Skip to main content

བར་དོའི་སྨོན་ལམ།

 
ཞག་དང་པ།
ཀྱེ་མ་གཏི་མུག་དྲག་པོས་འཁོར་བར་འཁྱམས་པའི་ཚེ།།
ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལ། 
བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ་དྲོངས། 
ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས་སྐྱོར། 
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསལ། 
ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།

ཞག་གཉིས་པ།
ཀྱེ་མ་ཞེ་སྡང་དྲག་པོས་འཁོར་བར་འཁྱམས་པའི་ཚེ། 
མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ། 
བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས། 
ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོར། 
བར་དོ་འཇིགས་པའི་འཕྲང་ལས་བསྒྲོལ་དུ་གསོལ།
ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།

ཞག་གསུམ་པ།
ཀྱེ་མ་ང་རྒྱལ་དྲག་པོས་འཁོར་བར་འཁྱམས་པའི་ཚེ།
མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ལམ་ལ། 
བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས། 
ཡུམ་མཆོག་མཱ་མ་ཀཱི་ཡིས་རྒྱབ་ནས་སྐྱོར། 
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ།
 ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།

ཞག་བཞི་པ།
ཀྱེ་མ་འདོད་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །
སོར་རྟོགས་ཡེ་ཤེས་གསལ་བའི་འོད་ལམ་ལ། །
བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངས། །
ཡུམ་མཆོག་གོས་དཀར་མོ་ཡིས་རྒྱབ་ནས་སྐྱོར། །
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །
ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །

ཞག་ལྔ་པ།
ཀྱེ་མ་ཕྲག་དོག་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །
བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ལམ་ལ། །
བཅོམ་ལྡན་དོན་ཡོན་གྲུབ་པས་ལམ་སྣ་དྲུངས། །
ཡུམ་མཆོག་དམ་ཚིག་སྒྲོལ་མས་རྒྱབ་ནས་སྐྱོར། །
བར་དོ་འཇིགས་པའི་འཕྲལ་ལས་བསྒྲལ་དུ་གསོལ། །
ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །

ཞག་དྲུག་པ།
ཀྱེ་མ་དུག་ལྔ་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །
ཡེ་ཤེས་བཞི་སྦྱོར་གསལ་བའི་འོད་ལམ་ལ། །
བཅོམ་ལྡན་རྒྱལ་བ་རིགས་ལྔའི་ལམ་སྣ་དྲོངས། །
ཡུམ་མཆོག་རིགས་ལྔའི་ཡུམ་གྱིས་རྒྱབ་ནས་སྐྱོར། །
མ་དག་རིགས་དྲུག་འོད་ལམ་བསྒྲལ་དུ་གསོལ། །
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་ནས་ཀྱང་། །
དག་པའི་ཞིང་མཆོག་ལྔ་རུ་བསྐྱལ་དུ་གསོལ། །

ཞག་བདུན་པ།
ཀྱེ་མ་རིན་འཛིན་ལྷ་ཚོགས་རྣམས་ཀྱང་དགོངས་སུ་གསོལ། །
བརྩེ་བ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །
བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །
ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ། །
དཔའ་བོ་རིག་འཛིན་རྣམས་ཀྱིས་ལམ་སྣ་དྲོངས། །
ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར། །
བར་དོ་འཇིགས་པའི་འཕྲང་ལམ་བསྒྲལ་ནས་ཀྱང་། །
དག་པ་མཁའ་སྤྱོད་ཞིང་ཁམས་དེ་རུ་སྐྱོལ། །

མི་མངམ་གིས་ ལྷག་མི་རྩོམ།

𝗣𝗮𝘀𝘁 𝗟𝗶𝗳𝗲 𝗕𝗶𝗼𝗴𝗿𝗮𝗽𝗵𝘆 𝗼𝗳 𝗛.𝗘. 𝗚𝗼𝗻𝗽𝗼 𝗧𝘂𝗹𝗸𝘂 𝗥𝗶𝗻𝗽𝗼𝗰𝗵𝗲 (Khenpo Jigme Yönten Gönpo, 1899–1959)

Action Research Proposal Framework

Dolung Goenpa

ཚེ་མཚམས་རིན་པོ་ཆེ། Tsetsam Rinpoche (1922-2008)

Gomphu Kora: The Great Circumambulation at Gomphu

རྒྱལ་སྲས་ལག་ལེན་གྱི་རྩ་བ་འགྲེལ་པ། རྫོང་ཁ།

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།