Skip to main content

དཔལ་ལྡན་འབྲུག་པའི་རྒྱལ༌གླུ།

རྒྱལ༌གླུ།


འབྲུག་ཙན་དན་བཀོད་པའི་རྒྱལ་ཁབ་ནང་། །དགྲ་ཡི་ཕྱོགས་ལས་རྣམ་པར་རྒྱལ། །ཆོས་སྲིད་གཉིས་ཀྱི་ལོངས་སྤྱོད་ལྡན། །དགའ་བ་འདུག་གོ། སྐྱིད་པ་འདུག་གོ། སྨན་ལྗོངས་འབྲུག་གི་རྒྱལ་ཁབ་ནང་། །མངའ་འབངས་བདེ་སྐྱིད་ཉི་མ་ཤར། །དགའ་ཉམས་སྐྱིད་ཉམས་སྤྲོ་ཉམས་འདུག། དཔལ་་་་་མི་དབང་མངའ་བདག་རྒྱལ་པོ་མཆོག། གདུང་བརྒྱུད་གཏེར་ཆེན་པདྨ་གླིང་བརྒྱུད། །མི་དབང་སྤྲུལ་པའི་ཆོས་རྒྱལ་འཁྲུངས།།


དགའ་བ་འདུག་གོ། སྐྱིད་པ་འདུག་གོ། མི་དབང་ཆོས་ཀྱི་རྒྱལ་པོ་མཆོག། ཐུགས་རྒྱུད་བཟང་བ་བྱང་ཆུབ་སེམས། །མཛད་སྤྱོད་བཟང་བ་ཕན་བདེ་ཆེ། །ལུང་་་་་་བསྟན་གྱི་མི་དབང་རྒྱལ་པོ་མཆོག། ན་གཞོན་དགའ་སྤྲོའི་ལོངས་སྤྱོད་དུས། །བརྒྱུད་འཛིན་ལྔ་པའི་གསེར་ཁྲི་བྱོན། དགའ་བ་འདུགགོ། སྐྱིད་པ་འདུག་གོ། ཁ་བཞི་འབྲུག་པའི་མི་སེར་ཚུ། །རྣམ་པར་དཀར་བའི་ཐུགས་བཞེད་ཀྱིས། །རིས་མེད་འབངས་རྣམས་བུ་བཞིན་སྐྱོང་། །ཕྱི་་་་རྒྱལ་ཁབ་གཞན་དང་མཐུན་ལམ་མཛད། །ནང་གི་མི་སེར་བྱམས་ཀྱིས་སྐྱོང་། །ཡར་རྒྱས་རྩ་བ་གོང་དུ་འཕེལ།།

དགའ་བ་འདུག་གོ། སྐྱིད་པ་འདུག་གོ། མི་དབང་ཆོས་ཀྱི་རྒྱལ་པོ་མཆོག།དམ་ཚིག་ཆེ་བའི་འབངས་འཁོར་རྣམས། །རྗེས་སུ་ཡི་རངས་ཆེ་དགོ་པས། །འབངས་་་་་མི་སེར་ཆེ་བ་ཆུང་བ་རྣམས། །ཐ་དང་དམ་ཚིག་མ་ཆུང་བར། །རྩ་བ་གསུམ་ལུ་ཕྱག་ཕྱི་ཞུ།།
དགའ་བ་འདུག་གོ། སྐྱིད་པ་འདུག་གོ། །སྨན་ལྗོངས་འབྲུག་གི་རྒྱལ་ཁབ་ནང་། །གཞུང་དང་མི་སེར་མཐུན་ལམ་ཆེ། །འགྱུར་མེད་བརྟན་ཅིང་འཕེལ་བར་ཤོག། ཡར་་་་་དཀོན་མཆོག་གསུམ་གྱི་ཐུགས་རྗེ་གཟིགས། །རྩ་གསུམ་ལྷ་ཡི་བྱིན་རླབས་ཀྱིས། །མངའ་འབངས་བདེ་སྐྱིད་ལྡན་པར་ཤོག།

དགའ་བ་འདུག་གོ། སྐྱིད་པ་འདུག་གོ། སངས་རྒྱས་བསྟན་པ་དར་བའི་ཡུལ། །སྡོད་ན་དམ་པའི་ཆོས་དང་མཇལ། །བདེ་བ་ཐོབ་པའི་རང་དབང་ཡོད། །འཛོམས་་་་་མཐའ་དབུས་མེད་པའི་མི་སེར་དང་། །ཡོན་ཏན་སྦྱང་བའི་ན་གཞོན་གྱིས། །འཁྲུངས་སྐར་དུས་ཆེན་རྩིས་སྲུང་ཞུ།། དགའ་བ་འདུག་གོ། སྐྱིད་པ་འདུག་གོ། དགའ་བའི་དགའ་སྟོན་འདི་ནང་ལུ། །དད་དམ་ཅན་གྱི་འབངས་རྣམ་ཀྱིས། །སྐུ་ཚེ་ཞབས་པའི་བརྟན་སྨོན་ཞུ། །


མི་མངམ་གིས་ ལྷག་མི་རྩོམ།

རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཉིད་ཀྱི་ཐུགས་རྗེས་སུ་གཟུང་བའི་ལོ་རྒྱུས་གསུང་བགྲོས་ལས་འཇིགས་པ་བརྒྱད་ལས་སྐྱོབ་པ་ནི།

𝐀 𝐋𝐨𝐧𝐠 𝐋𝐢𝐟𝐞 𝐏𝐫𝐚𝐲𝐞𝐫 𝐟𝐨𝐫 𝐊𝐲𝐚𝐛𝐣𝐞 𝐑𝐢𝐧𝐩𝐨𝐜𝐡𝐞, 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨 𝐓𝐫𝐮𝐥𝐤𝐮 𝐉𝐢𝐠𝐦𝐞 𝐂𝐡𝐨𝐝𝐫𝐚𝐤.

༄༅། །དཔལ་སྤྲུལ་རིན་པོ་ཆེའི་ཞལ་གདམས་བཞུགས་སོ། །

Chumphu Ney

༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

རྗེ་བཙུན་མི་ལའི་ཞལ་གདམས། Advice of Jitsen Melarepa

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།