Skip to main content

སློབ་རིམ་༡༢་པའི་ རྒྱལ་ཡོངས་ཆོས་རྒྱུགས། ༢༠༡༨ ཡི་གུའི་སྡེབ་སྦྱོར།

 སློབ་རིམ་༡༢་པའི་ རྒྱལ་ཡོངས་ཆོས་རྒྱུགས། ༢༠༡༨ ཡི་གུའི་སྡེབ་སྦྱོར།
ཀ་རྟགས་གུ་སྒོར་ཐིག་བཀལ།
༡༽ ཐེ་ཚོམ་གསལ་བྱེད་ཀྱི་སྒྲ།
ལན་ སོང་། ག ན། སྨོ། ས། ཚུ་ཨིན།
 
༢༽ བྱ་ཚིག་གི་ཚིག་གྲོགས་༼ནི་ འོང་ གེ༽ གསུམ་དུས་་་་་་
ལན་ མ་འོངས་པ་ལུ་འཇུགཔ་ཨིན།
 
༣༽ ཕྲད་དང་རྣམ་དབྱེ་གིས་་་་་་་་་་
ལན་ ཡི་གུའི་སྦྱོར་བ་ཤེས་ཚུགས།
 
༽ འབད་དང་སྦེ་གཉིས་ཀྱི་ ཁྱད་པར་འདི་་
ལན་ ལཱ་ཡོད་མེད་ལུ་བལྟ་སྟེ་ཤེས་ཚུགས།
 
༽ དངུལ་ལས་ གསེར་གོང་མཐོ་ ཟེར་བའི་ དཔེར་བརྗོད་འདི་
ལན་ འགྲན་བསྡུར་གྱི་ཁྱད་རིམ་ཨིན།
 
༼ལན་ཐུང་གི་དྲི་བ།༽
༡༽ མཚུངས་པ་གསལ་བྱེད་ཀྱི་སྒྲ་ ལྟ་བུ། དོ་མི་མཉམ། གཉིས་བཙུགས་ཏེ་ དཔེར་བརྗོད་རེ་རེ་རྐྱབ།
ལན་ ༡༽ གོང་གསལ་ལྟ་བུ་འབད་དགོ ༢༽ གསེར་དང་ལྕགས་དོ་མི་མཉམ།
 
༢༽ རྣམ་དབྱེ་གཉིས་པ་ ལས་སུ་བྱ་བ་དང་ ཡུལ་ལས་དབྱེར་མེད་ཀྱི་ དཔེར་བརྗོད་རེ་རྐྱབ།
ལན་ ༡༽ ཀྲོང་གསར་ལུ་སོང་། ཤར་ཕྱོགས་ལུ་སྡོད། ༼ལས་སུ་བྱ་བ༽
   ༢༽ ཤིང་སེརཔོ་ལུ་འགྱུར། མི་ལྷ་ལུ་སྤྲུལ ༼ཡུལ་ལས་དབྱེར་མེད༽
 
༣༽ དངོས་པོ་བདག་གཞན་གི་དཔེར་བརྗོད་རེ་རེ་བཀོད།
ལན་ ཚེ་རིང་གིས་ཤིང་གཅད་པའི་བསྒང་། ༼དངོས་པོ་བདག༽ ཚེ་རིང་གིས་གཅད་ནི་ཨིནམ་པའི་ཤིང་། ༼དངོས་པོ་གཞན༽ ཤིང་རིམ་གྱིས་གཅད་དེ་གྱལ་མི་འདི་ བྱ་ཡུལ་གྱི་ལས་འབདཝ་ལས་ འདི་ཡང་ དངོས་པོ་གཞན་ནང་བསྡུཝཨིན།
 
༤༽ བྱ་བའི་ཡུལ་དང་འབྲེལ་བའི་ལས་དང་ བྱེད་འབྲེལ་གྱི་ལས་ དེ་གཉིས་ཀྱི་དཔེར་བརྗོད་རེ་རེ་བཀོད།
ལན་  ༼བྱེད་འབྲེལ་གྱི་ལས༽ པདྨ་གིས་ཞིང་རྨོ།
ཞིང་རིམ་གྱིས་རྨོ་སྟེ་ཚར་སོ་ཡི། ༼བྱ་བའི་ཡུལ་དང་འབྲེལ་བའི་ལས༽
 
༥༽ སྔོན་འཇུག་ཕོ་བ་དང་ མོ་འ་གིས་འཇུག་པའི་ དཔེར་བརྗོད་རེ་རྐྱབ།
ལན་ ༡༽ བདག ༢༽ འདོགས།
 
༦༽ ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། མ་ནི་གཉིས་ཀ་ད་ལྟར་ཆེད།། མོ་ནི་བདག་དང་མ་འོང་ཕྱིར།། ཟེར་མིའི་ཚིག་རྐང་གསུམ་པོའི་ གོ་དོན་བྲིས།
ལན་་ སྔོན་འཇུག་ཕོ་༼བ༽འདི་གིས་ དུས་འདས་པ་དང་ དངོས་པོ་གཞན་ལུ་འཇུག་པའི་ཁར་ མ་ནིང་༼ག་ད༽ གཉིས་ཀྱིས་ དངོས་པོ་བདག་གཞན་དང་ དུས་ད་ལྟ་བ་ལུ་འཇུགཔ་ཨིན། སྔོན་འཇུག་མོ་༼འ༽གིས་ དངོས་པོ་བདག་དུས་ད་ལྟ་བ་དང་ དངོས་པོ་གཞན་དུས་མ་འོངས་པ་ལུ་ཡང་ འཇུགཔ་ཨིན་ཟེར་བའི་དོན་ཨིན།
 
༧༽ བྱ། བྱེད། ལས། གསུམ་གྱི་ ཁྱད་པར་སོ་སོར་ཕྱེས་ཏེ་བྲིས།
ལན་

བྱ།

བཀྲིས་ཀྱིས་ལྟོ་བཟའ།

བྱེད།

ལྟོ་བཟའ་མི། བྱེད་པ་པོ༼བཀྲིས༽

ལས།

བྱ་བའི་ཡུལ་ བཟའ་ནིའི་ལྟོ།

 
༨༽ སྦྱར་བྱ་ཡི་གུའི་རྣམ་གཞག་དང་ སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་གཉིས་ལུ་ ཁྱད་པར་ག་ཅི་རང་འདུག?
ལན་ སྦྱར་བྱ་ཡི་གུའི་རྣམ་གཞག་འདི་ སྤྱིར་བཏང་ དབྱངས་དང་གསལ་བྱེད། མགོ་ཅན། འདོགས་ཅན། སྔོན་རྗེས ཡང་འཇུག་ལ་སོགས་པའི་ཡི་གུའི་རྣམ་གཞག་ལུ་གོཝ་ཨིནམ་ལས་ འདི་ཚུ་ལུ་བརྟེན་ཏེ་ མིང་ཚིག་བརྗོད་པའི་རྣམ་གཞག་ཚུ་ འགྲུབ་དགོཔ་ལས་ སྦྱར་བྱ་ཡི་གུའི་རྣམ་གཞག་ཟེར་གོཝ་ཨིན་རུང་ སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་འདི་ ཚིག་ཕྲད་ སླར་བསྡུ། རྒྱན་བསྡུད། ལྷག་བཅས། འབྱེད་སྡུད། དགར་སྡུད། ནི་སྒྲ། དང་སྒྲ། དེ་སྒྲ། སྤྱི་སྒྲ། བདག་སྒྲ། དགག་སྒྲ།   དང་ རྣམ་བྱེད་བརྒྱད་ཡོད་པའི་ནང་ལས་ རྗེས་འཇུག་ལུ་ལྟོས་དགོ་པའི་ ཕྲད་གཞན་དབང་ཅན་དང་ རྗེས་འཇུག་ལུ་ལྟོས་མ་དགོ་པའི་ ཕྲད་རང་དབང་ཅན་ཟེར་དབྱེ་བ་ཕྱེས་ཏེ་ཡོདཔ་ཨིན།
༩༽ ཡི་གུའི་སྦྱོར་བ་ཤེས་པ་ཅིན་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་ག? ག་ཅི་སྦེ?
ལན་ ཡི་གུའི་སྦྱོར་བ་ཤེས་པ་ཅིན་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་པའི་དགོས་པ་འདུག་ འདི་ཡང་ ང་བཅས་ཆོས་དང་འཇིག་རྟེན་གྱི་བྱ་བ་ ག་ཅི་བཟུམ་འབད་རུང་ འཆད་རྩོད་རྩོམ་གསུམ་གྱི་བྱ་བ་འདི་ ཁག་ཆེཝ་ལས་ འདི་ནང་ དགོ་པའི་ལག་ཆ་ངོ་མ་འདི་ ཡི་གུའི་སྦྱོར་བ་འདི་ཨིནམ་པས། འདི་འབདཝ་ལས་ ཡི་གུའི་སྦྱོ་བ་འདི་ཤེས་པ་ཅིན་ འབྲི་ལྷག་དང་སླབ་ནི་ལུ་ དཀའ་ངལ་མེད་པར་ འབད་ཚུགསཔ་ལས་ རང་མགོ་རང་གིས་ འདྲོངས་ཚུགས་ནིའི་དགོས་པ་འདུག
 
༡༠༽ འོག་གི་ རྗོད་ཚིག་གི་མཐའ་མར་ ཕྲད་དང་རྣམ་དབྱེ་བཀོད་ཡོད་མི་ཚུ་ འོས་བབས་དང་འཁྲིལ་ཏེ་ ངོས་འཛིན་འབད་ཞིན་ན་ ས་སྟོང་ནང་བཙུགས།
 

ཁྱེད་ཀྱི་ལས་འགུལ་འདི་བསྐྱར་ཞིབ་འབད་ནི་གི་དོན་ལུ་ མགོ་ལས་མཇུག་ཚུན་ དབྱེ་ཞིབ་འབད་ནི་ཨིན།

ཁྱོད་རའི་དྲིན་ཅན་གྱི་ཕམ་དང་སློབ་དཔོན་ལུ་ ཞབས་ཏོག་གང་དྲག་ཞུ་སྟེ་བཀྲིན་བསམ་ཤེསཔ་འབད་དགོ

ཚིག་གཅིག་གིས་དོན་ལེ་ཤ་འཐེབ་བཀལ་ཏེ་ སླབ་དོ་བཟུམ་གོ་བཏུབ་མི་ཅིག་ལུ་ ངེས་བཟུང་བརྣན་པ་ཟེར་སླབ་ཨིན།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་ འཛམ་གླིང་ནང་ལུ་ལྟ་བ་ ལེ་ཤ་ཡོད་པའི་ནང་ལས་ཁྱད་པར་འཕགས་པ་དང་ མཆོག་ཏུ་གྱུར་པ་ཅིག་ཨིན།

ད་རེས་འབདན་ ལཱ་འདི་ མཇུག་བསྡུ་ནིའི་དུས་ཚོད་ རན་ཆི་ཡི་མས།

 
 




 

མི་མངམ་གིས་ ལྷག་མི་རྩོམ།

𝗣𝗮𝘀𝘁 𝗟𝗶𝗳𝗲 𝗕𝗶𝗼𝗴𝗿𝗮𝗽𝗵𝘆 𝗼𝗳 𝗛.𝗘. 𝗚𝗼𝗻𝗽𝗼 𝗧𝘂𝗹𝗸𝘂 𝗥𝗶𝗻𝗽𝗼𝗰𝗵𝗲 (Khenpo Jigme Yönten Gönpo, 1899–1959)

𝗧𝗿𝗮𝗻𝘀𝗹𝗮𝘁𝗶𝗼𝗻 𝗼𝗳 𝗛𝗶𝘀 𝗠𝗮𝗷𝗲𝘀𝘁𝘆'𝘀 𝗔𝗱𝗱𝗿𝗲𝘀𝘀 𝘁𝗼 𝘁𝗵𝗲 𝗡𝗮𝘁𝗶𝗼𝗻 - 𝗡𝗮𝘁𝗶𝗼𝗻𝗮𝗹 𝗗𝗮𝘆 𝟮𝟬𝟮𝟱

🍂History of Gomphu Kora in Tashi Yangtse District, under Tongjang Gewog.

Lungtenzampa or is it because we are Desuup? - Dorji Choden

ཕུན་ཚོགས་གླིང་གི་འཁྲུལ་སྣང་། Sorrows of Phuntsholing

Bokha Dzong

Dolung Goenpa

WORLD WAR II (September 1, 1939, to September 2, 1945)

The Impact of Parental Behavior on Children

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།