དུས་བཞི་དུས་ལྔའི་རྩོམ་ཐུང༽
དུས་བཞི་དུས་ལྔ་ཡོད་པའི་གྲལ་ཁ་ལས།།
དང་པ་སྤྲིན་འབྱུང་བྱཱར་གྱི་དུས་ཚོད་ལུ།།
སྤྲིན་བཅུད་རྟག་ཏུ་བབས་ཏེ་གྲང་བའི་ཚེ།།
མཁའ་གླང་སྟུག་པ་འཁྲིགས་པ་འཁྲུལ་སི་སི།།
དྲོད་འབེབས་རྟགས་མཚན་སྣ་ཚོགས་སྟོན་པའི་ཚེ།།
སྔོ་ལྗང་ལྡན་པའི་སྤང་ཐང་མཐའ་ནས་བསྐོར།།
མཛེས་པའི་ཡིད་དགའ་སྣ་ཚོགས་མཐོང་བས་ཚེ།།
བུང་བའི་སྒྲ་བུར་རྣ་བར་ཐོས་པ་དགའ།།
རིམ་གྱིས་རྫོགས་ཏེ་འགྱོ་བའི་དུས་བཞི་དང་།།
བདེ་བྱེད་དུས་ཀྱི་ཉིམ་དྲོད་ཆེ་བ་ལས།།
རི་ཀླུང་སྐྱ་ཐལ་ཐལ་ཏེ་སྔོ་རྩྭ་མེད།།
དུད་འགྲོ་འགྲོ་སར་མཐོང་བ་སྐྱོ་བས་སྨོ།།
འབྲས་ལྡན་དུས་ཀྱི་དུས་ཚོད་ཤར་བའི་ཚེ།།
ལོ་ཐོག་རྟག་ཏུ་ལེགས་ཏེ་ཕུན་སུམ་ཚོགས།།
འབྲུག་གི་སྔར་སྲོལ་བདག་ཏུ་འཛིན་ནི་ཡང་།།
མདའ་དང་རྡོ་སྒོར་སྣ་ཚོགས་སྤྲོ་སྟོན་འབྱུང་།།
གནམ་དགུན་གྲང་བའི་དུས་ཅིག་ཤར་བའི་ཚེ།།
ཀེ་ལ་ཤ་ནི་ཁ་བ་དཀར་པོའི་སྤུབས།།
ལུང་དང་གཤོང་ནང་བསིལ་བཏགས་གྲང་བའི་ཚེ།།
དུས་ཚོད་ནམ་རྫོགས་སེམས་ཁར་ཁྲ་ལམ་ལམ།།
@སངས་གསལ།
Comments
Post a Comment