Skip to main content

ངག་རྒྱུགས། ངག་ཐོག་དྲི་བ་དྲིས་ལན། བཀྲ་ཤིས་རྡོེ།

 ངག་རྒྱུགས། ངག་ཐོག་དྲི་བ་དྲིས་ལན།

རང་གི་ནང་ན་ཡོད་པའི་ ཡོན་ཏན་རྐྱངམ་ཅིག་གིས་ གནམ་མཐོང་མི་ཚུགས་ དེ་འབདཝ་ལས་ ཕྱིའི་ལུས་ཀྱི་སྤྱོད་པ་ཚུ་ཡང་ ཟབ་ཏོག་ཏོ་དང་ ཞི་ཞིང་དུལ་བ་སྦེ་ འོང་དགོཔ་ཁག་ཆེ། ཀུན་སློང་ཀུན་སྤྱོད་ ཡ་རབས་ཀྱི་རིགས་ཨིནམ་པ་ཅིན་ ལཱ་དང་བྱ་བ་ག་ཅི་བཟུམ་འབད་རུང་ རང་བཞིན་ཤུགས་ཀྱིས་ གྲུབ་ནི་ལུ་ཐེ་ཚོམ་མེདཔ་ཨིན། ས་སྐྱ་ལེགས་བཤད་ལས་ རང་ལས་གཅེས་པར་འགྱུར་པ་ཡི།། འཇིག་རྟེན་འདི་ནང་མེད་བཞིན་དུ།། རང་གི་སྐྱོན་ཡོན་མི་བསམ་པ།། དུད་འགྲོ་རྣམས་དང་ཁྱད་པར་ཅི།། ཟེར་གསུངས་དོ་བཟུམ་ རང་ལུ་ཡོད་པའི་ སྐྱོན་དང་ཡོན་ཏན་ཚུ་ རང་གིས་བརྟག་དཔྱད་འབད་དེ་ དུས་མཐུན་བཟོ་དགོཔ་ཡང་ ཁག་ཆེ། རྒྱལ་ཡོངས་ཀྱི་གནས་ཚད་ནང་ ངག་རྒྱུགས་ལེན་མི་འདི་ཡང་ གཙོ་བོ་རང་ རང་གི་ནང་ན་གི་ཡོན་ཏན་དང་ ཕྱིའི་བྱ་སྤྱོད་ བཟོད་བསྲན་དང་ དུས་དང་བསྟུན་པའི་ གདོང་ལེན་འབད་ཐངས་ཚུ་ ག་དེ་སྦེ་འདུག་ག་ རིག་པ་གཡོག་བཀོལ་ཏེ་ གོང་འོག་རིམ་པ་སྒྲིག་ཐངས་ཚུ་གི་ ཡང་ལྗིད་བརྟག་དཔྱད་འབད་ནིའི་ འཕྲུལ་རིག་བཟུམ་གཅིག་ཨིན། 

(ངག་རྒྱུགས་བཀོད་རིས་སྐད་བསྒྱུར།)

དང་པ་ སྤྱོད་ལམ་དང་རང་གཤིས།

རང་གི་མགུ་ཏོག་ཁར་ སྐྱ་བཞག་ཐངས་ བགོ་དང་དཀྱི་ར་དཀྱི་ཐངས་ཚུ་ ཚུལ་མཐུན་སྦེ་ གྱོན་དགོ། སྐྱ་ཚོན་གཏང་ནི་དང་ མཆུ་ཚོན་གཏང་ནི་ རྣམ་ཅོག་གུ་འདྲཝ་མ་འདྲཝ་ཚུ་ཡང་ བཏགས་ནི་མི་འོང་།

࿄  གཉིས་པ་ སྐད་ཡིག་ཡང་དག།

དྲི་བའི་སྐད་ཡིག་དང་བསྟུན་ ལན་ཡང་ སྐད་ཡིག་འདི་གི་ཐོག་ལུ་ ཞུ་དགོ ཁ་སྐད་དང་སྐད་ཡིག་ གཞན་ཤེས་ག་ཟེར་གསུངས་པ་ཅིན་ ཤེས་པ་ཅིན་རྐྱངམ་ཅིག་ ཤེས་ཟེར་ཞུ་དགོ དེ་ཡང་ སྐད་ཡིག་ཡང་ན་ ཁ་སྐད་འདི་གི་ཐོག་ལུ་ དྲི་བ་བཀོད་ནིའི་ ཉེན་ཁ་ཡོད།

རིག་པ་ འཇོན་ཐངས་དང་ ལྕོགས་གྲུབ།

༓རང་གི་ཆོས་ཚན་དང་ འབྲེལ་བ་ཡོད་པའི་ གནད་དོན་ཚུ་ ཤེསཔ་སྦེ་བཟོ་དགོ

༓འབྲུག་རྒྱལ་ཁབ་དང་ རྒྱལ་སྤྱིའི་འཕྲལ་གྱི་གནས་ཚུལ་ཚུ་ དུས་མཐུན་བཟོ་དགོ

༓ལན་སྤྱན་ཞུ་འབདཝ་ད་ སྤྱན་ཞུའི་རིག་རྩལ་དང་ གོ་རིམ་ཚུ་སྒྲིག་སྟེ་སླབ་དགོ

༓དྲི་བ་འདི་ དབྱེ་དཔྱད་ལེགས་ཤེམ་སྦེ་ འབད་ཤེས་དགོ

༓དྲི་བ་ ཧ་གོ་ཞིནམ་ལས་ རྐྱངམ་ཅིག་ ལན་ཁ་གསལ་སྦེ་ཞུ་དགོ

༓རང་ལུ་ བློ་སྤོབས་དང་སེམས་ཤུགས་ དགོ

࿄ ཀུན་ཚང་ཤེས་ཡོན་ ག་ཅི་ནང་རང་ གྲལ་གཏོགས་འབད་ཡི་ག་ གྲུབ་འབྲས་ཚུ་ གསལ་སྟོན་འབད་དགོ

࿄ ཤེས་ཡོན་དང་འབྲེལ་བའི་ ལག་ཁྱེར་ རྒྱལ་ཡོངས་དང་སློབ་གྲྭ་ནང་ལས་ ཐོབ་ཡོད་མི་ སྐུགས་ཚད་དང་ ལག་ཁྱེར་ངོ་མ་ཚུ་ལུ་ གཞི་བཞག་སྟེ་ སྐུགས་གནང་འོང་།

རིམ་པ།

࿄ ཁྱོད་ཀྱི་སྔོན་མ་འགྱོ་མི་ མི་ངོམ་ཚུ་ལུ་ དྲི་བ་ག་ཅི་རང་འདྲི་ནུག་ག་ འདྲི་བལྟ་དགོ། མ་གཞི་ དྲི་བ་ཅོག་གཅིགཔ་ མི་འདྲི་ཟེར་ཡང་ སླབ་མི་ཤེས། དེ་འབདཝ་ལས་ བཅའ་སྒྲིག་རྐྱབ་དགོ དེ་མ་ཚད་ རང་བློ་སྤོབས་བཏགས་ནིའི་ རྒྱུ་ཅིག་ཡང་ འདི་ཨིན།

࿄ ཁྱོད་ཀྱི་མིང་འབོཝ་ད་ ཡིག་ཆ་ཚུ་ ག་ར་སྤྲོད་དགོ དེ་སྦེ་ འབད་མི་འདི་ཡང་ ཁྱོད་ནང་ན་མ་འབོཝ་ལས་ ཁྱོད་ཀྱི་ཡིག་ཆ་ཚུ་ དྲི་ལེན་འབད་མི་ཚུ་གིས་ གཟིགས་ཞིབ་གནང་འོང་། དེ་ལས་ ཁོང་འགོ་དཔོན་ཚུ་གིས་ ཁྱོད་ནང་ན་འབོ་འོང་།

࿄ ནང་ན་འགྱོཝ་ད་ སྒོ་ཕྱེ་ཐངས་ ལོག་བསྡམ་ཐངས་དང་ ཕྱག་དབང་ཐོབ་རིམ་དང་ འཁྲིལ་བཅར་ཐངས་ཚུ་ ཚུལ་མཐུན་སྦེ་ཤེས་དགོ

࿄ ས་ཁར་སྡོད་ཟེར་ མ་གསུངསམ་ཚུན་ སྡོད་ཁྲི་གུ་སྡོད་ནི་མི་འོང་། ས་ཁར་སྡོད་ཟེར་ གསུངས་ད་ ཚུལ་མཐུན་སྦེ་མེནམ་པར་ རྐངམ་རང་རོང་གཏང་སྟེ་ སྡོད་ནི་མི་འོང་། འདི་ནང་ རང་གི་བདེཝ་རང་གིས་བཟོ་དགོ་པའི་ཁར་ ངག་རྒྱུགས་ཀྱི་ལྷན་འཛིན་དང་ འཐུས་མི་ག་དང་ག་རང་འདུག་ག་ ཚར་གཅིག་བལྟ་དགོ  འབྲུག་རྒྱལ་ཁབ་ནང་ ཡོངས་གྲགས་ཅན་ རང་གི་སྔོན་མ་མཐོང་མི་རེ་ཡོད་པ་ཅིན་ བློ་སྤོབས་ཐོབ་ཐངས་རང་ མི་འདྲ།

࿄ གདམ་འཐུའི་ལྷན་འཛིན་གྱིས་ རང་གི་སྐོར་ལས་ ངོ་སྤྲོད་འབད་ཟེར་ སྐད་ཡིག་ག་ཅི་ནང་ གསུངས་མི་འདི་ རང་གིས་ཡང་ སྐད་ཡིག་འདིའི་ཐོག་ལུ་རང་ ཞུ་དགོ ངོ་སྤྲོད་འབདཝ་ད་ རང་གི་ཧོངས་ལས་ རྒྱབ་བསྣོན་དང་ཁུངས་བཀོད་ཚུགས་པའི་ སྐོར་ལས་འབད་དགོ དེ་འབདཝ་ལས་ སྔོན་མ་ལས་ བཅའ་སྒྲིག་རྐྱབ་དགོ དཔེར་ན་ ཁྱོད་མདའ་རྩེད་ནི་ལུ་ སྤྲོ་བ་ཡོད་ཟེར་སླབ་པ་ཅིན་ འབའ་གི་ཉིན་ཟླ་ཐོབ་རིམ་གྱི་སྐོར་ལས།དང་ འབྲུག་དང་འཛམ་གླིང་གི་ཡོངས་གྲགས་ཅན་གྱི་ མདའ་རྩེདཔ་གི་ མིང་ཚུ་ཡང་སླབ་ཟེར་ གསུངས་པ་ཅིན་ རང་གིས སླབ་ཚུགསཔ་འབད་དགོ

࿄ དྲི་བའི་ལན་ ཞུཝ་ད་ཡང་ སྐད་ཀྱི་སེང་ཕབ་རན་ཏོག་ཏོ། རིག་པ་གཡོག་བཀོལ། གོ་རིམ་དང་འཁྲིལ་ ཞིབ་ཞིབ་སྦེ་ དགའ་འཛུམ་དང་བཅས་ སླབ་དགོཔ་ཨིན། དེ་མ་ཚད་ རང་གིས་ག་ཅི་ཞུ་མི་འདི་ དྲན་པ་བཏོན་ཏེ་ཞུ་དགོ་ དེ་ཡང་ དྲི་བ་ཚུ་ཡང་ རང་གི་ཞུ་མིའི་ནང་ལས་ འདྲི་ནིའི་གོ་སྐབས་ཡོདཔ་ཨིན།

࿄ དྲི་བའི་ལན་ ཤེས་པས་མནོ་ ལེ་ཤ་སླབ་མ་སྡོད་པར་ མཚམས་ཚོད་རན་ཏོག་ཏོ་སྦེ་ སླབ་དགོ་པའི་ཁར་ ལན་མ་ཤེས་པ་ཅིན་ དེ་འཕྲོས་ལས་ ༼མི་ཤེས་ལགས༽ ཟེར་ཞུ་ནི་མི་འོང་། རང་གི་ཧོངས་ལས་ ཟུར་ལན་གཅིག་ཕོག་ཚུགས་རུང་ འདི་རབ་ཨིན། དེ་མེན་རུང་ གོངམ་མ་འཁྲེལ་ལགས་ འདི་གི་སྐོར་ལས་ ང་གིས་ད་རིས་ལས་རང་ འཚོལ་ཞིབ་འབད་ནི་ཨིན་ཟེར་ ཞུ་རུང་ རང་ལུ་སྙིང་རུས་དང་བརྩོན་ཤུགས་ཡོད་པའི་ རྟགས་སྟོནམ་ཨིན།

࿄ རང་ལུ་ཟོད་བསྲན་དང་ ཧང་སྟོང་མར་གདོང་ལེན་འབད་ཐངས་ ག་དེ་སྦེ་འདུག་ག་ བལྟ་ནིའི་དོན་ལུ་ དྲི་བ་ག་མནོཝ་སྦེ་འདྲི་སྲིད། དེ་འབདཝ་ལས་ འདི་ཚུ་རང་གིས་ འཛིན་སྐྱོང་ཐབས་ཤེས་དགོ

࿄ མཇུག་ལུ་ རང་གི་ཧོངས་ལས་ དྲི་བ་འབད་རུང་ བསམ་འཆར་འབད་རུང་ གཅིག་ཞུ་ནིའི་གོ་སྐབས་གནང་པ་ཅིན་ ཞུ་ནི་རེ་ཡོདན་ སྨོན་འདེབས་དང་བཅས་ཞུ་དགོ ཨིན་རུང་ དྲི་ལན་ནང་ ག་དེ་སྦེ་ འགྱོ་ཡི་ག་ཚུ་གི་སྐོར་ལས་ ཞུ་ནི་མི་འོང་།

࿄ ཁང་མིག་འདི་ནང་ལས་ ལོག་འགྱོཝ་ད་ཡང་ རང་ཡར་ལོངམ་ཅིན་ ཕྱག་ལན་གཅིག་རྐྱབ་སྟེ་ ཚུལ་མཐུན་གྱི་སྒོ་ལས་ སྒོ་ཕྱེ་སྟེ་ རང་འགྱོཝ་ད་ སྒོ་ལོག་བསྡམ་འབག་དགོ

གོང་འཁོད་ཀྱི་ གནས་ཚུལ་ག་ར་ ཕྱོགས་སྒྲིག་པ་རང་གི་ སྐད་བསྒྱུར༼ཐིག་ཁྲམ༽དང་ རྒྱལ་ཡོངས་ཀྱི་ ངག་རྒྱུགས་ཐེངས་གསུམ་ བཅའ་མར་གཏོགས་ཡོད་པའི་ ཉམས་མྱོང་དང་ མཁས་དབང་ཚུ་ལས་ ཐོབ་པའི་ཡོན་ཏན་ ཁོ་ན་མ་གཏོགས་ གསར་བཟོ་དང་ ཚོང་འབྲེལ་གྱི་དོན་ལུ་མེན་ཟེར་ ཐུགས་ཁར་ངེས་གནང་། 

མི་མངམ་གིས་ ལྷག་མི་རྩོམ།

𝗣𝗮𝘀𝘁 𝗟𝗶𝗳𝗲 𝗕𝗶𝗼𝗴𝗿𝗮𝗽𝗵𝘆 𝗼𝗳 𝗛.𝗘. 𝗚𝗼𝗻𝗽𝗼 𝗧𝘂𝗹𝗸𝘂 𝗥𝗶𝗻𝗽𝗼𝗰𝗵𝗲 (Khenpo Jigme Yönten Gönpo, 1899–1959)

བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་སྐོར།

🍂History of Gomphu Kora in Tashi Yangtse District, under Tongjang Gewog.

ཁྲུས་བབས་ཀྱི་སྐོར།

Lungtenzampa or is it because we are Desuup? - Dorji Choden

སློབ་རིམ་༡༢་པའི་ རྒྱལ་ཡོངས་ཆོས་རྒྱུགས། ༢༠༡༨ ཡི་གུའི་སྡེབ་སྦྱོར།

ཕུན་ཚོགས་གླིང་གི་འཁྲུལ་སྣང་། Sorrows of Phuntsholing

Bokha Dzong

Dolung Goenpa

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།