Skip to main content

མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་སྙིང་བཅུད།


སངས་རྒྱས་ སྐུ་མྱ་ངལ་ལས་འདས་ཏེ་ ལོ་༤༠༠་གི་ཤུལ་ལས་ དགེ་སློང་ཀླུ་ཟེར་མི་གཅིག་ འབྱོན་ནིའི་སྐོར་ལས་ ལུང་བསྟན་གནངམ་བཞིན་དུ་ རྒྱ་གར་གྱི་མངའ་སྡེ་མ་ཧཱ་རཤི་ཏྲ་གི་གཡུས་ ནག་པུར་ལུ་ སྐུ་འཁྲུངས་ནུག།
• སྐྱེ་རྩིས་ནང་ལས་ ཁོ་ལུ་ཚེ་མེད་རུང་ དགེ་སློང་བརྒྱ། བྲམ་ཟེ་བརྒྱ། མི་ཕལ་པ་བརྒྱ་ལུ་ གསོལ་སྟོན་དྲངས་ཚུགས་པ་ཅིན་ ལོ་བདུན། ཟླ་བདུན། ཞག་བདུན་ལུ་ བཤགས་ནི་ཨིན་ཟེར་མཐོནམ་ལས་ ཡབ་དང་ཡུམ་གཉིས་ ཐུགས་སྡུག་སྟེ་བཞུགས་ནུག
• དགུང་ལོ་ལོ་བདུན་ མ་ལང་པའི་སྔོན་མར་ ཁོང་ཡབ་ཡུམ་གཉིས་ ཁོང་གི་སྤྱན་གྱི་གདོང་ཁར་ རང་གི་སྲས་འདི་ བཤགས་སར་བཟོད་མི་ཚུགས་ནི་མས་ཟེར་ཐུགས་བསམ་བཞེས་ཏེ་ ཁོ་ལུ་རྒྱུ་ཅ་ལ་ཚུ་གནང་སྟེ་ ཁོ་ག་ཏེ་དགའ་སར་གཏང་པའི་ཤུལ་ལུ་  མཁན་པོ་སྒྲ་ཅན་འཛིན་དང་ མཇལ་ནུག།
• མཁན་པོ་གིས་ ཁོ་ལུ་ཚེ་མེདཔ་མཁྱེན་ཏེ་ ཚེ་དཔག་མེད་ཀྱི་སྒྲུབ་ཐབས་སྟོན་བཅུག་སྟེ་ ནམ་ཡང་མྱ་ངན་ལས་མི་འདའ་བའི་ སྐུ་ཚེ་ལུ་རང་དབང་ཐོབ་ མ་ཚད་ བསྙེན་རྫོགས་ཀྱི་སྡོམ་པ་ཞུ་སྟེ་ མཚན་ཡང་ དགེ་སློང་དཔལ་ལྡན་ཟེར་གནང་ནུག།
• ཐུགས་རིག་མཁས་ནི་འདི་གིས་ དཔལ་ན་ལེནྜའི་མཁན་པོ་མཛད་དེ་ གཏམ་སྙན་གྲགས་ག་ཏེ་ཡང་ ཁྱབ་ནུག།
• མཁན་པོ་སྒྲ་ཅན་འཛིན་ སྒྲུབ་པ་ལུ་བཞུགས་པའི་སྐབས་ གཡུས་འདི་ནང་ནད་དང་མུ་གེ་འཐོན་ཏེ་ སྡུག་བསྔལ་ཕོག་པའི་སྐབས་ ཁོ་ལུ་རྫུ་འཕྲུལ་ཡོདཔ་མ་ཚད་ གསེར་འགྱུར་གྱི་རྩི་སྒྲུབ་སྟེ་ གཡུས་གཞན་ལས་གསེར་དང་རྒྱུ་བརྗེ་སོར་འབད་ཡི་ར་ དགེ་སློང་ཚུ་ལུ་ གསོལཝ་ཚོགས་དྲངས་ནུག།
• འདི་གི་སྐབས་ གཡུས་སྒོ་སྟོངམ་ཐལ་མི་ལུ་ མཁན་པོ་སྒྲ་ཅན་འཛིན་གྱིས་གཟིགས་ཏེ་ ཁོ་ལས་བསགས་ཡོདཔ་ལས་ འདི་དག་དགོཔ་སྦེ་གསུངས་ནུག།
• ཁོ་གིས་ སྡིག་སྒྲིབ་འདི་དག་ཐབས་ལུ་ ནོར་ལྷ་འཛམ་བྷ་ལྷ་ལས་ ནོར་བྲངས། ཀླུ་ལས་ཆ་རོགས་ལེན་ཏེ་ གཙུག་ལག་ཁང་། ལྷ་ཁང་། མཆོད་རྟེན་ཁྲི་ཕྲག་བཞེངས་པ་མ་ཚད་ ཀླུ་ཡུལ་ལུ་ཆོས་གསུངས་པའི་ཡོན་ རྒྱལ་བའི་གསུང་འབུམ་པོ་སྟི་ ༡༢་ ཀླུ་ཡུལ་ལས་ མི་ཡུལ་ལུ་ བསྣམས་བྱོན་ནུག།
• འཇིག་རྟེན་མི་ཡུལ་ལུ་ འགྲོ་དོན་བསམ་གྱིས་མི་ཁྱབ་པར་མཛད་དེ་ བསྟན་བཅོས་ལེ་ཤ་བརྩམས་གནང་ཡོད་མའི་གྲས་ལས་ ཁོ་རའི་མཛའ་བཤེས་/ཆ་རོགས་ རྒྱལ་པོ་བདེ་སྤྱོད་བཟང་པོའི་དོན་ལུ་ བརྩམས་གནང་མི་ བཤེས་སྤྲིངས་འདི་ཨིན།
• ལྷོ་ཕྱོགས་དཔལ་གྱི་རི་ལུ་ གསང་སྔགས་ཀྱི་ཉམས་ལེན་མཛད་པའི་སྐབས་ རྒྱལཔོ་བདེ་སྤྱོད་བཟང་པོ་གི་སྲས་ ནུས་ལྡན་འདི་ རྒྱལཔོ་འབད་དགོ་མནོ་སྟེ་ ཡུམ་ལུ་དྲི་བའི་སྐབས་ ཡབ་བཤགསཔ་ད་རྐྱངམ་ཅིག་རྒྱལཔོ་འབད་ཚུགས། ཨིན་རུང་ ཡབ་དང་ཚེའི་དངོས་གྲུབ་ཐོབ་མི་ ཀླུ་སྒྲུབ་གཉིས་ ཚེ་ལུ་རང་དབང་ཡོདཔ་ལས་ ནམ་ཡང་མི་བཤགས་ དེ་འབདཝ་ལས་ ཀླུ་གྲུབ་འདི་བཀྲོངས་དགོ་ཟེར་ གསུངས་ནུག།
• སྲས་ནུས་ལྡན་གྱིས་ ཀླུ་གྲུབ་ལས་དབུ་གི་སྦྱིན་པ་ཞུ་སྟེ་ དཔའ་རྟགས་ཀྱིས་ག་དེམ་ཅིག་བླུགས་རུང་ བཀྲོངས་མ་ཚུགས་པས།
• ཀླུ་གྲུབ་ཀྱིས་ ང་རྩྭ་རྔ་མི་ཅིག་སྦེ་སྡོདཔ་ད་ རྩྭའི་བར་ན་ འབུཔ་ཅིག་བསད་ཡོད་པའི་ལས་སྒྲིབ་ཅིག་ མ་དག་པར་ཡོདཔ་ལས་ ང་བཀྲོངས་དགོ་པ་ཅིན་ རྩྭ་ཀུ་ཤ་གིས་ངེའི་དབུ་འདི་བཏོགས་ཏེ་འབག་ ཟེར་གསུངསམ་བཞིན་དུ་ དབུ་བཏོགས་བཏང་ནུག།
• དེའི་སྐབས་ ས་འཛམ་གླིང་ཚར་གཅིག་སྤར་ཏེ་ གནམ་ཁ་ལས་ ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། ཕྱིས་ནས་ལུས་འདི་ལ་ཡང་འཇུག་པར་ཤོག། ཟེར་གསུངས་ཏེ་ དག་པའི་ཞིང་ལུ་བྱོན་སོང་ནུག།
• ཀླུ་སྒྲུབ་མཆོག་གི་ དབུ་དང་སྐུ་གཟུགས་གཉིས་ རྡོ་ལུ་གྱུར་ཏེ་ཡོད་མི་གཉིས་ ནམ་ཅིག་གི་ཚེ་ ལོག་མཐུད་པའི་སྐབས་ སྐུ་གཟུགས་དེའི་ཐོག་ལུ་བྱོན་ཏེ་ ལྷོ་ཕྱོགས་དཔལ་གྱི་རི་ལུ་ མཐའ་བྲལ་དབུ་མའི་གཞུང་གི་ ཆོས་ཀྱི་འཁོར་ལོ་བསྐོར་གནང་ནི་ཨིནམ་ལས།
སྨོན་ལམ་ཡང་་་་་ ནམ་ཞིག་དཔལ་གྱི་རི་ལ་ཀླུ་སྒྲུབ་རྗེ།། བསྐལ་ལྡན་འདུས་པའི་ཚོགས་ཀྱིས་ཡོངས་བསྐོར་ནས།། མཐའ་བྲལ་དབུ་མའི་ལམ་བཟང་འཆད་པ་ན།། བདག་ཀྱང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག། 

Comments

མི་མངམ་གིས་ ལྷག་མི་རྩོམ།

Lungtenzampa or is it because we are Desuup? - Dorji Choden

WORLD WAR II (September 1, 1939, to September 2, 1945)

Save me - Sonam Tenzin(ST)

སྲིད་པ་འཁོར་ལོ།

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།