སུམ་ཅུ་པའི་ཟིན་བྲིས། རིག་གཞུང་མཐོ་རིམ་སློབ་གྲྭ།
སྟག་རྩེ། ༢༠༡༥ ལོར།
བོད་གངས་ཅན་དུ་ཐོག་མར་ ཐུ་མི་ཉིད་ཀྱིས་ཡི་གེ་དང་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་གཞུང་བརྒྱད་བརྩམས་པའི་ཕྱི་མོ་ལྟ་བུར་གྱུར་པ་ སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ལས་
སྐབས་འདིར་སུམ་ཅུ་པ་བཤད་པ་ལ་གཉིས།
༡༽ བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། ༢༽ བསྟན་བཅོས་དངོས་སོ།
དང་པ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་ལ་གཉིས།
༡༽ མཚན་དོན་བཤད་པ་དང་། ༢༽ འགྱུར་ཕྱག་གོ།
དང་པོ་མཚན་དོན་བཤད་པ་ནི།
རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིམ་ཤད་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ།
སྐད་གཉིས་ཤན་སྦྱར། བྱཱ་ཀ་ར་ཎ༔ ལུང་སྟོན་པ། མཱུ་ལ༔ རྩ་བ། ཏྲི་ཤད༔ སུམ་ཅུ་པ། ནཱ་མ༔ ཞེས་བྱ་བ།
དེ་ཡང་ སྒྲའི་མཚན་ཉིད་ཐམས་ཅད་ལུང་དུ་སྟོན་པར་བྱེད་ཅིང་ལེའུ་ཕྱི་མ་རྣམས་ཀྱི་རྟེན་གཞིར་གྱུར་པ་གང་ཞིག་ མཆོད་པར་བརྗོད་ཅིང་བརྩམས་པར་དམ་བཅའ་བ་ཡན་ཆད་དོར་བས་ རང་གི་གཞུང་ཚད་ཤློོ་ཀ་སུམ་ཅུ་ཐམ་པ་རུ་གནས་པས་ སུམ་ཅུ་པ་ཞེས་བྱའོ།
གཉིས་པ་འགྱུར་ཕྱག་ནི། ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། དེ་ཡང་བསྟན་བཅོས་སུམ་ཅུ་པ་འདི་རྒྱ་གར་འཕགས་པའི་ཡུལ་གྱི་སྒྲ་གཞུང་ལ་དཔེ་བླངས་ཏེ་བསྒྱུར་ཡོད་པ་ལས་སུམ་ཅུ་པའི་གཞུང་མཇལ་མི་ག་རང་གིས་རྒྱ་གར་གྱི་བསྟན་བཅོས་དང་ལྕོགས་འཐདཔ་འབད་སྤྲོ་བ་བསྐྱེད་བཅུག་ནི་གི་དོན་ལུ་ཐུ་མི་གིས་འཕགས་ཡུལ་མདོ་རྒྱུད་ཚུ་གི་འགྱུར་ཕྱག་དང་འདྲ་བར་འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་བའོ།།
གཉིས་པ་བསྟན་བཅོས་དངོས་ལ་གཉིས།
༡༽ གཞུང་སྤྱིའི་ཡན་ལག་ཏུ་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ། ༢༽ སྐབས་དོན་སུམ་ཅུ་པ་ཉིད་རྒྱས་པར་བཤད་པའོ།།
དང་པོ་གཞུང་སྤྱིའི་ཡན་ལག་ཏུ་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་ལ་གཉིས།
༡༽ མཆོད་པར་བརྗོད་པ་དང་། ༢༽ བརྩམ་པར་དམ་བཅའ་བ།
དང་པོ་མཆོད་པར་བརྗོད་པ་ལ་བཞི།
༡༽ སྤྱིར་དཀོན་མཆོག་གསུམ་ཕྱག་འཚལ་བ། ༢༽ བྱེ་བྲག་ཏུ་འཇམ་པའི་དབྱངས་ལ་ཕྱག་འཚལ་བ།
༣༽ དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་བ། ༤༽ དྲིན་བཟོ་བའི་ཕྱིར་མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བའོ།།
སྤྱིར་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་ནི། གང་ལ་ཡོན་ཏན་མཆོག་མངའ་བའི།། དཀོན་མཆོག་དེ་ལ་ཕྱག་འཚལ་ལོ།། དེ་ཡང་ང
བཅས་ར་འཇིག་རྟེན་ཕལ་པ་ཚུ་ལུ་སྤངས་བླངས་ཀྱི་ཡོན་ཏན་ཚངམ་འབད་ཡོད་མི་འདི་དཀོན་སུ་ཅིག་ཨིན། སྤངས་རྟོགས་ཀྱི་ཡོན་ཏན་མཆོག
མངའ་བ་པོ་ནི་བསླུ་བ་མེད་པའི་་སྐྱབས་མགོན་དམ་པ་འཇིག་རྟེན་འདི་ནང་དཀོན་པའི་ནང་ནས་མཆོག་ཏུ་འགྱུར་པ་སངྱས་དཀོན་མཆོག
ཆོསདཀོན་མཆོག དགེ་འདུན་དཀོན་མཆོག་གསུམ་ཨིནམ་ལས་བསྟན་བཅོས་ལེགས་ཤོམ་འབད་བརྩམས་ཚུགས་ནི་གི་དོན་ལུ་ དེ་ཚུ་ལུ་སྒོ
གསུམ་གུས་པ་ཆེན་པོའི་སྒོ་ནས་ཕྱག་འཚལ་ལོ་ཟེར་བའི་དོན་ནོ།།
དཀོན་མཆོག་ལ་མངའ་བའི་ཡོན་ཏན་དྲུག་ནི། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར།། མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི།།
རྒྱན་འགྱུར་ཕྱིར་དང་མཆོག་ཉིད་ཕྱིར།། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད།།
དང་པོ་ཡོན་ཏན་གཉིས་ཀྱི་སྒོ་ནས་འཇོག་ཚུལ་ནི། ༡༽
སྤངས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་དང ་ ༢༽ རྟོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་གཉིས་ཀྱི་སྒོ་ནས་འཇོག་པ་ཡིན།
གཉིས་པ་ཡོན་ཏན་དྲུག་གི་སྒོ་ནས་འཇུག་ཚུལ་ནི་ རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར།།
མཐུ་ལྡན་ཕྱིར་དང་འཇིག་ རྟེན་གྱི།། རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར།། འགྱུར་བ་མེད་ཕྱིར་དཀོན་ཅོག་ཉིད།།
ཅེས་གསུངས་པ་ལྟར། ༡)བསོད་ནམས་མ་བསགས་པ་ལ་སྣང་བ་མིན་པས་འབྱུང་བ་དཀོན་པ། ༢)རང་བཞིན་གྱིས་རྙོག་པའི་ཆོས་ཅན་མིན་པས་དྲི་མ་མེད་པ། ༣)རང་བཞིན་གྱིས་དོན་སྒྲུབ་པའི་མཐུ་དང་ལྡན་པ་དང་། ༤)འགྲོ་བ་རྣམས་ཀྱི་བསམ་པ་དགེ་བའི་རྒྱུ་ཡིན་པས་འཇིག་རྟེན་གྱི་རྒྱན་དང་།
༥)འཇིག་རྟེན་ལས་མཆོག་ཏུ་གྱུར་པ་དང་། ༦)རྣམ་པར་འགྱུར་བའི་རང་བཞིན་ཅན་མ་ཡིན་པ་སྟེ་འགྱུར་བ་མེད་པ་བཅས་དྲུག་གོ།
གཉིས་པ་བྱེ་བྲག་ཏུ་འཇམ་པའི་དབྱངས་ལ་ཕྱག་འཚལ་བ་ནི། གང་གི་སྒྲ་དབྱངས་ཀུན་གསུངས་པའི།། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། དེ་ཡང་གང་གི་རྣ་བའི་དབང་པོའི་ཐོས་སུ་རུང་བའི་སྒྲ་དང་དེའི་ཁྱད་པར་སྙན་ཅིང་ཡིད་དུ་འོང་བའི་དབྱངས་ཀུན་འཇིག་རྟེན་དུ་ཐོག་མར་གསུངས་བ་པོ་ནི་ཉེས་པའི་རྩུབ་རེག་ཐམས་ཅད་དང་བྲལ་བས་འཇམ་པའི་ཡོན་ཏན་དང་ལྡན་པའི་ཕྱིར་འགྲོ་བ་ཐམས་ཅད་ཁམས་དབང་དང་མཐུན་པར་རྗེས་སུ་འཇུག་པའི་དབྱངས་ཀྱི་བདག་ཉིད་ཅན་དེ་ལ་ཕྱག་འཚལ་ལོ།
ཞེས་པའི་དོན་ནོ།
གསུམ་པ་དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་བ་ནི། གང་གིས་མིང་གཞི་སྔོན་གསུངས་པ།། རྟག་ཞི་བ་ལ་ཕྱག་འཚལ་ལོ།། དེ་ཡང་་གང་གིས་མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་བའི་ཡི་གེའི་སྦྱོར་བ་ཉིད་ སྔོན་གྱི་དུས་སུ་གསུངས་བ་པོ་ནི་ལྷ་ཆེན་དབང་ཕྱུག་སྟེ་རྟག་ཏུ་ཞི་བར་འབོད་པ་གང་ལ་དགོས་པ་དུ་མའི་དབང་གིས་ཕྱག་འཚལ་ལོ།
ཞེས་སོ།
བཞི་པ་དྲིན་བཟོ་བའི་ཕྱིར་མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བ་ནི། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་།། བླ་མ་ལ་ཡང་ཕྱག་འཚལ་ནས།། དེ་ཡང་སྒྲ་སྐད་ཀྱི་བརྗོད་པ་དང་དོན་སྡེབ་དུ་ཇི་ལྟར་སྦྱོར་བའི་ཚུལ་ལེགས་པར་སྟོན་པའི་གཞུང་རྩོམ་ཞིང་འདོམས་པར་མཛད་པའི་མཁས་པ་རྣམས་དང་བྱེ་བྲག་ཏུ་མཁན་པོ་ཉིད་ལ་དེ་ལྟ་བུའི་བྱ་བ་མཛད་པའི་བྲམ་ཟེ༼ལི་བི་ཀ་ར༽ལ་སོགས་པའི་བླ་མ་རྣམས་ལ་ཡང་ཕྱག་འཚལ་ལོ། ཞེས་དང་་༼ནས༽ཀྱི་སྒྲ་ནི་མཆོད་པར་བརྗོད་ཟིན་མ་ཐག་ བརྩམ་པར་དམ་བཅའ་བ་ཡར་འདྲེན་པའི་ལྷག་མ་འདྲེན་པའི་ཚིག་གོ།
གཉིས་པ་བརྩམ་པར་དམ་བཅའ་བ་ནི། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།། མིང་ཚིག་བརྗོད་པ་ཀུན་གྱི་གཞི།། ཡི་གེའི་སྦྱོར་བ་བཤད་པར་བྱ།། དེ་ཡང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སོགས་པ་ ནང་པ་སངྱས་པའི་བསླབ་པ་ཀུན་གྱི་གཞི་ཡང་ཡི་གེ་ལ་ལྟོས་པའི་སྒོ་ནས་འཛིན་པར་བྱེད་ཅིང་།
གཞན་ཡང་རིག་པའི་གནས་ཀྱི་གཞུང་ལུགས་མཐའ་དག་སྨྲ་བ་རྣམས་ཀྱི་རྒྱུའང་ཡིན་ལ། སྤྱིར་ཡི་གེ་ལས་མིང། མིང་ལས་ཚིག་འབྱུང་བའི་ཕྱིར་འཇིག་རྟེན་ལས་འདས་པའི་བརྗོད་པ་ཀུན་གྱི་གཞིར་འགྱུར་པ་ནི་ཡི་གེའི་སྦྱོར་བ་སྟེ་རྒྱུ་མཚན་དེས་ན་སྦྱོར་ཚུལ་འདི་བཤད་པར་བྱ་བ་ཡིན་ཞེསོ།།
དབྱངས་འབྲི་སྟངས།
གི་གུ་ཨོ་རོགས་ཤ་འཐེན་འདྲ།། ཞབས་ཀྱུ་པདྨ་འཁྱུད་དང་འདྲ།། འགྲེང་བུ་འཇའ་མཚོན་གུར་སྤུབས་འདྲ།།
རྣ་རུ་བྱ་རྒོད་ལྡིང་བ་འདྲ།།
ལེགས་པ་ལས་ཀྱང་མགྱོགས་པ་གཙོ།།
མགྱོགས་པ་ལས་ཀྱང་སྙོམས་པ་གཙོ།། སྙོམས་པ་ལས་ཀྱང་དག་པ་གཙོ།། དེས་ན་དག་པ་གཙོ་བོར་བཟུང་།།
རྒྱ་་་་་་་ ཡུལ་ཁམས་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བས་ན་རྒྱ། དཀར་་་་་་་་ཞེས་པ་ཡུལ་དེའི་ནང་དུ་གནས་པའི་མི་རྣམས་ཞྭ་གོས་ལྷམ་སོགས་ཤས་ཆེར
་དཀར་བས་ན་དཀར། འོ་ན་་ རྒྱ་གར་ཞེས་པའི་སྐབས་ རྒྱ་དཀར་མི་བརྗོད་པར༼གར༽ ཞེས་བརྗོད་དགོས་པའི་རྒྱུ་མཚན་ཡང་༼རྒྱ༽ཞེས་པའི་ མཐར་རྗེས་འཇུག་༼འ༽ཡིག་དོན་གྱིས་ཐོབ་པར་གོ་བས་ན་༼མོ་ཡིས་མོ་ཡི༽མིང་མཐའ་དྲངས་ཏེ་༼གར༽ཞེས་བརྗོད་པའོ།།
བོད་་་་་རྒྱ་གར་གྱི་ཡུལ་ཁམས་ཤིན་ཏུ་ཡངས་ཞིང་རྒྱ་ཆེ་བས་དེ་ལ་དཔག་ན་གཅིག་གིས་གཅིག་ལ་མིང་ནས་བོད་ཀྱང་ཐོས་པའི་ས་ཆའི་ཚོད་ཙམ་ལས་མེད་པས་༼བོད༽ཅེས་གྲགས་སོ།། སྐད་དུ་་་་་་ཡུལ་དེའི་ནང་དུ་སྐད་རིགས་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་བོད་༼དབུས་གཙང་དག་པའི་སྐད་དུ་སྦྱར་ན༽ བསྟན་བཅོས་དེའི་མཚན་ནོ།།
ཕྱི་རོལ་པའི་རིག་བྱེད་བཞི།
༡༽ ངེས་བརྗོད། ༢༽ མཆོད་སྦྱིན། ༣༽ སྙན་ཚིག། ༤༽ སྲིད་སྲུང་།
གཉིས་པ་་་་་་་་་་་་སྐབས་དོན་སུམ་ཅུ་པ་ཉིད་རྒྱས་པར་བཤད་པ་ལ་གཉིས།
༡༽ ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་དང་། ༢༽ གདམས་ངག་བརྗོད་པས་མཇུག་བསྡུ་བའོ།
དང་པ་་་་་་་་་ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་ལའང་གཉིས།
༡༽ སྦྱར་བྱ་ཡི་གེའི་རྣམ་གཞག་དང་། ༢༽ སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ།
དང་པ་་་་་་་་་་་་སྦྱར་བྱ་ཡི་གེའི་རྣམ་གཞག་ལའང་གཉིས།
༡༽ བོད་ཡིག་གི་དབྱངས་གསལ་ངོས་བཟུང་བ་དང་། ༢༽ ཁྱད་པར་དབྱེ་བ་བསྟན་པའོ།།
དང་པ་་་་་་་་་་་་་བོད་ཡིག་གི་དབྱངས་གསལ་ངོས་བཟུང་བ་ནི། ཡི་གེ་ཨཱ་ལི་ཀཱ་ལི་གཉིས།། ཨཱ་ལི་གསལ་བྱེད་ཨི་སོགས་བཞི།། ཀཱ་ལི་སུམ་ཅུ་ཐམ་པའོ།། དེ་ཡང་ཡི་གེ་ཞེས་བྱ་བ་ ལེགས་སྦྱར་གྱི་སྐད་དུ་༼ཨཀྴར་༽སྟེ་མིག་ལྟ་བུ་བལྟ་བྱེད་འདྲེན་བྱེད་ཡིན་པ་དང་འགྱུར་བ་མེད་པ།
༼བྱཉྫན་༽སྟེ་ མིང་ཚིག་མཐའ་དག་གསལ་བས་ན་གསལ་བྱེད་དང་། ༼ཝརྣ་༽སྟེ་དོན་མཐའ་དག་འདིས་བརྗོད་པའི་ཕྱིར་རྗོད་བྱེད་ཅེས་པ་ ལྷའི་སྐད་ཀྱི་དབྱངས་གསལ་དང་བོད་སྐད་ཀྱི་དབྱངས་གསལ་གཉིས་རིག་མཐུན་ཚོགས་པར་བྱས་པའི་དབྱངས་གསལ་ལ་ཨཱ་ལི་སྟེ་ཨ་ཕྲེང་དང་ཀཱ་ལི་སྟེ་ཀ་ཕྲེང་གཉིས་སུ་དབྱེའོ།།
བོད་སྐད་ལ་ཡོངས་སུ་གྲགས་ཤིང་ཉེ་བར་མཁོ་བ་ནི་ཨཱ་ལིའི་བྱ་བ་གསལ་བར་བྱེད་པའི་ཡི་གེ་ཨི་སོགས་ཏེ་ཨི་ཨུ་ཨེ་ཨོ་བཞིའོ།། ཀཱ་ལི་སྟེ་ ཀ་ནས་ཨའི་བར་གྱི་ཡི་གེ་སུམ་ཅུ་ཐམ་པའོ།།
གཉིས་པ་་་ཁྱད་པར་གྱི་དབྱེ་བ་བསྟན་པ་ལ་གཉིས།
༡༽ མདོར་བསྟན་པ་དང་། ༢༽ རྒྱས་པར་བཤད་པའོ།།
དང་པོ་མདོར་བསྟན་པ་ནི། དེ་ལ་རྗེས་འཇུག་བཅུ་ཡིན་ཏེ།། དེ་ལས་ལྔ་ནི་སྔོན་དུའང་འཇུག། མི་འཇུག་པ་ནི་ཉི་ཤུའོ།། དེ་ཡང་་་་་ཀཱ་ལིའི་ཡི་གེ་དེ་དག་ལ་རྗེས་སུ་འཇུག་པ་ནི་་་ག་ང་ད་ན་བ་མ་འ་ར་ལ་ས།
བཅས་བཅུ་ཡོད་པ་ཡིན་ཏེ་དེ་ཉིད་ལས་ག་དབ་མ་འ་ ལྔ་པོ་ནི ་སྔོན་དུའང་འཇུག་པས་ན་སྔོན་འཇུག་ཞེས་གྲགསོ། སྔོན་རྗེས་གཉིས་ཀར་མི་འཇུག་པ་ནི་ ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ ཨ། སྟེ་ཉི་ཤུ་ཐམ་པ་བཅས་སྡེ་ཚན་གསུམ་དུ་དབྱེ་བར་བྱ་བ་ཡིན།
གཉིས་པ་རྒྱས་པར་བཤད་པ་ལ་གཉིས།
༡༽ དབྱེ་སྒོ་སྤྱིར་བསྟན་པ། ༢༽ བྱེ་བྲག་སོ་སོར་བཤད་པ།
དང་པ་དབྱེ་སྒོ་སྤྱིར་བསྟན་པ་ནི།
ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི།། བཞི་བཞི་དག་ཏུ་ཕྱེ་བ་ལས།།
ཞེས་པ་ཀཱ་ལི་སུམ་ཅུ་ཐམ་པ་དེ་རྣམས་ སྡེ་ཚན་ཕྱེད་དང་བརྒྱད་དུ་དབྱེ་བའི ་སྡེ་པ་དེ་ནི་སྡེ་ཚན་རེ་བཞིན་ཡི་གེ་བཞི་བཞི་དག་ཏུ་ཕྱེ་བ་ཡིན་ཏེ ་ཀ་ཁ་ག་ང་སོགས་ནས་ཧ་ཨ། སྡེ་པ་ཕྱེད་ཡོད་པའི་བར་དུའི་མིང་ཤེས་པར་བྱའོ།། ལས་སྒྲ་ནི་འོག་ཏུ་དང་པ་གསུམ་པ་ཞེས་པའི་སྐབས་གོང་གི་སྡེ་པ་སོ་སོ་ཡིད་ལ་དྲན་པར་བྱ་དགོས་པའི་ཕྱིར་ཏེ་འབྱུང་ཁུངས་དང་རྒྱུ་མཚན་གྱི་སྒྲ་ཡིན།
གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ་གསུམ།
༡༽ རྗེས་འཇུག་བཤད་པ། ༢༽ སྔོན་འཇུག་བཤད་པ། ༣༽ མི་འཇུག་པ་བཤད་པའོ།།
དང་པ་་་་་་་་་་་་རྗེས་འཇུག་བཤད་པ་ནི། དང་པོ་གསུམ་པ་བཞི་པ་ལ།། མས་གཉིས་དྲུག་པའི་གསུམ་པ་དང་།། བདུན་པ་ལ་ནི་ཤ་མ་གཏོགས།། རྗེས་འཇུག་ཡི་གེ་བཅུ་རུ་འདོད།། དེ་ཡང་་་་དང་པོ་ཞེས་པ་ཀ་སྡེ། གསུམ་པ་ནི་ཏ་སྡེ། བཞི་པ་ནི་པ་སྡེ་རྣམས་ཀྱི་བཤམ་ལ་གནས་པའི་མས་ཀྱི་ཡི་གེ་གཉིས་གཉིས་ཏེ། ཀ་སྡེ་ལས་ག་ང་། ཏ་སྡེ་ལས་ད་ན། པ་སྡེ་ལས་བ་མ་རྣམས་དང་ སྡེ་པ་དྲུག་པ་ཞ་སྡེའི་གསུམ་པ་འ་དང་ སྡེ་པ་བདུན་པ་ར་སྡེ་ལས་ཤ་ཡིག་མ་གཏོགས་པའི་ལྷག་མ་ར་ལ་ས་གསུམ་བཅས་ལ་རྗེས་འཇུག་གི་ཡི་གེ་བཅུ་རུ་འདོད་པ་ཡིན་ནོ།། དེ་དག་མིང་གཞི་རྣམས་ཀྱི་རྗེས་སུ་འཇུག་པས་ན་རྗེས་འཇུག་གོ།
གཉིས་པ་ སྔོན་འཇུག་བཤད་པ་ནི། རྗེས་འཇུག་ཡི་གེ་བཅུ་ཉིད་ལས།། དང་པོ་གསུམ་པ་ལྔ་པ་དྲུག། བདུན་པ་རྣམས་ནི་སྔོན་དུའང་འཇུག།
ཅེས་པས་བསྟན་པའང་རྗེས་འཇུག་ཡི་གེ་བཅུ་རྣམས་ལས་ དང་པོ་ག གསུམ་པ་ད། ལྔ་པ་བ། དྲུག་པ་མ། བདུན་པ་འ་རྣམས་ནི་རྗེས་སུ་འཇུག་པ་མ་ཟད་ཡི་གེ་རྣམས་ཀྱི་སྔོན་དུ་ཡང་འཇུག་པས་ན་སྔོན་འཇུག་ཅེས་བྱའོ།།
གསུམ་པ་་་ མི་འཇུག་པ་བཤད་པ་ནི། མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ།། དེ་ལ་དབྱངས་ཀྱི་བཞིར་ལྡན་ཡང་།། གང་དུའང་འཇུག་མིན་སྦྱར་བའང་མིན།། དེ་ཡང་སྔོན་འཇུག་ལྔ་དང་རྗེས་འཇུག་བཅུ་བསལ་བའི་ལྷག་མ་ མིང་གཞི་ལྷག་མ་མིང་གཞི་ཁོ་ན་ཡིན་པ་ནི། ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་སྟེ་མིང་གཞི་ཉི་ཤུ་པོ། དེ་དག་ནི་ཚེག་བར་གཅིག་ཏུ་ ཡི་གེའམ་མིང་གཞི་གཉིས་ཙཀ་ལྟ་བུ་དང་ ཚཕཁ་ལྟ་བུ་གསུམ་སྦྲེལ་དང་ ཝཟིཡ་ལྟ་བུ་དབྱངས་གི་གུས་བཞིར་ལྡན་ཡང་ དེ་རྣམས་རང་གྲགས་པའི་མིང་གི་ཐ་སྙད་གང་དུའང་འཇུག་པ་མིན་པས་འདི་བཞིན་སྦྱར་བར་རིགས་པའང་མིན་ནོ། ཞེས་པའི་དོན་ནོ།།
གཉིས་པ་་་་་་་་་་་སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ལ་གཉིས།
༡༽ རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ། ༢༽ ཕྲད་རང་དབང་ཅན་བཤད་པ།
དང་པ་་་་་་་་་་་རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་ལ་བརྒྱད།
༡༽སླར་བསྡུ། ༢༽ལ་དོན། ༣༽ཨི་ལྡན། ༤༽རྒྱན་སྡུད།
༥༽ལྷག་བཅས། ༦༽འབྱེད་སྡུད། ༧༽འབྱུང་ཁུངས། ༨༽བོད་པའི་སྒྲ་བཅསོ།།
དང་པ་སླར་བསྡུ་ནི། རྗེས་འཇུག་ཡི་གེ་བཅུ་པོ་ནི།། མིང་གང་གི་ནི་མཐར་སྦྱར་བ།།། དེ་ལ་ཨཱ་ལི་བཞི་པ་སྦྱར།། སླར་བསྡུ་བར་ནི་ཤེས་པར་བྱ།། ཞེས་པ་དེ་ཡང་ སྔར་བཤད་པའི་རྗེས་འཇུག་བཅུ་པོ་དེ་རྣམས་ནི་ མིང་ཚིག་གང་ཡང་རུང་བ་ཞིག་གི་ནི་མ་མཐར་སྦྱར་བ་ དེ་དག་ལ་ཨཱ་ལི་སྟེ་དབྱངས་བཞི་པ་ཨོ་ཡིག་རྣ་རུ་སྦྱར་བ་ན་ གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་སྟེ་བཅུ་དང་ད་དྲག་གི་མཐར་དོན་གྱིས་འཐོབ་པ་ཏོ་བཅས་པ་བཅིུག་པོ་རྣམས་ནི་སྐབས་སུ་བབས་པའི་བརྗོད་བྱའི་དོན་དེ་ཙམ་གྱིས་བསྡུ་བར་སོང་བས་ན་སླར་བསྡུའི་སྒྲ་ཞེས་བྱ་བ་ནི་ཤེས་པར་བྱ་དགོས་པ་ཡིན་ནོ། དེ་ལ་ རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ་བ་ཡིན།། སླར་བསྡུ་ལ་ཚིག་ཕྲད་བཅིུག་སྟེ། གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་ཏོ་བཅས་ཡིན། སླར་བསྡུའི་ཚིག་ཕྲད་ཀྱི་སྒྲ་སྦྱོར་ལེགས་བཤད་ལྗོན་དབང་ལྟར་བྱས་ན།
དྲག་ཡོད་ཏོ་དང་མཐའ་མེད་འོ།། གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར།། ཞེས་གསུངས་པ་བཞིན།ད་དྲག་ཅན་གྱི་མཐར་ཏོ་དང་།
མཐའ་མེད་ཀྱི་མཐར་འོ་དང་། གཞན་རྣམས་ནི་མིང་མཐའ་སྟེ་རྗེས་འཇུག་དང ་རྗེས་སུ་མཐུན་པ་སྦྱར་དགོས།
དཔེར་བརྗོད།
༡༽ གཙུག་ལག་ཁང་གི་ནང་དུ་མི་གཅིག་འདུག་གོ། ༢༽ མཆོད་རྟེན་གྱི་སྒང་ལ་རྨ་བྱ་ཞིག་བབས་པ་ངས་མཐོང་ངོ་།
༣༽ རྒྱ་ གར་གྱི་སྤྱི་ཚོགས་སུ་རིགས་མི་འདྲ་བ་བཞི་ཡོད་དོ། ༤༽ སངས་རྒྱས་དཀོན་མཆོག་ལ་དོན་གཉིས་མཐར་ཕྱིན་པའི་ཡོན་ཏན་ལྡན་ནོ།
༥༽ བསྟ ན་འཛིན་གྱིས་རང་གི་སྐྱོན་རྣམས་ལག་པས་མི་བཀབ་བོ། ༦༽ དཀོན་མཆོག་ལ་གསུམ་མོ།
༧༽ མ་བྱིན་པར་ལེན་པ་ནི་ལས་ཀྱི་མཐའ་མའོ།
༨༽ གཞན་གྱི་རྒྱུ་ནོར་ཟ་བ་ནི་དཀོར་རོ། ༩༽ ཤེས་སྤྱོད་གཉིས་ལྡན་གྱི་སློབ་མ་རྣམས་ལ་བྱ་དགའ་ཕུལ་ལོ།
༡༠༽ བཅོམ་ལྡན་འདས་དགུང་ ལོ་བརྒྱད་ཅུ་གྱ་གཅིག་ལ་དགོངས་པ་རྫོགས་སོ། ༡༡༽
དུས་རབས་ཉེར་གཅིག་པ་འདིའི་ནང་དུ་ཡ་རབས་ཅན་ནི་ཧ་ཅང་དཀོནད་ཏོ། གཉིས་པ་ལ་དོན་ལའང་གཉིས།
༡༽
གཞུང་དོན་འགྲོལབ། ༢༽ སྦྱོར་ཚུལ་བཤད་པའོ།།
དང་པོ་གཞུང་དོན་འགྲོལ་བ་ནི། རྗེས་འཇུག་ཡི་གེ་བཅུ་རྣམས་ལས།།
གང་མིང་མཐའ་ན་བཅུ་པ་གནས།། དེ་ལ་ཨཱ་ལི་གཉིས་པ་སྦྱར།། གང་མིང་མཐའ་ན་བརྒྱད་པ་གནས།། དེ་ལ་གཉིས་པ་ཨུ་ཡང་སྦྱར།།
གང་མིང་མཐའ་ན་གསུམ་པ་གནས།།
དེ་ལ་ཨཱ་ལི་གཉིས་པ་སྦྱར།། བཞི་པ་དགུ་པ་དངོས་ཀྱང་སྟེ།། ལས་དང་ཆེད་དང་རྟེན་གནས་དང་།།
དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།། དེ་ཡང་རྗེས་འཇུག་ཡི་གེ་བཅུ་རྣམས་ལས་ གང་ཡང་རུང་བའི་མིང་གི་མཐའ་ན་རྗེས་འཇུག་བཅུ་པ་༼ས༽ཡིག་གནས་པ་དེ་ལ་ཨཱ་ལི་གཉིས་པ་༼ཨུ༽ཡིག་སྟེ་ཞབས་ཀྱུ་སྦྱར་བས་༼སུ༽ཞེས་གྲུབ་པ་དང་། དེ་བཞིན་དུ་ གང་ཡང་རུང་བའི་ཚེག་བར་གཅིག་པའི་མིང་མཐའ་ན་རྗེས་འཇུག་བརྒྱད་པ་༼ར༽ཡིག་སྦྱར་ཏེ་གནས་པ་ བརྒྱད་པ་ལུ་ཞེས་བརྗོད་དགོས་པ་ལ་༼བརྒྱད་པར༽ཞེས་པ་ལྟ་བུ་འཇུག་པ་དང་། ཡང་༼ར༽ཡིག་དེ་ཉིད་ཚེག་བར་ཕྱིས་པ་ལ་ཨཱ་ལི་གཉིས་པར་ཞབས་ཀྱུ་སླར་ཡང་སྦྱར་བས་༼རུ༽ཞེས་གྲུབ་པ་དང་། གང་ཡང་རུང་བའི་མིང་གི་མཐའ་ན་རྗེས་འཇུག་གསུམ་པ་༼ད༽ཡིག་གནས་པ་ལ་ཨཱ་ལི་གཉིས་པ་སྟེ་སྔ་མ་ལྟར་ཞབས་ཀྱུ་སྦྱར་བས་༼དུ༽ཞེས་གྲུབ་པ་དང་ རྗེས་འཇུག་བཞི་པ་༼ན༽དང་ དགུ་པ་༼ལ༽གཉིས་ནི་དབྱངས་ཀྱིས་མ་བརྒྱན་པའི་དངོས་ཀྱང་སྟེ་སྔར་གང་ཡིན་ལྟ་བུ་བཞག་དགོས་པས་དངོས་བསྟན་དྲུག་དང་ཤུགས་བསྟན་༼ཏ༽ཡིག་ལ་ཨུ་ཞུགས་པ་༼ཏུ༽བཅས་དོན་རྣམ་པ་བདུན་དུ་ངེས་པའི་འཇུག་ཡུལ་ནི།
ལེགས་བཤད་ལྗོན་དབང་ལྟར་ན། རྣམ་དབྱེ་གཉིས་བཞི་བདུན་པ་དང་།། དེ་ཉིད་ཚེ་སྐབས་རྣམས་ལ་འཇུག། ཞེས་གསུངས་པ་ལྟར། རྣམ་ དབྱེ་གཉིས་པ་ལས་སུ་བྱ་བ་དང་། རྣམ་དབྱེ་བཞི་པ་དགོས་ཆེད་དང་། རྣམ་དབྱེ་བདུན་པ་གནས་གཞི་དང་། ལས་སུ་བྱ་བའི་ནང་གསེས་དེ་ཉིད་དང་།
རྣམ་དབྱེ་བདུན་པའི་ནང་གསེས་ཚེ་སྐབས་བཅས་དོན་མི་འདྲ་བ་ལྔ་ལ་འཇུག་གོ།
༡༽ སྐྱབས་སུ་མཆིའོ་ལྟ་བུ་ལས་སུ་བྱ་བའི་དོན་ཅན་དུ་འཇུག་པས་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ།
༢༽ དབུལ་ཕོངས་ལ་སྦྱིན་པ་ལྟ་བུ་ཆེད་དུ་བྱ་བའི་དོན་ཅན་དུ་འཇུག་པས་རྣམ་དབྱེ་བཞི་པ་དགོས་ཆེད།
༣༽ ཤར་ཕྱོགས་སུ་འོད་ལྟ་བུ་གནས་གཞིའི་དོན་ཅན་དུ་འཇུག་པས་བདུན་པ་རྟེན་གནས།
༤༽ འོད་དུ་གསལ་ལྟ་བུ་ལས་དང་བྱ་བ་ཐ་མི་དད་པའི་རང་གི་དེ་ཁོ་ན་ཉིད་སྟོན་པའི་དོན་ཅན་དུ་འཇུག་པས་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་ནང་
གསེས་དེ་ཉིད།
༥༽ ཉི་མ་ཤར་བ་ན་ཆོས་སྟོན་ལྟ་བུ་དུས་བརྗོད་པ་གཙོ་ཅན་ཡིན་པས་རྣམ་དབྱེ་བདུན་པའི་ནང་གསེས་ཚེ་སྐབས་བཅས་དོན་ནི་རྣམ་པ་
ལྔ་ལ་འཇུག་པ་ཡིན་ཞེས་སོ།
རྐྱེན་དེ་དག་ཐམས་ཅད་རྣམ་དབྱེར་སྦྱོར་བ་ན་ལ་སྒྲའི་འཇུག་པ་དང་ཕལ་ཆེར་མཐུན་པས་ལ་སྒྲ་ཞེས་བརྗོད་པ་ཡིན།
ལ་དོན་ལ་ཚིག་ཕྲད་བདུན་ཡོད།
སུ་ར་རུ་དུ་ན་ལ་ཏུ་བཅས་སོ།
ལ་དོན་ཚིག་ཕྲད་ཀྱི་སྒྲ་སྦྱོར་ ལེགས་བཤད་ལྗོན་དབང་ལྟར་བྱས་ན། ས་སུ་ག་བ་དྲག་མཐར་ཏུ།
།ང་ད་ན་མ་ར་ལ་དུ།། འ་དང་མཐའ་མེད་ར་དང་རུ།། ན་ལ་ཕལ་ཆེར་ཀུན་ལ་མཉམ།།
དེ་ཉིད་དོན་ལ་དེ་དག་མིན། ཞེསོ།
དཔེར་ནཿ ཤར་ཕྱོགས་སུ་འགྲོ། བླ་མའི་ཕྱག་ཏུ་འཕུལ།
ལ་མོའི་རྒྱབ་ཏུ་ཕྱིན། དོན་ཀུནད་ཏུ་བསམ། དཀྱིལ་འཁོརད་ཏུ་མཆོད་པ། ཕ་རོལད་ཏུ་ཕྱིན།
གང་དུ་འགྲོ། དེ་ཉིད་དུ་མི་འཇུག། འདུན་དུ་འོང་། མཉམ་དུ་བཞུགས། བསྐོར་དུ་གསོལ།
རྟར་རྩྭ་སྟེར། རྟ་རུ་རྩ་སྟེར། ༼ན་ལ༽ གཉིས་ནི་ འཇུག་ཡུལ་གྱི་དོན་ཀུན་ལ་འཇུག་ཀྱང་
དེ་ཉིད་ཀྱི་དོན་ལ་མི་འཇུག་ཅེས་སོ།
གསུམ་པ་ཨི་ལྡན་བཤད་པ་ལ་གཉིས་སོ།
༡༽ མདོར་བསྟན་པ་དང་། ༢༽ རྒྱས་པར་བཤད་པའོ།།
དང་པ་མདོར་བསྟན་པ་ནི། རྗེས་འཇུག་ཡི་གེ་བཅུ་པོ་ལ།། ཨི་དང་མཐུན་ལུགས་འདི་ཞེས་བྱ།།
ཞེས་པ་དེའང་ རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་དག་གང་རུང་
རྗེས་སུ་ཞུགས་པའི་མིང་རྣམས་ལ་ ཨི་ཡིག་དང་སྦྱར་བའི་ རྣམ་དབྱེའི་ཕྲད་རྣམས་
ཇི་ལྟར་མཐུན་པར་སྦྱར་བའི་ལུགས་ནི་ འདི་དང་འདིའོ་ཞེས་བསྟན་པར་བྱའོ།
གཉིས་པར་རྒྱས་པར་བཤད་པ་ལའང་གཉིས།
༡༽ འབྲེལ་སྒྲ་བཤད་པ་དང་། ༢༽ བྱེད་པ་པོའི་སྒྲ་བཤད་པ་གཉིསོ།
དང་པོ་
འབྲེལ་སྒྲ་བཤད་པ་ནི། དང་པོ་གཉིས་ལ་དང་པོ་མཐུན།།
གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།། བདུན་པ་ཉིད་ལ་བདུན་པ་སྟེ།། ལྷག་མ་རྣམས་ལ་གྱ་སྦྱར་བ།།
དེ་དག་ཨི་སྦྱར་འབྲེལ་བའི་ས།། དེའང་རྗེས་འཇུག་བཅུའི་དང་པོ་གཉིས་ཞེས་༼ག༽དང་༼ང་༽གཉིས་པོ་གང་རུང་རྗེས་སུ་ཞུགས་པའི་མིང་ཚིག་རྣམས་ལ་ནི་རྗེས་འཇུག་དང་པོ་༼ག༽ཉིད་མཐུན་པ་དང་ དེ་བཞིན་རྗེས་འཇུག་གསུམ་པ་༼ད༽ ལྔ་པ་༼བ༽ བཅུ་པ་༼ས༽རྣམས་རྗེས་སུ་ཞུགས་པ་ལ་༼ཀྱ༽དང་སྦྱར་བ་དང་། བདུན་པ་༼འ༽མཐའ་རྣམས་ལ་དངོས་སུ་འ་ཡིག་ཡོད་དམ་མེད་ཀྱང་རུང་ དེ་དག་ལ་རྗེས་འཇུག་བདུན་པ་༼འ༽ཉིད་སྦྱར་བ་དང་། འ་ཡིག་གི་མཐར་རྐང་པ་ཁ་སྐོང་དགོས་པའི་ཚེ་༼ཡ༽ཡིག་སྦྱར་བ། དེ་ལ་གཞན་ལྷག་མ་བཞི་༼ན་མ་ར་ལ༽རྗེས་སུ་ཞུགས་པ་རྣམས་ལ་ནི་༼གྱ༽ཡིག་སྟེ་གི་གུ་སྦྱར་བས་༼གི་ཀྱི་འི་ཡི་གྱི༽རྣམས་སུ་གྲུབ་པ་ནི་༔ རྟེན་དང་བརྟེན་པའམ་ཡན་ལག་དང་ཡན་ལག་ཅན་སོགས་མིང་དོན་ཕན་ཚུན་འབྲེལ་བ་བརྗོད་པའི་དོན་ཅན་གྱི་སྒྲ་ཡིན་པས་འབྲེལ་བའི་ས་ཞེས་བྱའོ།
ཨི་ལྡན་གྱི་གོ་དོན།
ཚིག་ཕྲད་རྣམས་ཀྱི་འགོར་དབྱངས་ཡིག་གི་གུ་ལྡན་པས་ཨི་ལྡན་ཟེར། འབྲེལ་གྱི་གོ་དོན། ཆོས་གཉིས་ཕན་ཚུན་བར་འབྲེལ་བ་གཙོ་བོ་སྟོན་པའི་ཨི་ལྡན་གྱི་ཚིག་ཕྲད་ལ་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཟེར། ཨི་ལྡན་ལ་ཚིག་ཕྲད་བཅུ་སྟེ།
གྱི་ཀྱི་གི་འི་ཡི་གྱིས་ཀྱིས་གིས་འིས་ཡིས་བཅས་སོ།།
ཨི་ལྡན་ཚིག་ཕྲད་ཀྱི་སྒྲ་སྦྱོར་ལེགས་བཤད་ལྗོན་དབང་ལྟར་བྱས་ན། སྦྱོར་ཚུལ་ན་མ་ར་ལ་གྱི།།ད་བ་ས་ཀྱི་ག་ང་གི།།འ་དང་མཐའ་མེད་འི་དང་ཡི། ཞེསོ།།
དཔེ༔ བདག་གི། གང་གི། ཐམས་ཅད་ཀྱི། ཁབ་ཀྱི།
རྣམས་ཀྱི། མཁའི། མཁའ་ཡི། དེའི། དེ་ཡི། སྨན་གྱི། ལམ་གྱི། གསེར་གྱི། དལ་གྱི།
ལྟ་བུའོ།
གཉིས་པ་བྱེད་སྒྲ་བཤད་པ་ནི། དེ་ཉིད་ལ་ནི་བཅུ་པ་སྦྱར།། བྱེད་པ་པོ་རུ་བཤད་པར་བྱ།། དེ་ཡང་ བཤད་མ་ཐག་པའི་རྣམ་དབྱེ་དྲུག་པའི་སྒྲ་༼གི་ཀྱི་འི་ཡི་གྱི༽ དེ་དག་ཉིད་ལ་ནི་རྗེས་འཇུག་བཅུ་པ་༼ས༽ཡིག་སྦྱར་བས་༼གིས་ཀྱིས༌འིས་ཡིསགྱིས༽རྣམས་སུ་གྲུབ་པ་ནི་བྱེད་པ་པོས་བྱ་བར་སྦྱོར་བ༌སྟོན་པས་ རྣམ་དབྱེ་གསུམ་པ་བྱེད་པ་པོའི་ས་རུ་ཤེས་པར་བྱ་ཞེསོ།།
དཔེ་་་་དབང་ཕྱུག་གིས་དཔེ་ཆ་སྟོན། སངས་རྒྱས་ཀྱིས་ཆོས་གསུངས། ལྟ་བུའོ།
བཞི་པ་རྒྱན་སྡུད་ནི། རྒྱན་སྡུད་ཀྱི་གོ་དོན་ནི།
ཚིག་སྔ་ཕྱི་མཐུན་མི་མཐུན་དང་སྡུད་པའི་དོན་ལ་འཇུག་པའི་ཚིག་ཕྲད་ལ་རྒྱན་སྡུད་ཅེས་བརྗོད། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར།།
ཚིག་རྒྱན་གཉིས་དང་སྡུད་པར་འགྱུར།། དེ་ཡང་གོང་དུ་བཤད་པའི་འབྲེལ་སྒྲ་ དེ་དག་ལས་༼ཀྱི༽དང་༼འི༽གཉིས་ཀྱི་ཨཱ་ལི་སྟེ་གི་གུ་ཕྱིས་ནས་རྗེས་འཇུག་གཉིས་པ་༼ང་༽ ཡིག་སྦྱར་བས་ཀྱང་དང་འང་ཞེས་སྒྲུབ་པ་དང་ འདིར་མ་བསྟན་ཡང་དོན་གྱི་ཐོབ་པའི་༼ཡང་༽དང་བཅས་པ་གསུམ་པོ་དེ་ནི་་་་་ ༡༽ མཛེས་ཀྱང་མཛེས། ལྟ་བུ་ཚིག་སྔ་ཕྱི་གཉིས་མཐུན་པའི་རྒྱན། ༢༽ བཏུད་ཀྱང་ཁྲོ། ལྟ་བུ་ཚིག་སྔ་ཕྱི་གཉིས་མི་མཐུན་པའི་རྒྱན། ༣༽ འདི་ནི་ཨུཏྤལ་ཡང་ཡིན་ལ་སྔོན་པོའང་ཡིན།
ལྟ་བུ་གཞི་གཅིག་ལ་ཆོས་གཉིས་སམ་དུ་མ་སྡུད་ཅིང་སྦྱོར་བའི་སྒྲ་སྟེ་ གསུམ་པོ་དེ་རྣམས་ལ་འཇུག་པར་འགྱུརོ།
ཞེས་སོ།
རྒྱན་སྡུད་ཚིག་ཕྲད་ཀྱི་སྒྲ་སྦྱོར་ལེགས་བཤད་ལྗོན་དབང་ལྟར་བྱས་ན།
ག་ད་བ་ས་དྲག་མཐར་ཀྱང་།
།ང་ན་མ་ར་ལ་མཐར་ཡང་། །འ་དང་མཐའ་མེད་འང་དང་ཡང་།། ཞེསོ། དཔེཿ བདག་ཀྱང་། དད་ཀྱང་། བསླབ་ཀྱང་། ཞེས་ཀྱང་། ཕྱིནད་ཀྱང་།
བསྐོརད་ཀྱང་། སྩལད་ཀྱང་། མཐོང་ཡང་། མཁྱེན་ཡང་། མཉམ་ཡང་། མགུར་ཡང་། འཕུལ་ཡང་། གནམ་མཁའང་།
གནམ་མཁའ་ཡང་། ཞེས་པ་ལྟ་བུའོ།
ལྔ་པ་ལྷག་བཅས་་ཀྱི་སྒྲ་ནི། ལྷག་བཅས་ཀྱི་གོ་དོན་ནི།
བསྟན་བྱ་ལྷག་མ་ཡོད་པ་སྟོན་པའི་ཚིག་ཕྲད་ལ་ལྷག་བཅས་ཟེར། ལ་དོན་སུ་ལ་ཨུ་ཕྱིས་ནས།།
དེ་ལ་གསུམ་པའི་དང་པོ་སྦྱར།། དེ་ལ་ཨཱ་ལི་གསུམ་པ་སྦྱར།། དེ་ནི་ལྷག་དང་བཅས་པའོ།། ཞེས་པ་དེ་ཡང༌་སྔར་བཤད་པའི་ལ་དོན་གྱི་ནང་ཚན་༼སུ༽ ཞེས་པ་དེ་ལ་ཨུ་སྟེ་ཞབས་ཀྱུ་ཕྱིས་ནས་༼ས༽ཞེས་ གནས་པ་དེ་ལ༌ཀཱ་ལིའི་སྡེ་པ་གསུམ་པའི་དང་པོ་༼ཏ༽ཡིག་སྦྱར་ཞིང་ དེ་ལ་སླར་ཡང་སྟེང་དུ་ཨཱ་ལི་གསུམ་པ་སྟེ་འགྲེང་བུ་སྦྱར་བས་༼སྟེ༽ཞེས་གྲུབ་པ་དང་ འདིར་དངོས་སུ་མ་བཤད་ཀྱང་ཤུགས་ཀྱིས་བསྟན་པའི་༼ཏེ༽དང་༼དེ༽གཉིས་བཅས་གསུམ་པོ་དེ་ནི་ལྷག་མ་འདྲེན་པའི་དོན་དུ་འགྱུར་བས་ལྷག་མ་དང་བཅས་པའི་སྒྲ་ཞེས་བྱའོ།།
ལྷག་བཅས་ཚིག་ཕྲད་ཀྱི་སྒྲ་སྦྱོར་ལེགས་བཤད་ལྗོན་དབང་ལྟར་བྱས་ན། ན་ར་ལ་ས་དྲག་མཐར་ཏེ། ད་དེ་ག་ང་བ་མ་འ།
།མཐའ་མེད་རྣམས་ལ་ས་སྟེ་ཐོབ།། ཞེས་གསུངས་པ་ལྟརོ། མཁྱེན་ཏེ། འཕུར་ཏེ། འཚལ་ཏེ། གནས་ཏེ། ཕྱིནད་ཏེ། འགྱུརད་ཏེ། སྩལད་ཏེ། བཤད་དེ།
འབག་སྟེ། འཕང་སྟེ། ཐོབ་སྟེ། བསམ་སྟེ། དགའ་སྟེ། འགྲོ་སྟེ། ལྟ་བུའོ།
ལྷག་བཅས་ཀྱི་ཚིག་ཕྲད་ནི།
༡༽
མཚམས་སྦྱོར་ལྷག་བཅས་དང་། ༢༽ དམ་བཅའ་ལྷག་བཅས་དང་། ༣༽ གཞན་འདྲེན་ལྷག་བཅས་ བཅས་དོན་གསུམ་ལ་འཇུག་གོ།
མཚམས་སྦྱོར་ལྷག་བཅས་ནི། བྱ་བ་སྔ་ཕྱི་མཚམས་སྦྱོར་བའི་ལྷག་བཅས་ཀྱི་ཚིག་ཕྲད་ལ་མཚམས་སྦྱོར་ལྷག་བཅས་ཟེར།
མཚམས་སྦྱོར་བ་ལ་གསུམ། ༡༽ ཚིག་སྔ་མ་བྱེད་པ་དང་ཕྱི་མ་བྱ་བ་སྦྱོར་བའི་འདྲེན་བྱེད་དང་དྲང་བྱ་དུས་རིམ་པར་འཇུག་པ། ༼ཚིག་སྔ་མ་ལུ་ལཱ་ཅིག་འབད་མི་འདི་ལུ་བརྟེན་ཏེ་དེའི་གྲུབ་འབྲས་ལུ་བྱ་བ་གཞན་ཅིག་འབྱུང་བའི་ཚིག་གི་ལྷག་མ་འདྲེན་མི་ལུ་སླབ་ཨིན།༽ དཔེ༔ མདའ་འཕངས་ཏེ་ཕོག།
མེ་བཏང་སྟེ་འཚིག། ལྟ་བུ།
༢༽ ཚིག་སྔ་ཕྱི་གཉིས་ཀ་བྱ་བར་སྦྱོར་ཞིང་དུས་རིམ་གྱིས་འཇུག་པ། ༼ཚིག་སྔ་མ་དང་ཕྱི་མ་གཉིས་ཀྱི་གནད་དོན་སོ་སོ་འབད་མི་གཉིས་དུས་རིམ་བཞིན་
མཚམས་སྦྱོར་བའི་དོན་ལུ་འཇུག་མི་ལུ་སླབ་ཨིན།༽ དཔེ༔ ལྷ་མཆོད་དེ་ལས་བྱ། ལས་ཀ་བྱས་ཏེ་ངལ་འཚོ། ལྟ་བུའོ།
༣༽ སྔ་ཕྱི་མེད་པར་དུས་མཉམ་དུ་འཇུག་པ། དཔེ༔ མགོ་གཡུག་སྟེ་འགྲོ།
ལེའུ་བསྒྱུར་ཏེ་བྲོ་འཁྲབ།
༔ འདི་རྣམས་ནི་ ནས་དང་ཅིང་སོགས་ཀྱི་ཕྲད་དང་ཡང་འཇུག་པ་མཐུན་ནོ།།
དམ་བཅའ་ལྷག་བཅས་ནི།
ཚིག་སྔ་མར་དམ་བཅས་པའི་བརྗོད་དོན་གསལ་བྱེད་དུ་ཚིག་ཕྱི་མ་དྲངས་པ་ལ་དམ་བཅའ་ལྷག་བཅས་ཟེར།
དམ་བཅའ་བ་ལ་བཞི། ༡༽ དབྱེ་བ་འདྲེན་པ། དཔེ༔ དངོས་པོ་ནི་གསུམ་སྟེ་བེམས་པོ་དང་ཤེས་པ་དང་ལྡན་མིན་འདུ་བྱེད་དོ།བདེན་པ་གཉིས་ཏེ་ཀུན་རྫོབ་དང་དོན་དམ་མོ།
༢༽ གཏན་ཚིག་འདྲེན་པ། དཔེ༔ རྟག་པ་ཡིན་ཏེ་འདུས་མ་བྱས་ཡིན་པའི་ཕྱིར། མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར།
༣༽ ངེས་ཚིག་འདྲེན་པ། དཔེ༔ སངས་རྒྱས་ཏེ་མ་རིག་པའི་གཉིད་ལས་སངས་ནས་ཤེས་བྱ་བློ་གྲོས་པདྨ་ལྟར་རྒྱས་པའོ།། ཀ་བ་སྟེ་གདུང་བཏེགས་ཀྱི་བྱ་བ་བྱེད་ནུས་པས་སོ།
༤༽ རྒྱས་བཤད་འདྲེན་པ། དཔེ༔ བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།།
ཞེས་གསུངས་ཏེ་ བསླབ་པ་ནི་ལྷག་པ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་གསུམ་དུ་ནང་པ་ལ་གྲགས་པ་དང་ཕྱི་རོལ་པ་ལའང་འདི་ལྟར་ཞེས་སོགས་དབྱེ་བ་ཡིན།།་ལྟ་བུའོ།།
གཞན་འདྲེན་ལྷག་བཅས་ནི། མཚམས་སྦྱོར་དང་དམ་བཅའ་མིན་པའི་དོན་གཞན་འདྲེན་པའམ་ཚིག་སྔ་མ་ཡོད་པ་བཞིན་ཕྱི་མ་ལའང་དེ་ལྟར་ཡོད་པར་འདྲེན་པ་ལ་གཞན་འདྲེན་ལྷག་བཅས་ཟེར། དཔེ༔ ཁྱོད་ནི་དཔལ་ཏེ་ཁྱོད་ནི་མགོན། མཁའ་ལ་གློག་འཁྱུག་སྟེ་ས་ལ་སྨུག་པ་འཐིབས། ཉི་མ་ནི་ནམ་མཁའ་ལ་གནས་ཏེ་ཟླ་བའང་དེ་བཞིན་ནོ།།
ལྟ་བུའོ།
དྲུག་པ་འབྱེད་སྡུད་ནི། རྗེས་འཇུག་ཡི་གེ་བཅུ་པོ་ནི།།
དྲུག་པ་སྦྱར་ན་འབྱེད་སྡུད་ཡིན།། དེ་ཡང་རྗེས་འཇུག་ཡི་གེ་བཅུ་པོ་རྣམས་ལ་རྗེས་འཇུག་དེ་ཉིད་ཀྱི་དྲུག་པ་༼མ༽ཡིག་སྦྱར་བས་༼གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ༽ རྣམས་སུ་གྲུབ་པ་དང་དོན་གྱི་ཐོབ་པའི་༼ཏམ༽ བཅས་བཅིུག་པོ་ནི་སྦྱོར་ཚུལ་སླར་བསྡུའི་སྐབས་དང་འདྲ། སྒྲ་སྦྱོར་གྱི་དཔེཿ
དག་གམ། སོང་ངམ། ཡོད་དམ། ཡིན་ནམ། འཐོབ་བམ། བསམ་མམ། དགའ་འམ།དགའམ། འགྱུར་རམ། འཕུལ་ལམ།
འདུས་སམ། ཕྱིནད་ཏམ། འགྱུརད་ཏམ། འཕུལད་ཏམ། ལྟ་བུའོ།
འཇུག་ཡུལ་ནི།
༡༽ དབྱེ་གཞི་གཅིག་ལས་དུ་མར་འབྱེད་པ།དཔེ༔
ཆོས་ནི་གཉིས་ཏེ་འདུས་བྱས་སམ་འདུས་མ་བྱས་སོ།
༢༽ ཚིག་དོན་དུ་མ་དོན་གཅིག་ཏུ་སྡུད་པའི་སྒྲ།དཔེ༔ འདུས་བྱས་སམ་འདུས་མ་བྱས་ནི་ཆོས་སོ།།
གཞན་ཡང་་་་་་་་་་་ དྲི་བ་དང་ཐེ་ཚོམ་ལའང་འཇུག་པར་ཤེས་དགོས།དཔེ༔ བཟང་པོར་ཡོདདམ? ལེགས་པོར་བཞུགས་སམ?
བདག་གིས་དཔེ་ཆར་བརྩོན་ན་མཐར་འཁྱོལ་ལམ་མི་འཁྱོལ། སྣུམ་འཁོར་དུ་མི་ཡོད་དམ་མེད་དམ།
ལྟ་བུའོ།
བདུན་པ་འབྱུང་ཁུངས་ལའང་གཉིས།
༡༽
དངོས་དང་། ༢༽
དེ་དགར་སྡུད་ལ་འཇུག་པའི་ཚུལ་གཉིསོ།།
དང་པོ་འབྱུང་ཁུངས་དངོས་ནི། རྗེས་འཇུག་ཡི་གེ་བཅུ་པོ་ནི།།
བཞི་པ་དགུ་པ་ལ་བཅུ་པ།། སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ།། ཞེས་པ་དེ་ཡང་ རྗེས་འཇུག་གི་ཡི་གེ་བཅུ་པོའི་ནང་ནས་རྗེས་འཇུག་བཞི་པ་༼ན༽དང་དགུ་པ་༼ལ༽གཉིས་ལ་ རྗེས་འཇུག་བཅུ་པ་༼ས༽ཡིག་སྦྱར་བས་༼ནས་༌དང་ལས༽ ཞེས་གྲུབ་པ་ནི་ ཆོས་གང་ཞིག་རང་གི་འབྱུང་སའི་ཁུངས་དངོས་སམ་གནས་སྐབས་དེ་ལས་འབྱུང་བ་བཤད་པ་ལ་འབྱུང་ཁུངས་ཟེར། ཏེ་ཞེས་པ་ནི་ལྷག་་མ་འདྲེན་པའི་ཚིག་གོ། འབྱུང་ཁུངས་ལ་དབྱེ་བ་འབྱུང་ཁུངས་དངོས་དང་ཆ་འདྲ་བ་རྒྱུ་མཚན་ལ་འཇུག་པ་རིག་མཐུན་དགར་བ་མི་མཐུན་དགར་བ།བཅས་ལྔའོ།། འབྱུང་ཁུངས་དངོས་ཀྱི་གོ་དོན་ནི།
ཆོས་གང་ཞིག་རང་གི་འབྱུང་སའི་ཁུངས་དངོས་བཤད་པ་ལ་འབྱུང་ཁུངས་དངོས་ཟེར། དཔེར་ན། མ་ལས་བུ།
བ་ནས་བེའུ། ལྟ་བུ།
འབྱུང་ཁུངས་ཆ་འདྲའི་གོ་དོན་ནི། ཆོས་གང་ཞིག་རང་གི་འབྱུང་སའི་ཁུངས་དངོས་མིན་པར་
གནས་སྐབས་དེ་ནས་འབྱུང་བ་ བཤད་པ་ལ་འབྱུང་ཁུངས་ཆ་འདྲ་ཟེར། དཔེར་ན། རྟ་ལས་ལྷུང་།
ལྟ་བུ།
འབྱུང་ཁུངས་ཀྱི་ཚིག་ཕྲད་སྦྱོར་ཚུལ་ལེགས་བཤད་ལྗོན་དབང་ལྟར་བྱས་ན།
འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས།
།རིགས་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག།། ཞེས་གསུངས་ པ་ལྟརོ།
རྒྱུ་མཚན་ལ་འཇུག་པ་ནི།
དུ་བ་ལས་མེར་ཤེས་ལྟ་བུ་
ལས་སྒྲ་ཁོ་ན་རྒྱུ་མཚན་ལ་འཇུག་པ་ཡོད་ཀྱང་རྣམ་དབྱེ་ལྔ་པ་ལས་མ་འདས་ཏེ། མེར་ཤེས་པའི་རྒྱུ་མཚན་དེ་དུ་བ་མཐོང་བ་ལས་བྱུང་བས་སོ།
གཉིས་པ་དགར་སྡུད་ལ་འཇུག་པའི་ཚུལ་ནི།
དགར་དང་སྡུད་པའང་དེ་བཞིན་ཡིན།། དེ་ཡང་ གོང་དུ་བཤད་ཟིན་པའི་ནས་ལས་ཀྱི་སྒྲ་དེ་དག་འབྱུང་ཁུངས་ཁོ་ནར་འཇུག་པ་མ་ཟད་རིགས་དང་བྱ་བ་ཡོན་ཏན་རྫས་རྣམས་ཀྱི་ཁྱད་པར་གང་ཡང་རུང་བ་ལོགས་སུ་དགར་བའི་དོན་ལ་འཇུག་པ་མ་ཟད་
དེ་རྣམས་ལ་ཡང་མཆོག་དམན་ཐ་དད་དགར་བ་སོགས་ཡོད་ཅིང་ དེ་ཀུན་ལ་ནས༌ལས་ཀྱི་འཇུག་ཚུལ་སོ་སོར་ཡོད་པ༌དང་དེ་ལས་ཀྱང་ནས་ཀྱི་སྒྲ་གཅིག་པུ་ཡུལ/
དུས/ དངོས་པོ་ལ་སོགས་པ་ མཚམས་འཛིན་ཅིང་སྡུད་པའི་དོན་དུའང་དེ་བཞིན་དུ་འཇུག་པ་ཡིན་ཞེསོ།།
ནས་དང་ལས་དགར་བ་ལ་འཇུག་ཚུལ། སྤྱིར་དགར་བ་ལ་༼ལས༽སྒྲ་ཁོ་ན་འཇུག་པ་གསུངས་ཀྱང་སླབ་ཐངས་གཅིག་ལ་རིགས་མཐུན་པ་ལ་༼ནས༽དང་མི་མཐུན་པ་ལ་༼ལས༽སྒྲ་འཇུག་པ་ཡང་ཡོད་དོ།
རིགས༌མཐུན༌དགར༌བ།དགར་གཞི་རིགས་མཐུན་པ་ཞིག་ལས་དགར་ཆོས་ཤིག་ལོགས་སུ་བཏོན་པ་ལ་རིགས་མཐུན་པ་དགར་བ་ཟེར།
མི༌མཐུན༌དགར༌བ།དགར་གཞི་རིགས་མི་མཐུན་པ་གཉིས་ལས་དགར་ཆོས་ཤིག་ལོགས་སུ་བཀར་ཏེ་བཏོན་པ་ལ་རིགས་མི་མཐུན་པ་དགར་བ་ཟེར།
དཔེར་ན། རྒྱ་མི་ལས་བོད་མི་ཆོས་ལ་དད་པ་ཆེ། རྟ་ལས་བོང་ཀུ་དམན།།
བྱ་ལས་འུག་པ་ཐ་སྡུག། ལྟ་བུའོ།།
དགར་བ་ལའང་བཞི། ༡༽ རིགས་ཀྱི་སྒོ་ནས་དགར་བ།
མཆོག་དམན་ཐ་དད། ༢༽
བྱ་བའི་སྒོ་ནས་དགར་བ། མཆོག་དམན་ཐ་དད།
་ ༣༽ ཡོན་ཏན་གྱི་སྒོ་ནས་དགར་བ།
མཆོག་དམན་ཐ་དད། ༤༽
རྫས་ཀྱི་སྒོ་ནས་དགར་བའོ།། མཆོག་དམན་ཐ་དད།
༡༽ རིགས་ཀྱི་སྒོ་ནས་དགར་བ།
མཆོག་དམན་ཐ་དད། མཆོག༔
དམངས་རིགས་ནས་རྒྱལ་རིགས་མཆོག། དམན༔ རྒྱལ་རིགས་ནས་དམངས་རིགས་དམན། ཐ་དད༔ རྗེའུ་རིགས་ནས་བྲམ་ཟེ་ཐ་
དད། ལྟ་བུའོ།།
༢༽
བྱ་བའི་སྒོ་ནས་དགར་བ། མཆོག་དམན་ཐ་དད། མཆོག༔ ཚོད་སྦྱིན་པ་ལས་ཚོད་བཟུང་བ་ལེགས། དམན༔
ཁ་ཉུང་བ་ལས་ཁ་མང་བ་དམན། ཐ་དད༔ ཉམ་ཆུང་བ་ལས་ཁམ་མཐོ་བ་ཐ་དད།
༣༽ ཡོན་ཏན་གྱི་སྒོ་ནས་དགར་བ། མཆོག་དམན་ཐ་དད། མཆོག༔
དཀར་པོ་ལས་དམར་པོ་ཁ་མདོག་མཛེས། དམན༔ ལི་ཝང་ལས་ཐལ་ཀའི་མདོག་ཤིན་ཏུ་དམན། ཐ་དད༔ གནག་པོ་ལས་དཀར་པོ་ ཐ་དད་དོ།
༤༽ རྫས་ཀྱི་སྒོ་ནས་དགར་བའོ།། མཆོག་དམན་ཐ་དད། མཆོག༔ གཟི་མིག་གཉིས་པ་ལས་གསུམ་པ་གོང་ཆེ། དམན༔ བྱུ་རྙིང་ལས་བྱུ་གསར་གོང་ཐང་ཆུང་། ཐ་དད༔
གསེར་ལས་དངུལ་ཐ་དད།
གོང་གི་རིགས་བྱ་བ་ཡོན་ཏན་རྫས་དགར་བ་རྣམས་ལ་གཞན་ཡང་གཞི་གཅིག་ལས་གཉིས་སམ་དུ་མ་དགར་བ་དང་གཞི་གཉིས་སམ་དུ་མ་གཅིག་ཏུ་དགར་བའི་འཇུག་་པའང་ཤེས་དགོས།
ནས་སྒྲ་སྡུད་པ་ལ་འཇུག་ཚུལ་ལ་གསུམ།
ཆོས་གང་ཞིག་དངོས་སུ་མ་སྨོས་ཀྱང་འབྱུང་ཁུངས་ཚིག་ཕྲད་ཀྱི་ནུས་པས་དེའི་ཁོངས་བསྡུས་པར་བསྟན་པ་ལ་སྡུད་པ་ཟེར།
༡༽ ཡུལ་གྱི་མཚམས་འཛིན་ཅིང་སྡུད་པ། ༢༽ དུས་གྱི་མཚམས་འཛིན་ཅིང་སྡུད་པ། ༣༽
དངོས་པོའི་མཚམས་འཛིན་ཅིང་སྡུད་པ།
༡༽ ཡུལ་གྱི་མཚམས་འཛིན་ཅིང་སྡུད་པ། འཛམ་གླིང་ཨེ་ཤི་ཡ་ནས་ཡོ་རོབ་བར། རྒྱ་མཚོ་ཕར་ཁ་ནས་ཚུ་ཁའི་བར་དུ།
༢༽ དུས་ཀྱི་མཚམས་འཛིན་ཅིང་སྡུད་པ། སྐྱེས་ནས་མ་འཆི་གི་བར། དུས་སྐད་ཅིག་ནས་བསྐལ་པའི་བར།
༣༽ དངོས་པོའི་མཚམས་འཛིན་ཅིང་སྡུད་པ། གོས་ཆེན་ནས་ཁ་ཤའི་བར།
གདུགས་ནས་འཁོར་ལོ་ཚུན།
བརྒྱད་པ་འབོད་སྒྲ་ནི། འབོད་སྒྲའི་གོ་དོན་ནི།
མིང་གི་སྔ་ཕྱི་གང་རུང་དུ་འབོད་པ་གསལ་བྱེད་ཀྱི་སྒྲ་སྦྱར་བས་འབོད་པའི་དོན་སྟོན་པ་ལ་འབོད་སྒྲ་ཟེར།
གང་མིང་བརྗོད་པའི་དང་པོ་རུ།།
ཀྱེ་སྦྱར་བ་ནི་བོད་པ་ཡིན།། ཞེས་པས་བསྟན། གང་ཡང་རུང་བའི་མིང་བརྗོད་པའི་དང་པོའམ་ཐོག་མར་ ཀྱེ་ཞེས་སྦྱར་བར་བྱས་ན་ནི་བོད་པའི་རྣམ་དབྱེ་གསལ་བར་བྱེད་པའི་སྒྲ་ཡིན་ནོ། འདིར་དངོས་སུ་མ་བསྟན་ནའང་ཀྭ་ཡེ་དག་ཀྱང་བོད་པ་གསལ་བྱེད་ཡིན་ཡང་དམན་པ་ལ་མ་གཏོགས་པའི་གོང་མ་ལ་བརྗོད་མི་བདེ་བ་ཡིན་ནོ།
བོད་སྒྲ་༼ཀྱེ༽མིང་གི་ཐོག་མ་དང་མཐའ་མར་ཡུལ་གོང་མ་ལུ་འཇུག་ཚུལ།
ཀྱེ་རྒྱལ་པོ་རིན་པོ་ཆེ། ཀྱེ་བླ་མ་རིན་པོ་ཆེ།
ལྷ་ཡི་ལྷ་མཆོག་ཀྱེ། བླ་མ་རིན་པོ་ཆེ་ཀྱེ། ལྟ་བུའོ།
ཚིགས་བཅད་སྐབས་༼ཀྱེ༽བར་མཐའ་ལ་འཇུག་ཚུལ།
བདག་ལ་དགོངས་ཀྱེ་བློ་གྲོས་ཀྱི། །སྤོབས་པའི་སྣང་བ་རྩོལ་ཅིག་ཀྱེ།
།ལྟ་བུའོ།
གཞན་ཡང་ ཡུལ་མཆོག་མིན་ཡང་སྙན་ངག་སྐབས་ཡིད་འཕྲོག་མ་ལུ་སྦྱར་ཚུལ།
ཀྱེ་རི་དྭགས་མིག་ཅན་མ། སྨིན་ལེགས་མ་ཀྱེ།
ཀྱེ་གཏུམ་མོ། ཡིད་འཕྲོག་མ་ཀྱེ།
འབོ་མིའི་ཁྱད་པར་ལས་ཡུལ་གོང་མ་དང་སྟབས་ཅིག་འོག་མ་ཡུལ་ཡང་འཇུག་ཚུལ།
ཀྱེ་བློན་འབངས་ཚོགས་རྣམ་ཚུར་ཉོན་ཅིག།
ཡང་བསྐྱར་འབོ་པའི་དོན་ལ༌ཀྱེ་གཉིས་འཇུག་ཚུལ།
ཀྱེ་ཀྱེ་གསོན་དང་རྒྱལ་པོ་ཆེན་པོ་ལགས།
བདག་ལ་བརྩེ་བས་དགོངས་པར་མཛོད།
ཚིགས་བཅད་ཀྱི་ཐོག་མར་འགྲེང་བུ་གཉིས་བརྩེགས་ཅན་འཇུག་ཚུལ།
ཀྱཻ ཀ་དག་ངོས་བཟུང་བྲལ་བའི་དབྱིངས།
་ ཀྱཻ ཡུལ་འདིའི་གཞི་བདག་གཉན་པོ་ཁྱོད།
་ ཀྱཻ ཡུལ་གྱི་མིང་ནི་རྔ་ཡབ་གླིང་། ལྟ་བུའོ།།
ཚིགས་གྲོགས་༌དང་༌བཅས་ཀྱེ༌དམིགས་བསལ་གྱིས་འཇུག་ཚུལ།
མྱ་ངན་ནམ་སྡུག་བསྔལ༔ ཀྱེ་མ་ཀྱེ་མ་དེ་འདྲའི་སྡུག་བསྔལ་ལོ།ཀྱེ་ཧུད་ཀྱེ་ཧུད་ད་ནི་བྱ་ཐབས་ཅི།
ཀྱེ་མ་ཀྱེ་ཧུད་རིག་འཛིན་པདྨ་འབྱུང་།
ཡ་མཚན་ནམ་ངོ་མཚར་ལ༔ ཀྱེ་ཧོ་འདི་ནི་སྔོན་མེད་རིག་པ་སྟེ།
གཉིས་པ་ ཀྭ་ཡེ་ ཀྭའི་ འཇུག་ཚུལ། ཡུལ་འདྲ་མཉམ་ལ་འཇུག་པ།
ཀྭ་ཡེ་སྙིང་གི་གྲོགས་པོ། ཚུར་ལ་ཉོན་དང་ཀྭའི།ཀྭ་ཡེ་ཡིད་འོང་མ།དར་ཅིག་སྡོད་དང་།
ཀྭ་ཡི་ཤེས་རབ་ཀྱི་དཔལ་ཕུན་སུམ་ཚོགས་པའི་གྲོགས་པོ་ཁྱོད། ཀྭའི་ལེགས་སྨོན་འབུམ་གྱིས་འབྱེལ་བའི་སྙིང་གྲོགས་དམ་པ་ཁྱོད།
ཡུལ་དམན་པ་ལ་འཇུག་པ།
ཀྭ་ཡི་སྡིག་པ་ཅན་ཁྱོད། ཀྭའེ་གཡོག་པོ་ཁྱོད། མི་ངན་ཁྱོད་ཀྭའི།
ཀྭ་ཡི་གཡོག་མོ། ལྟ་བུ།།
ཚིགས་བཅད་ཀྱི་ཐོག་མཐའ་བར་གསུམ་ལུ་འཇུག་ཚུལ།
ཀྭ་ཡི་གསོན་དང་སྙིང་གི་ཡིད་འོང་མ།།ཚར་ཅིག་ང་ལ་ལེགས་པར་གསོན་དང་༌ཀྭའི།།ཚུར་ཤོག་ཀྭ་ཡི་སྙན་པའི་གཏན་ཞིག་ཡོད།།
ལྟ་བུའོ།།
བོ་མིའི་ཁྱད་པར་ལས་ ཡུལ་གོང་མ་ལ་ཡང་འཇུག་ཚུལ།
ཀྭ་ཡི་ཉོན་དང་འདིར་ཚོགས་བློན་པོ་རྣམས། དར་ཅིག་སྙན་དབང་ང་ལ་གསོན་དང་ཀྭའི།།
ལྟ་བུའོ།།
གཉིས་པ་ སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ལ་གཉིས་ལས།
༢༽ ཕྲད་རང་དབང་ཅན་བཤད་པ་ལ་དྲུག།
༡༽ ནི་སྒྲ། ༢༽ དང་སྒྲ།
༣༽ དེ་སྒྲ ༤༽ གང་སྒྲ། ༥༽ བདག་སྒྲ། ༦༽ དགག་སྒྲ་བཅས་སོ།
དང་པ་ནི་སྒྲ་ནི། གང་མིང་མཐའ་དང་མཐུན་པ་ཡི།།
བཞི་པ་ལ་ནི་ཨི་སྦྱར་བ།། དགར་དང་བརྣན་པའི་ཚིག་ཏུ་འགྱུར།། ཅེས་པ་ གང་ཡང་རུང་བའི་མིང་ཚིག་གི་མཐའ་དང་མཐུན་པར་སྦྱར་རུང་བའི་ཕྲད་རྗེས་འཇུག་བཞི་པ་༼ན༽ཡིག་ལ་ནི་དབྱངས་ཨི་སྦྱར་བས་༼ནི༽
ཞེས་གྲུབ་པ་དེ་ནི་མཆོག་དམན་ཐ་དད་དགར་བའི་སྒྲ་ལུ་འཇུག་པ་དང་དོན་གང་ཡིན་པ་དེ་ཉིད་ལ་ནན་ཏན་དུ་བརྣན་པའི་དོན་ལ་འདི་འཇུག་པའི་ཚིག་ཏུ་འགྱུར་རོ།།
ཞེས་པའི་དོན་ནོ།།
དང་པ་དགར་་བ་ལུ་འཇུག་ཚུལ་ནི། ལེགས་བཤད་ལྗོན་དབང་ལྟར་ན།ནི༌ནི༌དགར༌དང༌བརྣན༌པའི༌སྒྲ།།ཞེས་གསུངས་པ་ལྟར། དགར་བ་དང་བརྣན་པ་བཅས་དོན་གཉིས་ལ་འཇུག།
དང་པ་དགར་བ་ལ་འཇུག་ཚུལ་ནི།
༡༽ ལྷའི་རིགས་ནི་མིའི་རིགས་ལས་བཟང་ངོ་། ཤིང་རྣམས་ལས་ནི་ལྷའི་ལྗོན་ཤིང་མཆོག།
༼མཆོག་ཏུ་དགར་བ།༽
ནག་པོ་ནི་དཀར་པོ་ལས་དམན་ནོ། ༼དམན་དགར་བ༽
དམར་པོ་ནི་སེར་པོ་ལས་ཐ་དད་དོ། ༼ཐ་དད་པ༽
གཉིས་པ་ནན་་ཏན་ནམ་བརྣན་པའི་དོན་ལ་འཇུག་པ།
༡༽ མིའི་ལུས་ནི་རྙེད་༌སྐྱེསཔ་ཕོ་ལུས་ནི་ཐོབ་༌དམ་པའི་ཆོས་དང་ནི་མཇལ༌་མཐུན་རྐྱེན་ནི་འཛོམས་སོ།
ཡང་་་་་་་ མིའི་ལུས་ནི་ཐོབ་པ་མ་ཚད་ དམ་ཆོས་ཀྱང་མཇལ་ལོ།
ལྟ་བུའོ།
གཞན་ཡང་ངོས་བཟུང་ལུ་འཇུག་པ།
༡༽ སྨན་ལྗོངས་ནི་སྨན་རིགས་སྣ་ཚོགས་སྐྱེ་བའི་ལྗོངས་སོ། ༢༽ ཟླ་བ་ནི་གནག་དུང་བསལ་བའི་འོད་ཟེར་རོ། ༣༽ ཁྱོད་ནི་དཔོན་དང་ཁྱོད་ནི་ས་བདག། གཞན་ཡང་། དང་པོ་ནི། རྒྱུ་མཚན་ནི། རྩ་བ་གསུམ་ནི། དེའི་ཁུངས་ནི། ང་ནི།
ཁྱོད་ནི། ལྟ་བུ་སོགས་ལ་འཇུག།
ཚིགས་བཅད་ཁ་རྐོང་ལ་འཇུག་ཚུལ།
བླ་མ་དང་ནི་སློབ་དཔོན་ལ། བསྙེན་བསྐུར་དང་ནི་ཞབས་ཏོག་ཞུ།
དད་པ་དང་ནི་དམ་ཚིག་གིས་། ནང་དུ་ཡང་ནི་འབྲལ་མེད་བསྟེན།
གཉིས་པ་དང་སྒྲའི་འཇུག་ཚུལ་ནི། མིང་གང་རུང་བའི་བར་མཚམས་སུ།
།གསུམ་པ་ལ་ནི་གཉིས་པ་སྦྱར། །དེ་ནི་སྡུད་དང་འབྱེད་པ་དང།། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ།། ཞེས་པ་དེ་ཡང་ མིང་ཚིག་བརྗོད་པ་གང་ཡང་རུང་བའི་བར་མཚམས་སུའམ་གཅིག་ལས་གཉིས་ལ་སོགས་པའི་བར་དུ་རྗེས་འཇུག་གསུམ་པ་ད་ནི་ལ་
གཉིས་པ་ང་སྦྱར་བས་དང་ཞེས་སྒྲུབ་པ་དེ་ནི༌དབྱེ་བ་མང་པོ་ལས་དབྱེ་གཞི་གཅིག་ཏུ་སྡུད་པའི་དོན་ལ་འཇུག་པ་དང་། དབྱེ་གཞི་གཅིག་ལས་དབྱེ་བ་མང་པོ་འབྱེད་པ་དང་། རྒྱུ་མཚན་སྟོན་པ་ལ་འཇུག་པ་དང་། དུས་གཙོ་བོར་སྟོན་པའི་ཚེ་སྐབས་དང་། སྐུལ་ཚིག་དང་འབྲེལ་བའི་གདམས་ངག་བརྗོད་པའི་དོན་ཏེ་དོན་ལྔ་ལ་འཇུག་པའོ།།
དང་པ་སྡུད་པ་ལ་འཇུག་པའི་དཔེ་ནིཿ འདུས་བྱས་དང་འདུས་མ་བྱས་ནི་ཆོས་སོ།
གཉིས་པ་འབྱེད་པ་ལུ་འཇུག་པའི་དཔེ་ནི༔ ཆོས་ནི་འདུས་བྱས་དང་འདུས་མ་བྱས་སོ།
གསུམ་པ་རྒྱུ་མཚན་གྱི་དོན་ལ་འཇུག་པའི་དཔེཿ སྨན་ཟོས་པ་དང་ནད་སོས་སོ།
བཞི་པ་ཚེ་སྐབས་ཀྱི་དོན་་ལ་འཇུག་པའི་དཔེཿ ཉི་མ་ཤར་བ་དང་ཆོས་སྟོན།
ལྔ་པ་གདམས་ངག་ལ་འཇུག་པའི་དཔེཿ ཁ་ཐུན་གྱིས་དང་། ཡིད་ལ་བཟུང་དང་། སྡིག་པའི་ལས་སྤོང་དང་ཐར་པ་འཐོབ་འོང་།
འཇུག་ཚུལ་གཞན་ཡང་།
མིང་ཚིག་སོ་སོ་ཕྱེ་བའི་དོན་ལ་འཇུག་ཚུལཿ ལྷ་དང་མི། རྡོ་རྗེ་དང་ཚེ་རིང། རྒྱ་གར་དང་འབྲུག། ཐ་དམ་ཚིག་དང་ལས་རྒྱུ་འབྲས།
འབྲེལ་བའི་ཚིག་ལ་འཇུག་པའི་དཔེཿ ཁྱོད་དང་མཉམ་དུ་སོང། ཁོ་དང་གཅིག་ཁར་བཏང་། ང་དང་འཕྱད་པར་ཤོག།
དང་སྒྲ་རྫོང་ཁ་ནང་འཇུག་ཚུལ། དང་སྒྲ་དེ་རྫོང་ཁའི་སྐབས་ལའང་ཆོས་སྐད་དང་འཇུག་པ་ཕལ་ཆེར་མཚུངས་པའོ།
༼དང༽ དང་ ༼ད༽འི་ཁྱད་པར།
དེའང་ཁྱད་པར་ཡང་ཆོས་སྐད་དང་གཅིག་ཁར་མཚུངས་ནའང་་རྫོང་ཁའི་སྐབས་སུ་རྗེས་འཇུག་གི་སྒྲ་གདངས་ཤུག་མ་འཐོན་པའི་དབང་གིས་འབྱེད་པ་དང་༌སྡུད་པ་ལ་དང་༌སྒྲ་ཐོབ་མ་གཏོགས་འཇུག་པ་གཞན་ལ་རྗེས་འཇུག་༼ང༽དོན་གྱིས་ཐོབ་ཀྱང་དངོས་སུ་འབྲི་སྲོལ་མེད་པར་ཤེས་དགོ། དང་སྒྲའི་ཚུལ་ལ་འཇུག་པ་མིན་པར་༼ད༽ རྐྱང་པའི་འཇུག་ཚུལ།
ད་ནི་འགྲོ་ན་ལེགས། ད་འགྱོཝ་དྲག། ད་ལྟ། ད་ལྟོ།
གསུམ་པ་དེ་སྒྲའི་འཇུག་ཚུལ་བཤད་པ། གང་མིང་གི་ནི་ཡ་མཐའ་རུ།། གསུམ་པ་ལ་ནི་ཨེ་སྦྱར་བ།། ཐ་སྙད་དབང་དུ་གསུམ་ཡིན་ཏེ།།
དངོས་པོའི་དབང་དུ་བཞི་རུ་འགྱུར།། དུས་ཀྱི་དབང་དུ་གཉིས་ཡིན་ནོ།། ཞེས་པ་དེ་ཡང་ གང་ཡང་རུང་བའི་མིང་གི་ནི་ཡ་མཐའ་སྟེ་ཐོག་མར་རྗེས་འཇུག་གསུམ་པ་ད་ཡིག་ལ་ནི་དབྱངས་ཨེ་སྟེ་འགྲེང་བུ་སྦྱར་བས་༼དེ༽ཞེས་སྒྲུབ་པ་ནི་ཐ་སྙད་ཙམ་གྱི་དབང་དུ་བྱས་ན་འཇུག་ཡུལ་མ་འདྲ་བ་གསུམ་ཡོདཔ་དང་དངོས་པོའི་དབང་དུ་བྱས་ན་འཇུག་ཡུལ་བཞི་རུ་འཇུག་པར་འགྱུར་བ་དང་དུས་ཀྱི་དབང་དུ་བྱས་ན་འཇུག་ཡུལ་གཉིས་ལ་འཇུག་པ་ཡིན་ནོ།
དེ་སྒྲ་བཤད་པ་ལ་འཇུག་ཡུལ་གསུམ། ༡༽ ཐ་སྙད་ལ་འཇུག་ཚུལ། ༢༽ དངོས་པོ་ལ་འཇུག་ཚུལ། ༣༽ དུས་ལ་འཇུག་ཚུལ། ཐ་སྙད་དབང་དུ་འཇུག་ཡུལ་གསུམ་ནི།
༡༽ རྣམ་གྲངས་གཞན་སྦྱོར་ལ་འཇུག་པའི་དཔེ༔ དེ་དེ་བཞིན་ནོ།
དེ་བཞིན་གཤེགས་པ། དེ་སངས་རྒྱས་སོ། དེ་བླ་མའོ། ལྟ་བའོ།
༢༽ ལྷག་བཅས་ལ་འཇུག་པའི་དཔེཿ ལྷ་མཆོད་དེ། ལས་ཀ་བྱེད་དེ།
ཚུར་སྡུད་དེ།
༣༽ དུས་འདས་པ་ལ་འཇུག་པའི་དཔེཿ སྔར་གྱི་སྤྱོད་པ་དེ་བཟང་ངོ།
ལོ་སྔ་མ་དེ་ལ་བདེ་བར་བསྐྱེད། དངོས་པོའི་དབང་དུ་འཇུག་ཚུལ་གསུམ་ནི།
༡༽ གསང་བའི་དངོས་པོའི་དཔེཿ སྔར་སྨོས་པ་དེ་ཡོད་དམ། ལྟ་བུའོ།
༢༽ བདག་གི་དངོས་པོའི་དཔེ་༔ བདག་གི་ལྷ་དེ། བདག་གི་བླ་མ་དེ།
༣༽ གཞན་གྱི་དངོས་པོའི་དཔེ་༔ ཁྱོད་ཀྱི་དཔེ་ཆ་དེ། ཁྱོད་ཀྱི་ནོར་བུ་དེ།
ཁྱོད་ཀྱི་བག་མ་གསར་པ་དེ།
༤༽ བདེན་པའི་དངོས་པའི་དཔེ༔ དེ་ཁོ་ན་ཉིད་དོ། དེ་བདེན་ནོ།
དུས་ཀྱི་འཇུག་ཡུལ་ལ་གཉིས།
༡༽ དུས་འདས་པ་ལ་འཇུག་པའི་དཔེ༔ སྔར་གྱི་ལམ་ལུགས་དེ། སྔོན་གྱི་ལོ་དེ།
སྔ་མའང་དུས་དེ་ལ།
༢༽ དུས་མ་འོངས་པ་འཇུག་པའི་༔ ཤུལ་མའི་ལོ་དེ་ལ།
བཞི་པ་གང་སྒྲའི་འཇུག་ཚུལ། གང་མིག་བརྗོད་པའི་དང་པོ་རུ། །དང་པོ་ལ་ནི་གཉིས་པ་སྦྱར། །སྤྱི་་ལ་ཁྱབ་ཉིད་དུ་འགྱུར།།
ཞེས་པ་ དེ་ཡང་གང་ཡང་རུང་བའི་མིང་བརྗོད་པའི་དང་པོ་རུ་རྗེས་འཇུག་དང་པོ༼ག༽ཡིག་ལ་རྗེས་འཇུག་གཉིས་པ་༼ང༽སྦྱར་བས་གང་ཞེས་པ་སྒྲུབ་པ་ནི་གཙོ་བོར་ དེ་དང་འདི་ཟེར་ངོས་བཟུང་དུ་མེད་པར་སྤྱིར་བཏང་ལ་ཁྱབ་པའི་དོན་ཅན་གྱི་སྒྲ་ལ་འཇུག་པས་ན་སྤྱི་སྒྲ་དངོས་དང་ཤུགས་བསྟན་གྱིས་ངོས་བཟུང་ཡོད་པའི་སྤྱི་སྒྲ་བྱེ་བྲག་དང་དྲི་བ་ལུ་སྦྱར་བར་འགྱུར་རོ།
གང་སྒྲ་ལ་འཇུག་ཡུལ་གསུམ།
༡༽ སྤྱི་སྒྲ་དངོས་ལུ་འཇུག་པའི་དཔེ༔ གང་ཞིག་ཚུལ་ཁྲིམས་རྣམ་དག་བསྲུང་བས་ན།
གང་ཡང་ངན་སོང་འགྲོ་བར་ལྷུང་ངམ་ཅི།
ལྟ་བུའོ།
༢༽ སྤྱི་སྒྲ་བྱེ་བྲག་ལ་འཇུག་པའི་དཔེ༔ གང་གིས་སྒྲ་དབྱངས་ཀུན་གསུང་ས་པའི།
།འཇམ་དཔལ་དབྱངས་ལ་ཕྱག་འཚ་ལ་ལོ།
༣༽སྤྱི་སྒྲ་དྲི་བ་ལ་འཇུག་པའི་དཔེ༔ཁྱོད་ཀྱི་ཡུལ་གང་ནས་ཡིན?ཕ་མ་གང་ཡིན?གང་དུ་འགྲོ?ལྟ་བུའོ། གཞུང་འདིར་གང་སྒྲ་ མིང་གི་ཐོག་ཏུ་སྦྱར་བར་གསུངས་པའང་གཙོ་བོ་ཆེ་བ་གང་སྒྲ་དངོས་ཀྱི་དབང་དུ་བཏང་ནས་ཡིན་པས་ བར་མཐའ་ལ་མི་འཇུག་པའི་ངེས་པ་མེད་དོ། འདིར་མ་བསྟན་ཀྱང་ཅི་དང་ཇི་དང་སུའི་སྒྲ་རྣམས་ཀྱང་གང་སྒྲའི་འཇུག་པ་དང་སྐབས་ཕལ་ཆེར་མཚུངས་ཀྱང་རྣམ་པ་ཐམས་ཅད་དུ་མཚུངས་པ་ནི་མ་ཡིན་ནོ། དེའང༌་བྱེ་བྲག་ལ་མིན་པར་སྤྱི་ལ་ཁྱབ་པའི་དོན་ལ་འཇུག་གོ།
ལྔ་པ་བདག་སྒྲ་བཤད་པ། གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡང་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན།
།བདག་པོའི་སར་ནི་བཤད་པར་བྱ།། ཞེས་པ་དེ་ཡང་ གང་ཡང་རུང་བའི་མིང་གི་མ་མཐའ་ན་སྟེ་འོག་ཏུ་པུ་ལིངྒ་ཞེས་པ་སྐྱེས་པའི་རྟགས་མཚོན་པའམ་འདྲ་བར་བྱེད་པའི་སྒྲ་སྔར་མེད་པ་ཞིག་ཡིན་ན་དེ་ལ་ནི་པུ་ལིངྒའི་སྒྲ་པ་དང་པོ་གཉིས་གང་ཡང་རུང་ཞིག་སྦྱར་བ་ན་དེའི་དོན་བདག་པོར་གསལ་བར་ནུས་པ་སྟེ་ དེ་ཡང་སྔར་མེད་པ་ལ་པ་ཉིད་གསར་དུ་སྦྱར་བ་དཔེར་ན་མིང་ཡོད་པ་ལྟ་བུ་ལ་གསར་དུ་སྦྱར་སྐབས་ཡོད་པ་པ་ཞེས༌བདག་སྒྲ་གསལ་བར་བསྟན་པ་དང་ཤེས་པ་ལྟ་བུ་ལ་པོ་སྦྱར་སྐབས་ཤེས་པ་པོ་ཞེས་བདག་སྒྲ་གསལ་བར་བྱེད་པའི་སྒྲ་ལ་བདག་སྒྲ་ཟེར་རོ།། ཐུ་མི་ཉིད་ཀྱིས་བདག་སྒྲ་ཁོ་ན་ཡིན་པ་༼པ་པོ༽ཡིན་པར་གསུངས་ཀྱང་ཤུལ་ནས་རྗེས་འཇུག་མཁས་པ་རྣམས་ཀྱིས་༼མ་མོ༽དང་༼བ་བོ༽བཞི་ཡང་བདག་སྒྲར་འཇུག་པ་ཁྱབ་ཆེ་བ་ཡོད་པར་གསུངས་པ་ཡོད་དོ།
གང་ཟག་དང་དངོས་པོ་སོགས་ཀྱི་བདག་པོའི་དོན་སྟོན་པས་ན་བདག་སྒྲ་ཞེས་པ་ཡིན། ཡང་ན་ མིང་གང་ཡང་རུང་བའི་མཐར་ བདག་སྒྲའི་ཚིག་ཕྲད་གང་རུང་སྦྱར་ཏེ་བདག་པོའམ་གང་ཟག་སྟོན་པ་ལ་བདག་སྒྲ་ཟེར་རོ།
བདག་སྒྲ་ལ་ཚིག་ཕྲད་དྲུག་པོ་ནི༔ པ་ པོ མ་ མོ་ བ་ བོ།
དཔེར་ནཿ ལམ་སྟོན་པ། སྤྲོད་པ་པོ། ཆང་མ། གླུ་མ། ཁ་ལོ་སྒྱུར་བ།
མཛའ་བོ།
བདག་སྒྲ་ཡར་འགྱུར་བའི་དཔེ༔ ས་སྐྱ་བ། རྙིང་མ་བ།
མ་ནི་བ། ལྷ་ས་བ།
ཆར་འགྱུར་བའི་དཔེ༔ སྒེར་པ། གཞུང་པ།
དྲུག་པ་དགག་སྒྲ་བཤད་པ། གང་མིང་བརྗོད་པའི་ཡ་མཐའ་ན། །སྟྲི་ལིངྒ་ཡི་སྒྲ་མེད་པ། །དེ་ལ་སྟྲི་ལིངྒ་སྦྱར་ན།
།དགག་པའི་གནས་སུ་ཤེས་པར་བྱ།། ཞེས་པ་དེ་ཡང་ གང་ཡང་རུང་བའི་མིང་བརྗོད་པའི་ཡ་མཐའ་སྟེ་ཐོག་མར་སྟྲི་ལིང་སྟེ་མོ་རྟགས་ཀྱི་སྒྲ་མེད་པ་རྣམས་ལ་མོ་རྟགས་དངོས་༼མ༽དགག་སྒྲའི་གནས་སུ་ཤེས་པར་བྱའོ།དགག་བྱའི་མིང་ཚིག་གི་ཐོག་མཐའ་བར་གསུམ་གང་རུང་ལ་དགག་ཚིག་གང་རུང་སྦྱར་བས་དགག་པའི་དོན་སྟོན་པ་ལ་དགག་སྒྲ་ཟེར་རོ།། དགག་སྒྲའི་ཚིག་དངོས་༼མ༽དང་ཞར་གྱིས་ཐོབ་པའི༼མི༽དང་འདིར་མ་བསྟན་ནའང་མིན་མེད་ཀྱང་དགག་སྒྲའི་ཕྲད་ཡིན་པར་ཤེས་དགོས་སོ།
དེ་ཡང་མ༌མི་ཐོག་མར་སྦྱར་དགོས་པ༌དང་ མིན་མེད་གཉིས་འཇུག་ཏུ་སྦྱར་དགོས་སོ།
དཔེར་ནཿ མ་གྲགས། མ་འགྲོ། མི་བྱེད། མི་དགོས། དང་ བླུན་པོ་མིན།
འགྲོ་བ་མིན། སྒྲ་མེད། དྲི་མེད། ལྟ་བུའོ།
དོན་གཉིས་པ་གདམས་ངག་བརྗོད་པས་འཇུག་བསྡུ་བ་ལ་བཞི།
༡༽ ཚིགས་བཅད་འགྲོལ་ཚུལ་འདོམས་པ། ༢༽ ཉན་་པ་པོ་སྤྲོ་བསྲིང་བའི་སྒོ་ནས་འདོམས་པ།
༣༽ བསླབ་ཚུལ་གྱི་གོ་རིམ་ལ་འདོམས་པ། ༤༽ གདམས་ངག་་་་སྣོད་དུ་རུང་ལ་བསྟན་དགོས་པར་འདོམས་པ།
དང་པོ་ཚིགས་བཅད་འགྲོལ་ཚུལ་འདོམས་པ་ནི།
ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས།
།ཅུང་ཟད་བསྡུས་པ་ཡོད་ན་ཡང་། །དེ་ནི་དེ་བཞིན་སྦྱར་བར་བྱ།། དེ་ཡང་ རྒྱལ་བའི་བཀའ་དང་མཁས་པའི་བསྟན་བཅོས་རྣམས་ ཚིགས་སུ་བཅད་ནས་ཡང་དག་སྦྱར་བའི་རྣམ་དབྱེ་དང་ཚིགས་ཕྲད་ལ་སོགས་པའི་མཚམས་སྦྱོར་རྣམས་མང་དུ་བསྡུས་པར་འགྱུར་པ་ཡོད་ན་ ཅི་མི་དགོས་ཐ་ན་ཅུང་ཟད་བསྡུས་པར་གྱུར་ནའང་ དེ་ནི་སྔར་བཤད་པའི་་ལ་དོན་དང་ལྷག་བཅས་ལ་སོགས་པའི་ཕྲད་རྣམ་དབྱེ་ཇི་སྟར་སྦྱར་དགོས་པ་དེ་བཞིན་དུ་སྣན་ཅིང་སྦྱར་ཏེ་ དེའི་དོན་རྣམས་ཁོང་དུ་ཆུད་པར་བྱའོ། དཔེར་ན་ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་པ་ལྟ་བུ་ལ་ཟག་པ་དང་བཅས་་པའི་ཆོས་རྣམས་དང་ཟག་པ་མེད་པའི་ཆོས་རྣམས་ཞེས་དང་
དང་སྒྲ་དང་འབྲེལ་སྒྲ་སོགས ་བསྣན་ནས་དེའི་དོན་རང་གིས་བསམ་པ་དང་་གཞན་ལའང་འཆད་དགོས་པ་བཞིན་ཚིག་ལྷུག་ལའང་སྦྱར་ཤེས་པར་བྱ་བ་ལྟ་བུ་ཡིན་ནོ།
གཉིས་པ་ཉན་པ་པོ་སྤྲོ་བསྲིང་བའི་སྒོ་ནས་འདོམས་པ་ལ་གསུམཿ ༡༽ རྗེས་འཇུག་མེད་མི་རུང་དུ་བསྟན་པ།
༢༽ རྗེས་འཇུག་ཤེས་པའི་དགོས་པ་བསྟན་པ།
༣༽ དེ་དོན་ལ་དབབ་པའི་ཚུལ་བསྟན་པ།
དང་པོ་རྗེས་འཇུག་མེད་མི་རུང་དུ་བསྟན་པ། སྔོན་འཇུག་ཡོད་ནམ་མེད་ཀྱང་རུང་།
།མིང་གཞིའི་ཡི་གེ་གང་ཡིན་ལ། །ཉིས་འབྲེལ་ཡོད་དམ་གསུམ་འབྲལ་ཡོད།། ཨ་ལི་བཞི་ལས་གང་ལྡན་ཡང་།
།རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་་སྲིད།། ཅེས་པ་དེ་ཡང་མིང་དང་ཚིག་སོགས་ཀྱི་སྦྱོར་བ་རྣམས་ལ་སྔོན་འཇུག་ཞུགས་པ་ཡོད་དམ་མེད་ཀྱང་རུང་ དཔེར་ན་བསྒྲུ་དང་སྒྲུ་ལྟ་བུ་ཅི་རིགས་པར་སྣང་བའི་མིང་གཞིའི་ཡི་གེ་གང་ཡིན་པ་དེ་ལ་ ལྷ་ལྟ་བུ་གཉིས་འབྲེལ་ཡོད་དམ་སྒྲ་ལྟ་བུ་གསུམ་འབྲེལ་ཡོད་དམ་དེ་ལ་ནི་དབྱངས་གང་རུང་ལྡན་པ་ལྷོ་སྒྲོ་་ལྟ་བུ་རྣམས་ལ་རྗེས་འཇུག་བཅུ་པོ་གང་ཡང་རུང་བ་ཞིག་མ་ཞུགས་ན་ཡི་གེ་དོན་དེ་ཉིད་མིང་གཞན་ལ་འཇུག་ཅིང་དེ་ལྟར་སྦྱོར་བ་ནི་ནམ་ཡང་ཡོད་པ་མི་སྲིད་དོ།༌ དེའང་ དེ་ལ་རྗེས་འཇུག་དངོས་སུ་འབྲི་སྲོལ་མེད་ཀྱང་རྗེས་འཇུག་འ་༼ལྷོའ་སྒྲའ༽ཞེས་དོན་གྱི་ཐོབ་པ་ཡོད་དོ། འ་མཐའ་ནི་སྐད་གསར་བཅད་ཀྱི་ཚེ་ཡི་གེ་ཟོར་ཡང་བའི་ཆེད་དུ་ཕྱིས་པ་ཡིན་ནོ།
གཉིས་པ་རྗེས་འཇུག་ཤེས་པའི་དགོས་པ་བསྟན་པ། རྗེས་འཇུག་བཅུ་ཡི་དོན་ཤེས་ན། །འབྲི་དང་ཀློག་དང་བཤད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོག་མེད་ཅིང།།
འབྲེལ་པ་སྨྲ་བའི་མཆོག་ཏུ་འགྱུར། །གཞན་ཡང་རྗེས་འཇུག་ཤེས་པ་ཡིས།། དོན་གྱི་སྦྱོར་བ་མ་མཐོང་ཡང་།།
དོན་དང་མཐུན་པའི་སྦྱོར་བ་ཤེས།། ཞེས་པ་ལྟར་དེའང་ རྗེས་འཇུག་གི་ཡི་གེ་བཅུ་ཡི་སྒྲ་དོན་གྱི་འཇུག་ཚུལ་ལེགས་པར་ཤེས་ན་མདོ་བརྒྱུད་ཀྱི་བསྟན་བཅོས་རྣམས་ཡི་གེར་འབྲི་བ་དང་
འབྲི་ཟིན་རྣམས་དག་པར་ཀློག་པ་དང་ ཚིག་དོན་རྒྱ་ཆེར་བཀྲོལ་ནས་གཞན་ལ་བཤད་པ་དང་ རྩོད་པ་དང་རྩོམ་པ་ལ་སོགས་པ་རྣམས་ཀྱི་ཚེའང་ཚིག་དོན་སྔ་ཕྱི་མཚམས་སྦྱོར་བའི་སྒྲ་དོན་རྣམས་ལ་ཐོགས་པ་མེད་ཅིང་ཚིག་དོན་མི་འབྲེལ་བ་ལ་སོགས་པའི་སྐྱོན་མེད་པར་འབྲེལ་ཆགས་པ་ཁོ་ན་སྨྲ་བའི་མཆོག་ཏུ་འགྱུར་བ་དང་་གཞན་ཡང་རྗེས་འཇུག་གི་དོན་ཚུལ་བཞིན་ཤེས་པ་དེ་ཡིས་ནི་ཡི་གེ་དངོས་སུ་མཐོང་བའམ་གཞན་གྱིས་ལེགས་པར་སྨྲས་པ་ཐོས་ཀྱང་རུང་ རང་ཉིད་ཀྱིས་དེའི་དོན་གྱི་སྦྱོར་བ་སྔར་མ་མཐོང་བའམ་རང་གི་སྤྱོད་ཡུལ་དུ་མ་གྱུར་པ་ཞིག་ཡིན་ཡང་བརྗོད་པ་དེའི་ཕྲད་སོགས་ཀྱི་
ནུས་པས་དོན་དང་མཐུན་པའི་སྦྱོར་བ་གང་ཡང་རྗེས་སུ་དཔག་སྟེ་ཤེས་པའི་ནུསས་པ་ཡོད་དོ།
གསུམ་པ་དེ་དོན་ལ་དབབ་པའི་ཚུལ་བསྟན་པ། རྗེས་འཇུག་སྦྱོར་བ་མཁས་པ་ན། །ལུང་གི་དོན་དང་སྦྱོརབ་དང་། །བླ་མའི་མན་ངག་གསུམ་སྦྱར་ནས།།
དོན་གྱི་ཐོག་དུ་དབབ་པར་བྱ། དེའང་ རྗེས་འཇུག་གི་སྦྱོར་བ་རྣམས་ལ་མཁས་པར་གྱུར་པའི་གང་ཟག་གིས་ནི་ རང་ཉིད་ཤེས་བྱ་རིག་པའི་གནས་ལ་འཇུག་ཅིང༌་ཤེས་པར་འདོད་པ་ན་ ལུང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་དག་གི་དོན་དང་སྐབས་སུ་ཇི་སྟར་མཚམས་སྦྱོར་བར་བྱེད་པ་དང་༌བསླབ་པའམ་ལྷབ་པར་བྱ་བ་གང་ཡིན་པ་ དེ་ལ་མཁས་ཤིང་དོན་ཚུལ་བཞིན་དུ་འདོམས་པའམ་སྟོན་པའི་བླ་མའི་མན་ངག་དག་ཀྱང་༌མཉན་ནས་ རྗེས་འཇུག་གི་སྦྱོར་བ། ལུང་གི་དོན་། བླ་མའི་མན་ངག་གསུམ་པོ་དེ་དག་སྟབས་གཅིག་པའམ་ཕྱོགས་གཅིག་ཏུ་སྦྱར་ནས་གང་ཤེས་པར་འདོད་པའི་དོན་དེ་ཉིད་ཀྱི་ཐོག་ཏུ་དབབ་པས་ དེ་བླག་ཏུ་རྟོགས་པར་འགྱུར་བས་ན་དེ་ལྟར་བྱའོ། ཞེསོ། དེ་དག་ཀྱང་ཚིག་སྦྱོར་ཕྲ་མོ་རེའི་དོན་ལའང་ དེ་གསུམ་ག་ངེས་པར་ཚོགས་དགོས་པའི་ངེས་པ་ནི་མེད་དོ།
གསུམ་པ་བསླབ་ཚུལ་གྱི་གོ་རིམ་ལ་འདོམས་པ་ནི། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱངས། །སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ།།
ཀློག་གི་ཆད་དུ་བསླབ་པ་ཨིན། །རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །མཉན་བསམ་བསྟན་པའི་དོན་དུ་སྦྱར།།
ཡན་ལག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆད་དུ་དོན་ལ་དབབ། །བསླབ་པའི་རིམ་པ་འདི་ཡིས་ནི།།
གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །དེ་ཕྱིར་དང་པོར་འདི་ཉིད་བསླབ།།
དེ་ནས་རྒྱས་པའང་མཉན་བྱས་ནས།། བསླབ་པ་གང་ལ་དད་པ་ཡི།། གཞུང་ཉིད་བླ་མ་དག་ལས་མཉན།།
ཞེས་པ་ལྟར་ རིག་པའི་ཚུལ་གང་ཞིག་བསླབ་པར་འདོད་ནས་བརྩོན་པའི་གང་ཟག་གིས་ནི་ དང་པོ་ང་རོ་སྟེ་ཡི་གེ་རྐྱང་པ་རྣམས་རང་རང་གི་སྐྱེ་གནས་དང་མཐུན་པ་དང་ ཡི་གེ་དེ་ལ་དབྱངས་ལྡན་སྐབས་སོ་སོའི་ང་རོ་དབྱུང་ཚུལ་བཅས་ཡི་གེ་རེ་རེ་ནས་ཀློག་པའི་སྒྲ་གདངས་ལ་སྦྱར་བར་བྱ་ཞིང་དེ་ནས་སྔོན་འཇུག་ལྔ་དང་མིང་གཞི་སུམ་ཅུ་དང་རྗེས་འཇུག་བཅུ་ཅི་རིགས་པར་ཚིག་བར་གཅིག་ཏུ་སྦྱོར་བའི་ཚུལ་ཡང་ལེགས་པར་ཀློག་ཤེས་པའི་ཆེད་དུ་བསླབ་པར་བྱ་བ་ཡིན་པ་དང་ ཀློག་ཚུལ་སྦྱང་ནས་རྗེས་འཇུག་སྟེ་འདི་ལ་སྔོན་འཇུག་ཀྱང་འདུས་པས་རྟགས་འཇུག་གི་གཞུང་ལ་སྒྲ་དོན་གང་ལ་འཇུག་པ།ཡི་གེ་གང་གིས་འཇུག་པ། ཚུལ་ཇི་ལྟར་འཇུག་པ། དགོས་པ་ཅི་ཕྱིར་འཇུག་པ་སྟེ་འཇུག་པ་རྣམ་པ་བཞིའི་་སྦྱོར་བ་རྣམས་ནི་བླ་མ་སོགས་ལས་མཉན་པ་དང་ཉན་པའི་དོན་རྣམས་ལ་བསམ་པ་དང་། དོན་དེ་དག་རང་གིས་རྟོགས་ནས་གཞན་ལ་སྟོན་པར་བྱ་བ་ལ་སོགས་པའི་དོན་དུ་སྦྱར་བར་བྱ་སྟེ་ ཀློག་པ་དང་བརྡ་སྦྱོར་བའི་ཡན་ལག་དེ་དག་གི་མཐུ་དང་ནུས་པས་གང་བསླབ་པར་བྱ་བ་དེའི་འབྲས་བུ་ཤེས་པར་བྱ་བའི་ཆེད་དུ་དོན་ལ་དབབ་ནས་ཉམས་སུ་བླངས་བར་བྱའོ། དེ་སྟར་བསླབ་པར་བྱ་བའི་རིམ་པ་འདི་ཡིས་ནི༌སྐྱེས་བུ་གང་ཞིག་ཐོས་བསམ་ལ་བརྩོན་འགྲུས་ཀྱི་འབད་པ་ཆུང་ངུ་ཙམ་བྱས་པས་ཀྱང་ཚིག་དོན་ལ་རྨོངས་པ་མེད་པའི་ཤེས་རབ་མྱུར་དུ་གྲོལ་བར་འགྱུར་རོ། རྒྱུ་མཚན་དེའི་ཕྱིར་ མཁས་པར་འདོད་པ་རྣམས་ཀྱིས་དང་༌པོ༌སུམ་ཅུ་པའི་གཞུང་འདི་ཉིད་བསླབ་པར་བྱ་ཞིང་དེ་ནས་རྟགས་འཇུག་ལ་སོགས་པ་བརྡ་སྤྲོད་པའི་གཞུང་༌རྒྱས་པ་གཞན་དང་གཞན་ཡང་མཉན་པར་བྱས་ཏེ་ཁོང་དུ་ཆུད་པས་ན་ ཐེག་པ་གསུམ་གྱི་གཞིར་འགྱུར་པའི་ བསླབ་པ་གང་ལ་རང་ཉིད་དད་ཅིང་སློབ་པར་འདོད་པའི་གཞུང་ལུགས་ཡན་ལག་དང་བཅས་པ་ནི་བླ་མ་དག་ལས་མཉན་པར་བྱའོ།
བཞི་པ་སྣོད་རུང་ལ་གདམས་ངག་བསྟན་དགོས་པར་འདོམས་པ་ནི། སློབ་དཔོན་དེ་ཉིད་དུ་འཛིན་ཅིང། །ལེ་ལོ་གཡེང་བ་རྣམ་པར་སྤང་། །ཟོ་བཟང་དད་པ་ལ་བརྟེན་པ།།
སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། །དེ་ལ་དུས་སུ་འདོམས་པར་བྱ། །ཅིག་ཤོས་དེ་ལས་ལྡོག་པའོ།།
ཞེས་པ་དེ་ཡང་ བརྡ་སྤྲོད་པའི་བསྟན་བཅོས་འདི་ལྟ་བུའི་གཞུང་དེ་ཉིད་ཀྱི་གདམས་ངག་བསྟན་དུ་རུང་བའི་སྣོད་ནི་ གདམས་ངག་བསྟན་མཁན་གྱི་སློབ་དཔོན་ནམ་བླ་མ་ལ་སློབ་དཔོན་དང་བླ་མ་ཉིད་དུ་འཛིན་ཅིང་གུས་བཀུར་དང་བཅས་པས་དྲིན་དུ་གཟོ་བ་དང་ རིག་པ་བསློབ་པའི་སྐབས་བསླབ་བྱ་སོགས་ལ་མི་སྤྲོ་བའི་ལེ་ལོ་དང་བྱ་བ་གཞན་ལ་འཇུག་པའི་གཡེང་བ་གཉིས་ཀ་རྣམ་པར་སྤང་༌པ་དང་ རིག་པ་བསླབ་པའི་ཐུན་རྐྱེན་ཟོ་སྟེ་རང་བཞིན༌ནམ་ངང་ཚུལ་བཟང་ཞིང་བསླབ་པར་བྱ་བའི་གནས་ལ་མཆོག་ཏུ་དད་པ་ལ་བརྟེན་པའི་གུས་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ་སོགས་ཀྱི་མཚན་ཉིད་གསུམ་ལྡན་གྱི་སྐྱེས་བུ་དེས་ནི་བསླབ་པར་བྱ་བ་གང་ཡིན་པ་དེ་མྱུར་དུ་རྟོགས་པར་འགྱུར་ཏེ་དེ་ནས་དེ་ལ་དུས་ཤེས་པར་བྱས་ནས་དུས་སུ་འདོམས་པར་བྱ་ཞིང་། ཅིག་ཤོས་ཞེས་པ་གཞན་དེ་ལས་ལྡོག་པ་སྟེ་སློབ་དཔོན་དང་བླ་མ་ལ་མི་གུས་པ་དང་ལེ་ལོ་གཡེང་བ་ཅན་དང་ རང་བཞིན་ངན་ཞིང་དད་པ་མེད་པ་རྣམས་ལ་ནི་གདམས་ངག་འདོམས་རུང་གི་སྣོད་དང་མི་ལྡན་པས་ རེ་ཞིག་དེ་དག་ལ་འདོམས་པར་བྱ་བ་མ་ཡིན་ཡང་ཕྱི་ནས་དོན་དུ་གཉེར་ཞིང་འདུན་པར་འགྱུར་ན་ནི་ལེགས་པར་བསྟན་དགོས་པ་ཡིན་ནོ།
ཞེས་སོ།།
བྱཱ་ཀ་ར་ཎའི་རྩ་བ་ཤློོ་ཀ་སུམ་ཅུ་པ་ཞེས་བྱ་བ་སློབ་དཕོན་ཨ་ནུས་མཛད་པ་རྫོགསོ།། །།
Comments
Post a Comment