Skip to main content

ཚེ་མི་རྟག་བསམ་དགོཔ། -བསོད་ནམས་ནོར་བུ།

 ཚེ་མི་རྟག་བསམ་དགོཔ།

རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ཚང་བའི།།

དབང་པོ་ཀུན་ཚང་མི་ལུས་ཐོབ་ན་ཡང་།།

འཁོར་བ་འདི་ནི་སྡུག་བསྔལ་རྒྱུ་ཡིན་པས།།

སྡུག་བསྔལ་ཐག་པའི་མཇུག་ལས་འཐེན་མི་ཚུགས།།


བདག་གི་ལུས་སེམས་ཚོགས་པ་མི་རྟག་པས།།

མི་ཚེ་རླུང་གིས་གཏོར་བའི་རྫས་དང་འདྲ།།

དེ་བས་འགྲོ་ནའང་གོམ་པ་ཆོས་སུ་རྒྱུ།།

འདུག་ན་དག་པའི་ཞིང་ཁམས་ཡིན་པར་བསམ།།


གཉིད་ལ་མི་རྟག་འཁྲུལ་པ་འོད་གསལ་རྟོགས།།

འབྱོར་ན་མི་རྟག་འཕགས་པའི་ནོར་བདུན་བསྙེན།།

གཉེན་གྲོགས་མི་རྟག་དབེན་པར་ངེས་འབྱུང་བསྐུལ།།

སྙན་གྲགས་མི་རྟག་ཀུན་ཏུ་དམན་ས་བཟུང་།།


སྨྲས་ཚིག་མི་རྟག་བཟླས་བརྗོད་ཁ་ཏོན་བསྐུལ།།

དད་དང་ངེས་འབྱུང་མི་རྟག་དམ་བཅའ་བརྟན།།

འདུ་ཤེས་རྣམ་རྟོག་མི་རྟག་གཞི་བཟང་བསླབ།།

ཉམས་རྟོགས་མི་རྟག་ཆོས་ཉིད་ཟད་ལ་སྐྱོལ།།


སྲིད་གསུམ་འདི་ནི་མི་རྟག་རྒྱུ་ཡིན་པས།།

རྟག་པ་ཡོད་པ་དམ་པའི་ལྷ་ཆོས་ཡིན།།

དེ་བས་འཇིག་རྟེན་སྤྱོད་པ་ཐ་མ་ལ།།

ཡིད་ལ་མི་རྟག་ཡང་ཡང་བསྒོམ་ནས་བྱེད།།

   -བསོད་ནམས་ནོར་བུ། (པུཎྱ་མ་ནི)




                                 

Comments

མི་མངམ་གིས་ ལྷག་མི་རྩོམ།

The Power Of Love Song by Celine Dion

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།