Skip to main content

ཇ་མཆོད། ལྟོ་མཆོད་དང་ ཆང་མཆོད།

 སྔ་དྲོའི་ཇ་མཆོད།

རྡོ་རྗེ་འཆང་ཆེན་ཏིལླི་ནཱ་རོ་དང་།། མར་པ་མི་ལ་སྒམ་པོ་མཐའ་ཙ་པ།། སྣ་ཕུ་པ་དང་དཔལ་ལྡན་འབྲུག་དང་།། བཀའ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ།། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས།། དྲག་པོའི་སྐུར་བཞེངས་རྟ་མཆོག་རོལ་པ་རྩལ།། སྙིགས་དུས་འགྲོ་བའི་དོན་དུ་སྐུར་སྤྲུལ་པ།། འབྲུག་སྒོམ་ཞིག་པོའི་ཞལ་དུ་མཆོད་པ་འབུལ།། འཇིག་རྟེན་དབང་ཕྱུག་ཐུགས་རྗེ་རླབས་འཕྲེང་དབུས།། རྒྱལ་ཀུན་མཁྱེན་བརྩེ་འདབ་སྟོང་རྒྱས་པ་ལ།། ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན།། ངག་དབང་རྣམ་རྒྱལ་ཞལ་དུ་མཆོད་པ་འབུལ།། དཔལ་ལྡན་བླ་མ་མཆོད་པའི་བྱིན་རླབས་ཀྱིས།། བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ།། ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་།། ཆོས་དང་བཀྲིས་འཕེལ་བར་མཛད་དུ་གསོལ།།

ཉིན་དགུང་གི་ལྟོ་མཆོད།

སྟོན་པ་བླ་མེད་སངྱས་རིན་པོ་ཆེ།། སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ།། འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ།། བླ་མེད་དཀོན་མཆོག་གསུམ་ལ་མཆོད་པ་འབུལ།། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ།། ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ།། དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན།། འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག། བདག་སོགས་འཁོར་བཅས་ཚེ་རབས་ཐམས་ཅད་དུ།། དཀོན་མཆོག་གསུམ་དང་ནམ་ཡང་མི་འབྲལ་ཞིང་།། དཀོན་མཆོག་གསུམ་པོ་རྒྱུན་དུ་མཆོད་པ་ཡིས།། དཀོན་མཆོག་གསུམ་གྱི་བྱིན་རླབས་འཇུག་པར་ཤོག།

ཕྱི་དྲོའི་ཚོགས་མཆོད།

ཧོཿ བཟའ་བཅའ་བཏུང་བ་ཡང་དག་རྫས།། གདོད་ནས་ཚོགས་ཀྱི་འཁོར་ལོ་མཆོད།། ༀ་ཨཱཿ ཧཱུྂ༔ དང་ཧ་ཧོ་ཧྲཱིཿ ཟག་མེད་འདོད་ཡོན་རྒྱ་མཚོར་བསྒྱུར།། བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི།། གདན་གསུམ་ཚང་བའི་ངོ་བོ་སྟེ།། དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ།། འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ།། རྡོ་རྗེ་དམ་ཚིག་བླ་ན་མེད།། བྱང་ཆུབ་སེམས་ཀྱི་སྤྲིང་ཆེན་པོར།། གཉིས་མེད་མཉམ་པའི་ངང་དུ་རོལ།། རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས།། ཟས་ཀྱི་སྒྲིབ་པར་མི་འགྱུར་ཞིང་།། གཏན་པ་མེད་པའི་སྦྱིན་བདག་ཀྱང་།། ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག། རང་ལུས་་རྒྱལ་བའི་དཀྱིལ་འཁོར་དུ།། ཚོགས་ཀྱི་འཁོར་ལོ་མཆོད་པ་ཡིས།། བདག་གཞན་འགྲོ་བ་མ་ལུས་པ།། དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག། སངྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་།། ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་།། དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཀྱིས།། ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག།

ཆང་མཆོད།

ༀ་ཨཱཿ ཧཱུྂ༔ ལན་གསུམ། མཆོད་དོ། ཕུད་ཐམས་ཅད་ཀྱི་ མངའ་བདག་རིགས་ཐམས་ཅད་ཀྱི་ དབང་ཕྱུག་དཀྱིལ་འཁོར་ཐམས་ཅད་ཀྱི་ གཙོ་བོ་དུས་གསུམ་སངྱས་ཐམས་ཅད་ཀྱི་ སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ རྩ་བརྒྱུད་ཀྱི་རྫེ་བཙུན་དཔལ་ལྡན་བླ་མ་དམ་པ་ མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་ པནྩ་ཨམྲི་ཏ་པཱུ་ཛ་ཁཱ་ཧི།

བྱ་བའི་རྒྱུད་ སྤྱོད་པའི་རྒྱུད་ རྣལ་འབྱོར་རྒྱུད་ རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་ པནྩ་ཨམྲི་ཏ་པཱུ་ཛ་ཁཱ་ཧི།

གནས་གསུམ་གྱི་དཔའ་བོ་དང་ མཁའ་འགྲོ་མ་རྣམས་དང་། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་ མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་ པནྩ་ཨམྲི་ཏ་པཱུ་ཛ་ཁཱ་ཧི།

དཔལ་མ་ཧཱ་ཀ་ལ་ ཁྲག་འཐུང་གི་རྒྱལ་པོ་ རྣལ་འབྱོར་གྱི་དགྲ་ལྷ་ དུག་གསུམ་གྱི་སྨན་པ་ གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་པོ་བྱ་རོག་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་ དམ་པ་ཆོས་སྐྱོང་བ་ མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་ པནྩ་ཨམྲི་ཏ་པཱུ་ཛ་ཁཱ་ཧི།

གཞན་ཡང་ ཡུལ་ཕྱོགས་འདི་ཉིད་ནང་གནས་པ་ལ་སོགས་ ལྷ་མ་སྲིན་སྡེ་བརྒྱད་ འགྲོ་བ་རིགས་དྲུག། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ་ པནྩ་ཨམྲི་ཏ་པཱུ་ཛ་ཁཱ་ཧི།



མི་མངམ་གིས་ ལྷག་མི་རྩོམ།

སྨོན་ལམ་ ༡༠༨ །

༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

Speech of APJ Abdul Kalam

𝐀 𝐋𝐨𝐧𝐠 𝐋𝐢𝐟𝐞 𝐏𝐫𝐚𝐲𝐞𝐫 𝐟𝐨𝐫 𝐊𝐲𝐚𝐛𝐣𝐞 𝐑𝐢𝐧𝐩𝐨𝐜𝐡𝐞, 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨 𝐓𝐫𝐮𝐥𝐤𝐮 𝐉𝐢𝐠𝐦𝐞 𝐂𝐡𝐨𝐝𝐫𝐚𝐤.

འབྲུག་རྒྱལ་བཞི་པ་མཆོག་ལུ་བསྟོད་དབྱངས་སྙིང་བསྡུས།

Shechen Rabjam Rinpoche

Topic Sentence and Thesis Statement: The Keystones of Organized Writing

འཛུམ་འཛུམ་་་་་་

ཕུན་ཚོགས་གླིང་གི་འཁྲུལ་སྣང་། Sorrows of Phuntsholing

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།