་ཀྱི་ ཕྱེ་ཀ་ལས་ཕར་ གསེར་གྱི་རི་བོ་ གཉའ་ཤིང་འཛིན་གྱི་རི་བོ་རྩེ་རྒྱ་མཚོ་ལས་ དཔག་ཚད་གཉིས་ཁྲི་གིས་ མཐོ་བའི་གནམ་ཁ་ལས་ ཟླ་བ་དྲུག་ཉི་མ་ལུ་དང་ ཟླ་བ་དྲུག་ནུབ་མོ་ལུ་སྦེ་ཤར་ཡོདཔ་ཨིན་པས།

སྐར་མ་འདིའི་ངོ་བོ་ ཆུ་ཤེལ་གྱི་རང་བཞིན་ ནོར་བུ་ཀེ་ཏ་ཀ་ལས་གྲུབ་གྲུབཔ་ བཞེངས་ཚད་ རྒྱང་གྲགས་དྲུག་གི་ཚད་དང་ལྡན་པའི་གུ་ གསེར་གྱི་ས་གཞི་ལུ་ གསེར་གྱི་ར་བས་བསྐོར་བ་ ལྷའི་གྲོང་ཁྱེར་དང་ སྐྱེད་མོས་ཚལ་ལ་སོགས་པ་ ག་ནི་བ་ཉམས་དགའ་བས་བརྒྱན་པའི་ རྒྱུ་སྐར་འདི་རིམ་པ་བཞིན་དུ་ རི་རབ་བསྐོར་ཏེ་ ཤརཝ་ཨིན་མས།

གསེར་གྱི་རུ་བོ་ མུ་ཁྱུད་འཛིན་གྱི་ ལྷོ་ཕྱོགས་ཀྱི་རྒྱ་མཚོའི་དབུས་སུ་ དང་ཕུ་ལྷ་ཀླུ་གནོད་སྦྱིན་ དྲང་སྲོང་བདེན་པ་གྲུབ་པ་ཚུ་གིས་ རིན་པོ་ཆེ་སྣ་ཚོགས་ལ་ རྒྱལ་བ་རྣམ་པར་སྣང་མཛད་གྱི་ སྐུ་བརྙན་ཅིག་བཞེངས་ཏེ་ཡོད་མི་འདི་གི་ དབུའི་གཙུགས་ཏོར་ཡང་ ནོར་བུ་ཆུ་ཤེལ་ལས་གྲུབ་གྲུབཔ་ཨིན་མས། དེ་འབད་ནི་འདི་གིས་ ལོ་རེ་བཞིན་ཟླ་བརྒྱད་པའི་ནང་ ཚར་རེ་དབུགས་ཐོབ་དང་འཁྲིལ་ཏེ་ རྒྱུ་སྐར་རི་ཥི་འདི་སངས་རྒྱས་རྣམ་པར་སྣང་མཛད་དེའི་ དབུའི་གཙུག་ཏོར་གྱི་ ཐད་ཀའི་ནམ་མཁར་ལྷོད་དོ་ཡོདཔ་ཨིན་པས།

སྐར་མ་འདི་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ དབུའི་གཙུག་ཏོར་འབྱིད་དེ་ འགྱོ་ཚུགས་ཚུགས་ལུ་ ཞག་བདུན་འགོར་དོ་ཡོདཔ་ལས་ དེའི་རིང་ལུ་རྒྱལ་བ་རྣམས་ཀྱི་ཐུགས་སྐྱེད་དང་ དྲང་སྲོང་རྣམས་ཀྱི་བདེན་ཚིག་ སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཀྱི་སྟོབས་ལས་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ དབུའི་གཙུག་ཏོར་ཆུ་ཤེལ་གྱི་རང་བཞིན་ཅན་འདི་ལས་ བདུད་རྩིའི་རྒྱུན་ ཉིན་ཞག་བདུན་གྱི་རིང་ལུ་ འབབ་དོ་ཡོདཔ་ཨིནམ་མས།

བདུད་རྩིའི་རྒྱུན་གྱི་ཟེགས་མས་ ཁྱབ་པའི་འཛམ་གླིང་གི་ཆུ་ཕྲན་ཚུ་ཡང་ བདུད་རྩིའི་རང་བཞིན་དུ་ འགྱུར་དོ་ཡོདཔ་ལས་ དུས་དེ་དང་བསྟུན་ཏེ་ ཁྲུས་ལུ་བརྩོན་པ་ཅིན་ ང་བཅས་ར་གི་ ལས་གྲིབ་ བག་ཆགས་ངན་པ་ཚུ་དག་ནི་དང་ རྐྱེན་ངན་བར་ཆད་ ནད་ཡམས་རིམས་ཚད་ཚུ་ཞི་སྟེ་ བདེ་བ་ཕུན་སུམ་ཚོགས་པ་ འཐོབ་ནི་ཨིནམ་མས། 

བསྡུ་སྒྲིག་འབད་མི་ ཚེ་རིང་བསམ་གྲུབ།



Comments

མི་མངམ་གིས་ ལྷག་མི་རྩོམ།

Lungtenzampa or is it because we are Desuup? - Dorji Choden

WORLD WAR II (September 1, 1939, to September 2, 1945)

Save me - Sonam Tenzin(ST)

སྲིད་པ་འཁོར་ལོ།

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།