བསམ་གྲུབ་ལྗོངས་མཁར་གྱི་རྫོང་།
• སྤྱི་ལོ་༡༩༧༦་ལུ་ རྫོང་ཁག་གསརཔ་སྦེ་ གཞི་བཙུགས་གནང་ནུག།
• རྫོང་གསར་བཞེངས་ཡང་ སྤྱི་ལོ་༡༩༨༠་ ལས་འགོ་བཙུགས་ཏེ་ སྤྱི་ལོ་༡༩༨༣་ལུ་གསར་བསྒྲུབས་མཛད་གནང་ནུག།
• རྫོང་གསར་བཞེངས་ཡང་ སྤྱི་ལོ་༡༩༨༠་ ལས་འགོ་བཙུགས་ཏེ་ སྤྱི་ལོ་༡༩༨༣་ལུ་གསར་བསྒྲུབས་མཛད་གནང་ནུག།
བློན་པོ་གཏམ་ཞིང་རྒྱ་གར་མཆོག་གི་སྐུ་པར།
• རྫོང་ གསར་བཞེངས་བསྒྲུབས་པའི་ འགོ་འབྱེད་རྟེན་འབྲེལ་འདི་ བློན་པོ་གཏམ་ཞིང་རྒྱ་གར་གྱིས་ མཛད་གནང་ནུག།
• སྤྱི་ལོ་༢༠༠༤་ལུ་ རབ་སྡེ་གཞི་བཙུགས་གནང་ནུག།
• རབ་སྡེའི་བླམ་གནས་བརྟེན་དང་པ་ བླམ་བསོད་ནམས་བསྟན་འཛིན་གྱིས་ མཛད་གནང་ནུག།
• དམངས་གཙོའི་རིང་ལུགས་ འགོ་བཙུགས་མི་དང་འབྲེལ་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་། སྒོམ་དར་འདེམས་ཁོངས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དྲགོས་ཨྱོན་རྡོ་རྗེ་གིས་ ཚོགས་རྒྱན་ ༥༦༡༠ དང་ མར་ཚ་ལ་ ཇོ་མོ་གཙང་ཁ་གི་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ དྲགོས་ནོར་བུ་དབང་འཛོམས་ཀྱིས་ ཚོགས་རྒྱན་ ༤༠༠༨་ ཐོབ་སྟེ་ གཞུང་སྐྱོངས་འཐུ་མི་སྦེ་ བཙག་འཐུ་གྲུབ་ནུག།
དྲགོས་འཇིགས་མེད་དབང་ཕྱུག། དྲགོས་ནོར་བུ་དབང་འཛོམས། དྲགོས་ཨྱོན་རྡོ་རྗེ།
• སྤྱི་ལོ་༢༠༠༨་ལུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ དྲགོས་འཇིགས་མེད་དབང་ཕྱུག་གིས་ ཚོགས་རྒྱན་ ༤༥༦༩ ཐོབ་སྟེ་ བཙག་འཐུ་གྲུབ་ནུག• དམངས་གཞུང་འགོ་བཙུགས་མི་དང་འབྲེལ་ ཁྲོམ་དཔོན་དང་པ་ དྲགོས་ཀརྨ་ཤེས་རབ་སྟོབས་རྒྱས་ཀྱིས་ མཛད་ནུག
• ད་ལྟོ་ ཞལ་བཞུགས་རྫོང་བདག་ དྲགོས་བཀྲིས་དབང་མོ་མཆོག།
• བསམ་གྲུབ་ལྗོངས་མཁར་ལུ་ རྒེད་འོག་༡༡་དང་ སྤྱི་འོག་༥༨་ཡོདཔ་ཨིན།
ན་གཞོན་དང་མི་དམངས་ཀྱིས་ མཁྱེན་པའི་ཆེདུ་ སྤེལཝ་ཨིན། འབྲུག་གི་ཤེས་བྱ།
༢༠༢༢
Comments
Post a Comment