Skip to main content

སློབ་རིམ་བཅུ་པའི་ སྐད་ཡིག་དང་འབྲེལ་བའི་དྲི་ལན།

 


སློབ་རིམ་བཅུ་པའི་སྐད་ཡིག་དང་འབྲེལ་བའི་དོན་ཚན།

༡ སྐད་ཡིག་འདི་དཔེ་ག་ཅི་ལུ་བཞག་ནུག
ལན- སྐད་ཡིག་འདི་ དཔེ་འཛམ་གླིང་གི་མུན་པ་སེལ་ ཚུགས་པའི་ ཉི་མ་ལུ་བཞག་ནུག
༢ སྐད་ཡིག་འདི་གིས་ག་ཅི་ལུ་ར་ཕན་ཐོགས་པས།
ལན- སྐད་ཡིག་འདི་གིས་ མི་དང་མི་གི་བར་འབྲེལ་བ་འཐབ་ནི་དང་། རྒྱལ་ཁབ་དང་རྒྱལ་ཁབ་ གཉིས་ཀྱི་བར་ན་མཐུན་འབྲེལ་ བཞག་ནི་དང་། རྒྱལ་ཁབ་ནང་འཁོད་ལུང་ཕྱོགས་སོ་སོའི་མི་དང་འབྲེལ་བ་བཞག་ནི། མཁས་པ་ཚུ་གིས་ ཉམས་མྱོང་བརྗེ་སོར་ འབད་ནི་དང་ ཡིག་ཐོག་ལུ་བཀོད་དེ ་མ་འོངས་བུ་རྒྱུད་ཚུན་སྤེལ་ ཚུགས་པའི་ཕན་པ་ཡོད།
༣ སྡེབ་སྦྱོར་ཅན་གྱི་ཡི་གུ་དང་ རི་མོ་ཅན་གྱི་ཡི་གུ་གཉིས་ལུ་ ཁྱད་པར་ག་དེ་སྦེ་ཡོདཔ་སྨོ? དཔེ་དང་བཅསཔ་ འབད་བྲིས།
ལན-སྡེབ་སྦྱོར་ཅན་གྱི་ཡི་གུ་ཟེར་མི་འདི་ དོན་གཅིག་ལུ་མིང་གི་རྣམ་གྲངས་སོ་སོ་ཡོད་མི་། དཔེར་ན། མེ་ཏོག་པདྨ་ཟེར་སླབ་ནིའི་ དོན་ལུ་མིང་སོ་སོ་དཔེར་ན་ ཆུ་སྐྱེས། འདམ་སྐྱེས་ལ་སོགས་པ་དང་ བརྗོད་སྒྲ་འདྲ་རུང་ཡིག་སྡེབ་ མ་འདྲཝ་སོ་སོ་འབད་ འབྲི་སྲོལ་ཡོད་མི་ དཔེར་ན། བཀའ། དཀའ། རྐ བསྐ ལ་སོགས་པ་ཚུ་ཡོདཔ་ཨིན།
རི་མོ་ཅན་གྱི་ཡི་གུ་ཟེར་མི་འདི་ རི་མོའི་སྒོ་ལས་ བརྡ་དོན་སྤྲོད་ལེན་འབད་ ཚུགས་མིའི་ཡིག་རིགས་ལུ་ སླབ་ཨིན་མས། དཔེར་ན། རྒྱ་ནག་གི་ཡི་གུ རི་མོ་གིས་ཐོག་ལས་བརྡ་སྤྲོད་ཚུགས་མི་དཔེར་ན། སྲིད་པ་འཁོར་ལོ་ བཟུམ་ཅིག་ལུ་གོ་ནི་ཨིན་མས།
༤ ཁ་སྐད་དང་སྐད་ཡིག་གཉིས་ལས་ ག་དེ་དྲག་སྨོ?ཁུངས་བྲིས།
ལན- ཁ་སྐད་ཟེར་མི་འདི་ ཁ་ལས་སླབ་ནི་ཡོད་མི་རྐྱངམ་གཅིག་ མ་གཏོགས་ ཡིག་ཐོག་ལུ་མེད། སྐད་ཡིག་ཟེར་མི་འདི་ ཁ་ལས་སླབ་ནི་ ཡོད་པའི་ཁ་ ཡིག་ཐོག་ལུ་ཡང་བྲིས་སྲོལ་ཡོད་མི་ཅིག་ལུ་སླབ་ཨིན།
དཔེར་ན། རྫོང་ཁ། དེ་གཉིས་ལས་ སྐད་ཡིག་འདི་དྲག་ཟེར་ཞུ་ནི་ཨིན། དེ་ཡང་ སྐད་ཡིག་འདི་གིས་ ཁ་ལས་ག་ཅི་སླབ་ནི་ ཡོད་མི་འདི་ ཡིག་ཐོག་ལུ་ བཀོད་དེ་ དུས་ཡུན་རིངམོ་འབད་ སེམས་ཁར་ལས་ མ་བརྗེད་པར་བཞག་ ཚུགསཔ་མ་ཚད་ མི་མཁས་པ་ཚུ་གིས་ཉམས་མྱོང་ཚུ་ཡང་ ཡིག་ཐོག་ལུ་བཀོད་དེ་ བརྗེ་སོར་འབད་ཚུགསཔ་ཨིན། དེ་ལས་གཞན་ཡང་ མི་སྡེའི་བར་ན་ཡང་ གོ་བརྡ་སྤེལ་ནི་དང་མཐུན་ལམ་དམ་ཟབ་ འབད་བཞག་ཚུགསཔ་ལས་ ཁ་སྐད་ལས་སྐད་ཡིག་འདི་དྲག་ཟེར་ སླབ་ནི་ཨིན།
༥ སྐད་ཡིག་ཟེར་མི་འདི་ ག་བཟུམ་ཅིག་ལུ་སླབ་སྨོ?
ལན- སྐད་ཡིག་ཟེར་མི་འདི་ ཁ་ལས་སླབ་ནི་ཡོད་པའི་ཁར་ ཡིག་ཐོག་ལུ་ཡང་འབྲི་ནི་ཡོད་མི་ཅིག་ལུ་སླབ་ཨིན། དཔེར་ན། སྐད་ཡིག་ རྫོང་ཁ་བཟུམ་ཅིག་ལུ་གོ
༦ སྐད་ཡིག་འདི་ལུ་ཡིད་ཆེས་དང་རྩིས་ཁུངས་མེད་པ་ཅིན་ འབྲས་བུ་ག་ཅི་བཟུམ་ཅིག་འཐོན་འོང་ག? བསམ་འཆར་བཀོད?
ལན- སྐད་ཡིག་འདི་ལུ་ ཡིད་ཆེས་དང་རྩིས་ཁུངས་མེད་པ་ཅིན་ འབྲུག་རྒྱལ་ཁབ་ནང་གི་ རྩྭ་ཟ་ཆུ་འཐུང་སྦེ་ སྡོད་ཚར་བའི་ཤུལ་ལས་ སྐད་ཡིག་ལུ་ཡིད་ཆེས་དང་རྩིས་མཐོང་མེད་པ་ཅིན་ ཕྱི་རྒྱལ་གྱི་མི་ཚུ་གིས་ འབྲུག་གི་ སྐད་ཡིག་ལུ་ བརྩི་མཐོང་དང་ཡིད་ཆེས་བསྐྱེད་མིའི་ དཔེ་མི་སྲིདཔ་ལས་ རང་གི་རྒྱལ་ཁབ་ཀྱི་རང་བཙན་དང་ མི་སྡེའི་བར་ན་ མཐུན་ལམ་ ཡར་རྒྱས་གཏང་ནི་དང་ མི་རིགས་མ་འདྲཝ་ཚུ་ལུ་ སྐད་ཡིག་ཐོག་ལས་ གོ་བརྡ་ལེགས་ཤོམ་སྤེལ་ཚུགསཔ་བཟོ་ནི་ཚུ་ག་ར་ སྐད་ཡིག་ལུ་ བརྟེན་ཏེ་སྒྲུབ་དགོཔ་ཨིན་མས། ག་དེམ་ཅིག་སྦེ་ སྐད་ཡིག་ལུ་ཡིད་ཆེས་དང་ བརྩི་ཁུངས་མེད་པ་ཅིན་ རྒྱལ་ཁབ་ཀྱི་རང་བཙན་དང་མི་སྡེའི་ བར་ན་ཞི་བདེ་ཟེར་མི་འདི་ རྩ་ལས་བྱུང་མི་ཚུགས་ནི་ཨིནམ་ལས་ སྐད་ཡིག་ལུ་ ཡིད་ཆེས་དང་རྩིས་ཁུངས་དགོཔ་ཨིན།
༧ སྐད་ཡིག་ཤེས་མི་འདི་དང་མ་ཤེས་མི་གཉིས་ལུ་ ཁྱད་པར་ ག་ཅི་བཟུམ་འོང་ནི་མས?
ལན- སྐད་ཡིག་ཤེས་མི་འདི་དང་ མ་ཤེས་མི་གཉིས་ལུ་ཁྱད་པར་ཡང་ སྐད་ཡིག་ཤེས་མི་འདི་གིས་ རང་གི་ སེམས་ཁར་མནོ་མི་ཚུ་ ཁ་ལས་སླབ་ ཚུགས་མ་ཚད་ཡིག་ཐོག་ལུ་ཡང་བྲིས་ཏེ་གོ་བརྡ་སྤེལ་ཚུགསཔ་ཨིན།
སྐད་ཡིག་མ་ཤེས་མི་བཟུམ་ཅིག་ཨིན་པ་ཅིན་ ཁ་སླབ་སྟེ་གོ་བ་སྤྲོད་ཚུགས་རུང་ ཡིག་ཐོག་ལུ་བྲིས་མ་ཤེསཔ་ལས་ ཕར་ལོགས་མའི་མི་གི་རྒྱུད་ལུ་ དུས་ཡུན་ཐུང་ཀུ་ཅིག་གི་དོན་ལུ་རྐྱངམ་ཅིག་ གོ་བརྡ་སྤེལ་ ཚུགསཔ་ཨིན།
༨ རྒྱལ་སྤྱིའི་སྐད་ཡིག་དང་ རྒྱལ་ཡོངས་སྐད་ཡིག་གཉིས་ དབྱེ་བ་དཔྱད་དེ གོ་བསྡུར་འབད་ཞིནམ་ལས་ ཁྱད་པར་དུམ་གྲ་ཅིག་བྲིས།
ལན- རྒྱལ་སྤྱིའི་སྐད་ཡིག་ཟེར་མི་འདི་ འཛམ་གླིང་རྒྱལ་ཁབ་ག་ཏེ་ལུ་ ཡང་གོ་བརྡ་སྤེལ་ཚུགས་པའི་ སྐད་ཡིག་ཅིག་ལུ་སླབ་ཨིན། རྒྱལ་སྤྱི་སྐད་ཡིག་གིས་ རྒྱལ་ཁབ་དང་རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་འབྲེལ་ཡར་དྲག་ གཏང་ཚུགསཔ་མ་ཚད་ ཕྱི་རྒྱལ་གྱི་གྲོགས་རམ་ ཚུ་ཡང་ཐོབ་ཚུགསཔ་ཨིན། རྒྱལ་ཡོངས་སྐད་ཡིག་བཟུམ་ཅིག་ཨིན་པ་ཅིན་ རང་སོའི་རྒྱལ་ཁབ་ནང་འཁོད་ཀྱི་མི་སེར་ཚུ་རྐྱངམ་གཅིག་ གོ་བརྡ་སྤེལ་ཏེ་མཐུན་ལམ་བཟོ་ཚུགས་ནི་ལུ་ འོས་བབ་ཡོདཔ་ མ་གཏོགས་ རྒྱལ་སྤྱི་མཐུན་འབྲེལ་བཟོ་ཚུགས་པའི་ནུས་པ་མེདཔ་ཨིན།
༩ རྫོང་ཁ་འདི་ རྒྱལ་ཡོངས་སྐད་ཡིག་འབད་ རྒྱལ་པོ་ག་གིས་ སྲོལ་གཏོད་མཛད་གནང་ནུག?
ལན- རྫོང་ཁ་འདི་ རྒྱལ་ཡོངས་སྐད་ཡིག་འབད་ འབྲུག་རྒྱལ་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ སྲོལ་གཏོད་གནང་ནུག
༡༠ རྒྱལ་ཁབ་ནང་ རྒྱལ་ཡོངས་སྐད་ཡིག་འདི་མེད་པ་ཅིན་ གནོད་པ་ག་ཅི་ར་འོང་ནི་ཨིན་མས། གནད་དོན་༢ བྲིས།
ལན- རྒྱལ་ཡོངས་སྐད་ཡིག་འདི་མེད་པ་ཅིན་ རྒྱལ་ཁབ་ནང་འཁོད་ཀྱི་ ལུང་ཕྱོགས་སོ་སོའི་མི་སྡེ་ནང་ལུ་ གོ་བརྡ་སྤེལ་ མ་ཚུགས་པའི་ཁར་ མཐུན་ལམ་གཅིག་སྒྲིལ་བཟོ་ནི་ལུ་ཡང་ལཱ་ཁག་ཡོདཔ་ཨིན། དེ་ལས་ རྒྱལ་ཡོངས་སྐད་ཡིག་ནང་མེན་པར་ རང་སོའི་ཁ་སྐད་ནང་སླབ་པ་ཅིན་ གོ་བརྡ་བརྡ་ལོག་འབད་གོ་སྟེ་ ལུང་ཕྱོགས་སོ་སོའི་མི་སེར་མི་ཚུ་གི་བར་ན་ འཛིང་འཁྲུག་ བྱུང་སྲིད་ནི་ཨིནམ་མ་ཚད་ འཛིང་འཁྲུག་བྱུང་བའི་བསྒང་ལས་ རྒྱལ་ཁབ་ཀྱི་ཞི་བདེ་དང་རང་བཙན་ སྲུང་སྐྱོབ་བཞག་ནི་ལུ་ གནོད་པ་བྱུངམ་ཨིན།
༡༡ སྐད་ཡིག་དང་ཡི་གུ་གཉིས་ལུ་ཁྱད་པར་ག་ཅི་ཡོདཔ་སྨོ?
ལན- སྐད་ཡིག་འདི་ མིང་ཚིག་ཡི་གུ་མ་བརྟེན་པར་ སྐད་ཡིག་ཟེར་སྒྲུབ་ཐབས་རྩ་ལས་མེདཔ་ཨིན། སྐད་ཡིག་འདི་ ཡི་གུ་ལུ་གཞི་རྟེན་ འབད་དེ་བྲིས་དགོཔ་ཨིན།
ཡི་གུ་ཟེར་མི་འདི་ མིང་དང་ཚིག་ དེ་ལས་ ཡི་གུའི་རྩོམ་གཞིར་གྱུར་པའི་ སྐད་ཀྱི་གདངས་ལུ་ཡི་གུ་ཟེར་སླབ་ཨིན། སྐད་ཡིག་འདི་ གཙོ་བོར་ཡི་གུ་ལུ་ བརྟེན་ཏེ་བྲིས་དགོཔ་ཨིན།
༡༢ སྐད་ཡིག་འདི་ འཛམ་གླིང་མུན་པ་བསལ་བའི་ ཉིམ་བཟུམ་ཅིག་ཨིན་དགོ་པའི་ ཁུངས་ག་ཅི་སྨོ?
ལན- ནང་པའི་ཆོས་ཀྱི་ནང་ལས། གལ་ཏེ་སྒྲར་འབོན་སྣང་བ་ཡིས།། འཛམ་གླིང་གསལ་བར་མ་བྱས་ན།། འཇིག་རྟེན་གསུམ་པོ་མཐའ་དག་འདི།། སྨག་རུམ་མུན་པ་ཉིད་དུ་གྱུར།། ཅེས་གསུངས་པ་ལྟར་ ཉི་མ་འདི་གིས་ འཇིག་རྟེན་གསུམ་གྱི་མུན་པ་ག་ར་སེལ་ཚུགས་པའི་ནུས་པ་ཡོད་དོ་བཟུམ་ སྐད་ཡིག་གི་ཉིམ་ལུ་བརྟེན་ རང་གི་སེམས་ཁར་ མནོ་མིའི་རེ་བ་ཚུ་ག་ར་ དྭངས་འཕྲོས་འཕྲོས་འབད་ངག་ཐོག་ལས་ཕྱི་ཁར་ སླབ་ཚུགསཔ་མ་ཚད་ ཡིག་ཐོག་ལས་ ཐག་རིང་སར་བརྡ་སྤྲོད་ཚུགས་མ་ཚད་ མ་འོངས་པའི་ མི་རབས་ཚུ་ལུ་གོ་བ་བརྡ་སྤྲོད་ འབད་ཚུགསཔ་ཨིན་མས། དེ་བཟུམ་སྦེ་ མཁས་པ་ཚུ་གིས་ཡོན་ཏན་དང་ཉམས་མྱོང་ཚུ་ག་ར་ གཞན་གྱིས་ཤེས་ཚུགསཔ་འབད་བཟོ་སྟེ་ ཧེ་མ་མ་ཤེས་མི་ཚུ་ཡང་ ཤེས་ཚུགས་ཏེ་ བློ་ཡི་མུན་པ་སེལ་ཚུགས་པའི་ ནུས་པ་ཡོདཔ་ལས་ མུན་པ་སེལ་བའི་ ཉིམ་བཟུམ་ཅིག་ཨིན་མས།
༡༣ ང་བཅས་རའི་མི་ཚེ་གཅིག་ནང་གི མཁོ་བྱད་ཚུ་གི་སླ་ལས་ སྐད་ཡིག་འདི་ ཕན་ཐོགས་ག་དེ་སྦེ་ཆེཝ་སྨོ?
ལན- མཁོ་བྱད་ཚུ་གི་སླ་ལས་སྐད་ཡིག་འདི་ ཕན་ཐོགས་ག་དེ་སྦེ་ཆེཝ་སྨོ་ཟེར་བ་ཅིན་ ང་བཅས་རའི་ མི་ཚེ་གཅིག་ནང་ ཉིན་བསྟར ཁག་ཆེ་བའི་བཟའ་ཁ་འཐུང་ཁ་ཅིག་ལས་ འགོ་བཙུགས་ཏེ་དགོ་དོ་བཟུམ་སྦེ་ རང་གི་ལྕོགས་འགྲུབ་ཡར་སེང་ འབད་ནིའི་དོན་ལུ་ མི་ཚེ་གཅིག་ནང་གི་ མཁོ་བྱད་ཚུ་གི་སླ་ལས་ཁག་ཆེ་ཤོས་དང་ ཕན་ཐོགས་ཤོས་ཅིག་སྐད་ཡིག་འདི་ཨིན་མས།
༡༤ ལེགས་བཤད་ནང་ སྐད་ཡིག་ལུ་དཔེ་ལེ་ཤ་བཞག་སྟེ་ ཡོད་པའི་ནང་ལས་ མ་འཐུང་ཁོང་དུ་སོང་བའི་སྨན།། ཟེར་བའི ་ཚིག་རྐང་འདི་གིས་གོ་དོན་ག་ཅི་སྟོནམ་སྨོ?
ལན- ཚིག་རྐང་འདི་གི་གོ་དོན་འདི་ ཁ་ལས་ཐོན་མ་སླབ་རུང་ ཡིག་ཐོག་ལུ་བྲིས་བཞག་མིའི་སྐད་ཡིག་འདི་གི་ནུས་པ་ སྟོནམ་ཨིན་མས། དེ་ཡང་དཔེར་ན་ སྨན་འདི་མ་འཐུངམ་ལས་ ཁོག་པར་ནང་ལུ་འཛུལ་ཏེ་ ནད་ལུ་ཕན་ ཐོགས་ནི་ཡོད་དོ་བཟུམ་སྦེ་ ཁ་ལས་ཐོན་མ་སླབ་རུང་ ཡིག་ཐོག་ལུ་བྲིས་བཞག་མི་འདི་གིས་ གོ་བ་ཚུ་གསལ་རི་རི་འབད་སྟོནམ་ ཨིན་མས། དེ་བཟུམ་སྦེ་ཚིག་རྐང་གཞན་ཡང་ རིག་སྒྲེས་ཏེ་ སླབ་ཚུགས་དགོ
༡༥ སྐད་ཡིག་འདི་ མི་མང་གི་གཅིག་མཐུན་ ཡར་དྲག་བཟོ་ནིའི་ ལག་ཆ་ཅིག་ཨིན་ཟེར་ སླབ་དགོ་པའི་ རྒྱུ་མཚན་ག་ཅི་སྨོ?
ལན- སྐད་ཡིག་འདི་ མི་མང་གི་གཅིག་མཐུན་ ཡར་དྲག་བཟོ་ནིའི་ ལག་ཆ་ཅིག་ཨིན་མི་དེ་ཡང་ རྒྱལ་ཁབ་གཅིག་ནང་ལུ་ ཁ་སྐད་མ་འདྲཝ་ སླབ་མི་མི་རིགས་ཀྱི་བར་ན་ ཁ་སྐད་གཅིག་གིས་ཐོག་ལས་ བརྡ་དོན་སྤྲོད་ལེན་འབད་དེ་ མཐུན་ལམ་ཡར་དྲག་བཟོ་ནི་དང་ རྒྱལ་ཁབ་སྲུང་སྐྱོབ་བཞག་ནིའི་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིནམ་ལས་ སྐད་ཡིག་འདི་ མཐུན་ལམ་ཡར་དྲག་བཟོ་ནིའི་ལག་ཆ་ཅིག་ཨིན་མས།
༡༦-འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ལུ་ འབྲུག་གི་སྐད་ཡིག་འདི་ ཉམས་སྲུང་དང་གོང་འཕེལ་གཏང་དགོཔ་ འབད་གསུངས་ཏེ་འདུག། ཁྱོད་ཀྱིས་འབད་བ་ཅིན་ སྐད་ཡིག་ཉམས་སྲུང་དང་གོང་འཕེལ་གྱི་ལཱ་ ག་ཅི་བཟུམ་རང་ འབད་དགོཔ་འདུག་གོ བསམ་འཆར་ཅིག་བྲིས།
ལན- ང་གིས་འབད་བ་ཅིན་ འབྲུག་གི་སྐད་ཡིག་ཉམས་སྲུང་དང་ གོང་འཕེལ་གཏང་ནིའི་དོན་ལུ་ སློབ་གྲྭ་ནང་ལས་ཕར་ ཤར་ཕྱོགས་པའི་ཁ་མ་སླབ་པར་རྫོང་ཁ་སླབ་ནི་དང་། དེ་ལས་ ཨིང་སྐད་ཆོས་ཚན་འདི་བ་ ལྷག་སྟེ་ རྫོང་ཁའི་ཆོས་ཚན་ ལྷབ་ནི་ཡོདཔ་ཅིག་བཟོ་ནི་དང་། གཞན་ཡང་ རྫོང་ཁ་ལྷབ་མི་ཚུའི་དོན་ལུ་ གཡོག་གི་གོ་སྐབས་མང་སུ་ཅིག་ བཟོ་ནི་དང་འབྲེལ་ ཡིག་ཚང་དང་ལྷན་ཁག་ནང་ལས་ཕར་ཡང་ ཞལ་འཛོམས་གནངམ་ད་ རྫོང་ཁ་ནང་སླབ་ནི་ཡོད་པའི་ཁྲིམས་ ངེས་བདེན་ བཟོ་བ་ཅིན་ སྐད་ཡིག་ཉམས་སྲུང་དང་གོང་འཕེལ་ རྒྱ་ཆེ་དྲག་སྦེ་གཏང་ཚུགསཔ་ཟེར་ཞུ་ནི་ཨིན།
༡༧- ཡིག་ཐོག་བརྡ་སྦྱོར་གྱི་སྐད་ཡིག་ཟེར་མི་འདི་གི་ གོ་དོན་བྲིས།
ལན- ཡིག་ཐོག་བརྡ་སྦྱོར་གྱི་སྐད་ཡིག་ཟེར་མི་འདི་ ཡིག་ཐོག་ལུ་བྲིས་ཏེ་བརྡ་དོན་སྤྲོད་ཚུགས་པའི་ ནུས་པ་ཡོད་མི་ ཅིག་ལུ་སླབ་ཨིན།
༡༨ སྐད་ཡིག་ཆོས་ཚན་འདི་ ག་ཅི་འབད་ཆོས་ཚན་གཙོ་བོ་ཅིག་ སྦེ་བཞགཔ་ཨིན་ན?
ལན-སྐད་ཡིག་གི་ཆོས་ཚན་འདི་ ཆོས་ཚན་གཙོ་བོ་ཅིག་རྩིས་དགོ་མི་འདི་ སྐད་ཡིག་འདི་མེད་པ་ཅིན་ སེམས་ཀྱི་འཆར་སྣང་ཚུ་ག་ར་ གཞན་ལུ་ གོ་བརྡ་སྤེལ་ཚུགས་པ་ལཱ་ཁག་ཡོདཔ་ཨིན། སྐད་ཡིག་འདི་གིས་ རང་དང་ ཆ་རོགས་ཚུ་གི་བར་ན་མཐུན་ལམ་བཞག་ཐོག་ལས་ ཡོན་ཏན་བརྗེ་སོར་ འབད་ནི་ལུ་ཡང་ཕན་ཐོགས་ ཚུགསཔ་ལས་བརྟེན་ སྐད་ཡིག་གི་ཆོས་ཚན་ འདི་ཁག་ཆེཝ་ཨིན།
༡༩ སྐད་ཡིག་འདི་ལུ་བརྟེན་ མཁས་པ་ཚུ་གི་བློ་རིག་དང་ཉམས་མྱོང་ཚུ་ སྤྱོད་ནི་གི་གོ་སྐབས་ག་དེ་སྦེ་འཐོབ་ ཚུགསཔ་སྨོ?
ལན- སྐད་ཡིག་འདི་ལུ་བརྟེན་ མཁས་པ་ཚུ་གི་བློ་རིག་དང་ཉམས་མྱོང་ཚུ་ སྤྱོད་ནི་གིས་གོ་སྐབས་འཐོབ་ཚུགསཔ་ཨིན། དེ་ཡང་ ནང་པ་ སངས་རྒྱས་པའི་ཆོས་ བཀའ་འགྱུར་དངབསྟན་འགྱུར། དེ་ལས་ མདོ་དང་རྒྱུད་ལ་སོགས་ པ་ཚུ་གསུངས་མི་དང་བརྩམས་གནང་མི་སྐྱེས་བུ་ དམ་པ་ཚུ་ སྐུ་དངོས་སུ་བཞུགས་ཏེ་མེད་རུང་ ཁོང་གི་མཛད་རྣམ་ དང་ཡོན་ཏན་ཚུ་ག་ར་ སྐད་ཡིག་ཐོག་ལུ་བཀོད་དེ་ཡོད་མི་འདི་གིས་ ཕ་བརྒྱུད་བུ་རྒྱུད་འབད་སྤྱོད་བཞིན་པ་ཡོདཔ་ཨིན། དེ་བཟུམ་སྦེ་ སློབ་གྲྭ་ནང་ལས་ཕར་འབད་བ་ཅིན་ རྒྱལ་རབས་ཆོས་ཚན་བཟུམ་ཨིན་པ་ཅིན་ ཧེ་མའི་ མི་ཚུ་དངོས་སུ་ མཐོང་ནི་མེད་རུང་ སྐད་ཡིག་ནང་ལུ་བཀོད་བཞག་ མི་སྲུང་ནང་ལས་ དངོས་སུ་ཡོད་པའི་ཉམས་མྱོང་དང་ཚོར་བ་ཚུ་སྤྱོད་ནིའི་ གོ་སྐབས་ ཐོབ་ཚུགས་པས་ཟེར་ཞུ་ནི་ཨིན།
༢༠ རྒྱལ་ཡོངས་སྐད་ཡིག་འདི་ མཐུན་འབྲེལ་བཟོ་ནིའི་ཟམ་ཨིན་ དགོ་པའི་རྒྱུ་མཚན་ག་ཅི་ཨིན་མས?
ལན- སྐད་ཡིག་འདི་ མཐུན་འབྲེལ་བཟོ་ནིའི་ཟམ་ཨིན་ དགོ་པའི་རྒྱུ་མཚན་ཨིན་དགོ་མི་འདི་ རྒྱལ་ཁབ་ནང་འཁོད་ནང་ ལུང་ཕྱོགས་སོ་སོ་ནང་ལུ་ ཁ་སྐད་མ་འདྲཝ་དང་ཆོས་ལུགས་མ་འདྲཝ་ ལམ་ལུགས་མ་འདྲཝ་ཡོད་མི་ཚུ་གི་བར་ན་ རྒྱལ་ཡོངས་སྐད་ཡིག་ གིས་ཐོག་ལས་ བརྡ་དོན་སྤྲོད་ལེན་འབད་ཚུགསམ་མ་ཚད་ མཐུན་ལམ་གཅིག་སྒྲིལ་ཡང་བཟོ་ ཚུགསཔ་ལས་བརྟེན་ མཐུན་འབྲེལ་བཟོ་ནིའི་ ཟམ་བཟུམ་ཅིག་ཨིན་མས།
༢༡ རྒྱལ་ཡོངས་སྐད་ཡིག་འདི་གིས་ རྒྱལ་ཡོངས་དགའ་སྐྱིད་ དཔལ་འཛོམས་འགྲུབ་ནི་ལུ་ག་དེ་སྦེ་ཕན་ཐོགས་ ཡོདཔ་སྨོ?
ལན- རྒྱལ་ཁབ་ནང་འཁོད་ནང་ལུ་ ལུང་ཕྱོགས་སོ་སོ་ནང་ལུ་ ཁ་སྐད་མ་འདྲཝ་དང་ཆོས་ལུགས་མ་འདྲཝ་ ལམ་ལུགས་མ་འདྲཝ་ ཡོད་མི་ཚུ་གི་བར་ན་ མཐུན་འབྲེལ་བཟོ་ནི་འདི ་རྒྱལ་ཡོངས་སྐད་ཡིག་ལུ་རྐྱངམ་ཅིག་ ནུས་པ་ཡོདཔ་ཨིན། ག་དེམ་ཅིག་འབད་ རྒྱལ་ཡོངས་སྐད་ཡིག་དེ་མེད་པ་ཅིན་ ཁ་སྐད་སོ་སོ་སླབ་ནི་ཡོད་པའི་ མི་སེར་ཚུ་གི་བར་ན་ གོ་བརྡ་སྤེལ་ནི་དང་མཐུན་འབྲེལ་བཟོ་ཚུགས་པར་ལཱ་ཁག་ཡོདཔ་ཨིན། མཐུན་འབྲེལ་ གཅིག་མཐུན་བཟོ་མ་ཚུགས་པ་ཅིན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་རྒྱས་དང་ མི་སྡེ་ནང་ལུ་སྟབས་མ་བདེ་བའི་ འཛིང་འཁྲུག་ རེ་ཐོན་པ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་དོན་ འགྲུབ་ནི་ལུ་ལཱ་ཁག་ཡོདཔ་ ཨིན་མས།

Comments

མི་མངམ་གིས་ ལྷག་མི་རྩོམ།

Lungtenzampa or is it because we are Desuup? - Dorji Choden

WORLD WAR II (September 1, 1939, to September 2, 1945)

Save me - Sonam Tenzin(ST)

སྲིད་པ་འཁོར་ལོ།

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།