Skip to main content

ཞི་གཡོག་ལྷན་ཚོགས་ཀྱི་སྔོན་འགྲོའི་ཆོས་རྒྱུགས། -སློབ་སངས་རྒྱས་དཔལ་འབྱོར།

 ཞི་གཡོག་ལྷན་ཚོགས་ཀྱི་སྔོན་འགྲོའི་ཆོས་རྒྱུགས།
༉ ད་རིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་སྔོན་འགྲོའི་ཆོས་རྒྱུགས་ཀྱི་གྲུབ་འབྲས་ གསལ་སྟོན་འབད་མི་དང་འབྲེལ་ཏེ་ བསམ་འཆར་ཅིག་ཞུ་གེ། རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྔོན་འགྲོའི་ཆོས་རྒྱུགས་ལེན་ནི་འདི་གིས་ ལྷན་ཚོགས་རང་གི་དམིགས་གཏད་དང་ གདོང་ཁར་བཙུགས་འབད་བའི་ལཱ་གཉིསཔ་དེ་ རྩ་ལས་རང་རྟགས་མ་མཐུནམ་བཟོ་དོཝ་བཟུམ་སྦེ་ཚོརཝ་མས། ཁ་གིས་དྲག་བཅུག་དྲག་བཅུག་ཟེར་ ལགཔ་གིས་དུག་བྱིན་པ་ཅིན་ དྲག་པའི་དཔེ་འོང་ག?

ཞི་གཡོགཔ་ནང་ལུ་ དྲག་པའི་དྲག་ཤོས་བཙུགས་ནི་འདི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་དམིགས་གཏད་གཙོ་བོ་ཅིག་ཨིན་རུང་ སྔོན་འགྲོའི་ཆོས་རྒྱུགས་འདི་གིས་ དྲག་ཤོས་ཚུ་ཕྱི་ཁར་བཏོན་ ཧ་ལམ་འབད་མི་དང་ འཕྲལ་འཕྲལ་སྐབས་ ཚགས་ཁར་མ་ཚུད་མི་ཚུ་ཡང་ ནང་ན་བཙུགས་དོ་བཟུམ་སྦེ་ཚོར་ཡི། ཤ་བཞག་སྟེ་རུ་ཏོ་རྨུར་བ་ཅིན་ ཁེབ་ས་ཅིག་འཐོབ་འོང་ག? ཨིན་རུང་ སྔོན་འགྲོའི་ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་མི་ཆ་མཉམ་ར་ཚགས་ཁར་མི་ཚུད་པས་ཟེར་བའི་ལོ་རྒྱུས་མེནམ་ ཀུན་གྱིས་མཁྱེན་སར་ཨིན། མཐར་མ་འཁྱོལ་མི་ག་ར་ མ་པ་ལས་རང་ ལྕོགས་གྲུབ་མེདཔ་ཨིན་ན་སྨོ?

དཔེར་ན་ རྫོང་ཁ་སློབ་དཔོན་ཅིག་འབད་ནིའི་དོན་ལུ་ རྒྱལ་ཁབ་ནང་གི་བཤད་གྲྭ་ཁག་ལས་ མཐར་འཁྱོལ་མི་དགེ་སློང་དང་ དགེ་སློང་བགྲེསཔ་ཚུ་ དྲག་ནི་ཨིན་རུང་ ཞི་གཡོགཔ་གི་གྲལ་ཁར་འཛུལ་སའི་སྒོ་འདི་ ཁོང་ཆ་ཁྱབ་ཀྱི་དོན་ལུ་ སྔོན་འགྲོའི་ཆོས་རྒྱུགས་འདི་གིས་ གནམ་མེད་ས་མེད་དམ་ཁིག་ཁི་བཟོཝ་ཨིན་མས། དམ་ཁིག་ཁི་འདི་ རྐང་བར་ནང་གི་འདི་འབདན་དྲག་ཅི་པ།

མཚན་རིག་དང་ སྲིད་རིག་ལྷབ་མི་ཚུ་གིས་ ལོ་ངོ་གསུམ་དང་བཞིའི་བརྩི་ རྫོང་ཁ་འདི་ལྷབ་རང་མ་ལྷབ་ནི་འདི་གིས་ རྫོང་ཁའི་ཐད་ཁར་འཐུས་ཤོར། རྫོང་ཁའི་ཤེས་ཡོན་སྦྱང་མི་ཚུ་གིས་ རྩིས་ཀྱི་ཆོས་ཚན་མ་ལྷབ་ལས་བརྟེན་ རྩིས་འབྲེལ་གྱི་རིག་རྩལ་མེད་པར་ ཐབས་ཆག་སྟེ་ གྱོང་རྒུད་ཕོགཔ་ཨིན་མས།

ཤིང་གུར་འཛེག་ནི་འདི་ སྤྱ་ལས་གཞན་མི་ལྷག། རྩལ་རྐྱབ་ནི་ནང་ ཉ་ལས་གཞན་མི་དྲག། ས་ནང་འཛུལ་ནི་འདི་ བྱི་ཙི་བ་དྲགཔ་ག་ཡང་མེད། ཁོང་གསུམ་ཆ་ར་ལུ་ དེ་གསུམ་ལས་ གཅིག་འབད་བཅུག་པ་ཅིན་ གཞན་གཉིས་ལུ་ ཁེ་རྒུད་བཏུབ་ག་སྨོ? དེ་བ་འདི་ སྤྱ་ག་ར་འགྲན་བསྡུར་འབད་བཅུག་སྟེ་ ཤིང་གུར་འཛེག་མི་དྲག་ཤོས་ཅིག་ གདམ་ཁ་རྐྱབ་པ་ཅིན་ གཏམ་ལོ་རྒྱུས་ག་དེ་འོང་ག?

གནས་སྟངས་བལྟ་ཡི་བལྟ་ཡི་སྦེ་ སྲིད་བྱུས་ལམ་ལུགས་ཚུ་ སོར་བ་ཅིན་དྲག་དྲག་རང་འདྲ་བས། ནདཔ་ཚུ་ཡང་ ནད་ལུ་མ་ཕན་པའི་སྨན་འདི་ བཞག་ཞིནམ་ལས་ ཕན་མི་འདི་བཟའ་དགོ་པས། ཕན་ཐོགས་མེད་པའི་སྨན་ བང་ཆེན་བཙོང་སྟེ་བཟའ་སྡོད་པ་ཅིན་ ཤི་བའི་སྲོག་ལུ་ ཐུག་ཉེན་འདུག། རྒྱལ་ཁབ་ཀྱི་གཟུགས་ཁམས་འཕྲོད་བསྟེན་སྒྲིང་ཧིང་འདི་ རྒྱལ་ཁབ་རང་གི་མི་སྟོབས་ལུ་ རག་ལས་ལོ། མི་སྟོབས་གདམ་ཁ་རྐྱབ་ཐངས་འཛོལ་བ་ཅིན་ རྒྱལ་ཁབ་འདི་ ཨ་ལུ་ནད་གཟུགས་ཅིག་བཟུམ་སྦེ་སྡོད་དེ་ ཡར་དྲགས་རྩ་ལས་འགྱོ་མི་སྲིད།
སྔོན་འགྲོ་ཆོས་རྒྱུགས་ཀྱི་ལམ་ལུགས་འདི་ ལེགས་སྒྱུར་འགྱོ་བའི་རེ་སྨོན་ཡོད
- སློབ་དཔོན་ སངས་རྒྱས་དཔལ་འབྱོར།

Comments

མི་མངམ་གིས་ ལྷག་མི་རྩོམ།

Lungtenzampa or is it because we are Desuup? - Dorji Choden

WORLD WAR II (September 1, 1939, to September 2, 1945)

Save me - Sonam Tenzin(ST)

སྲིད་པ་འཁོར་ལོ།

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།