Skip to main content

སྙིང་རྗེ་མེད་པའི་འཆི་བདག།

🇧🇹

༉ སྙིང་རྗེ་མེད་པའི་འཆི་བདག་གཤིན་རྗེ་གིས།།
     གཏན་འཁེལ་མེད་པའི་ལུས་ཀྱི་ཕོ་བྲང་ལས།།
       བལ་བ་ཡངས་པའི་ཚེ་སྲོག་འབག་པའི་དུས།།
         ས་ཐག་མི་རིང་རང་གི་ཕང་མ་ཨིན།།
             མི་ལུས་རིན་ཆེན་ཐོབ་པའི་དུས་སྐབས་ལུ།།
        དམ་ཆོས་མ་གྲུབ་སྔོན་ལས་འཆི་བདག་གིས།།
    ལུས་སེམས་སོ་སོར་ཕྱེར་ན་མནོ་མ་ཚུགས།།
འདི་བ་རྩ་རྒས་ང་བཅས་མི་འོང་ག། 
   ཤན་པས་མ་ཧེ་ཆ་རོགས་གསོད་པའི་སྐབས།།
      འདི་ལུ་བལྟ་སྟེ་སྡོད་པ་ཁུངས་ཅིག་མེད།།
         འདི་ཁར་འདྲོག་སྟེ་སྡོད་པ་མི་ཕན་འོང་།།
           འདི་ལས་བྱོག་པའི་ཐབས་ཅིག་སྟོན་དགོཔ་ཨིན།།
              ཕྱི་ལས་དམར་སེར་གྱོན་པའི་ཆོས་པ་ཟེར།།
           རང་གཞན་ཕན་པའི་བསམ་བཟང་མེད་པ་ཅིན།།
     ལག་དུམ་བྲག་ལུ་འཛེག་པའི་སྒོམ་ཆེན་འདྲ།།
ཐར་པའི་ས་བོན་རྒྱང་ལུ་ལུས་འོང་མས།།
    ཚེ་ལུ་རང་དབང་མེད་མི་ང་བཅས་ཚུ།།
      དམ་ཆོས་ཚུལ་བཞིན་གྲུབ་ན་འདི་རང་རབ།།
        འདི་མེན་ཆོས་ཀྱིས་རང་ཡང་དམྱལ་བ་ལུ།།
         འཁྱིད་པའི་རྒྱུ་ཨིན་མཁས་པས་གསུངས་བཞག་ནུག།
            ཆགས་སྡང་མེད་འཆི་བདག་མ་འོངམ་ལས།།
         ཕྱི་མའི་ལམ་ཅིག་འཚོལ་ན་མི་དྲག་ག།
     འབག་ནི་ཁབ་ཡང་མེད་པའི་དུས་ཤར་ན།།
ད་རིས་ནོར་གཞན་བསྒྲུབས་ཏེ་ཁུངས་འདུག་ག།
   སྔ་ཕྱིར་ཕུན་སུམ་ཚོགས་པའི་རྒྱུ་དངོས་འདི།།
      རང་གི་རྒྱུད་ལུ་བསོད་ནམས་བསགས་དགོ་ན།།
        ཆགས་སྡང་ཆེ་བའི་འཛམ་གླིང་འདི་ནང་ལུ།།
          ཞེན་ཆགས་ཆེ་བའི་ཁྲག་ཚུ་གང་མ་བཅུག།
             དུས་ངན་འཆི་བའི་ལམ་ལུ་ཚུད་པའི་སྐབས།།
        སྐྱབས་གཞན་མི་འདུག་དམ་པའི་ཆོས་རང་ཨིན།།
    ཚེ་སྲོག་མི་རྟག་རླུང་གིས་མ་འབགཔ་ལས།།
དོན་དང་ལྡནམ་ཅིག་བཟོ་གནང་ཨ་རོགས་ཚུ།།



Comments

མི་མངམ་གིས་ ལྷག་མི་རྩོམ།

Atomic Habits- James Clear(Book Review)

འབྲུག་རྒྱལ་ཁབ་ཀྱི་མིང་མ་འདྲཝ་བཏགས་ཚུལ་གྱི་སྐོར།

Shechen Rabjam Rinpoche

ཕུན་ཚོགས་གླིང་གི་འཁྲུལ་སྣང་། Sorrows of Phuntsholing

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།