Skip to main content

སློབ་རིམ་བཅུ་གཅིག་པའི་ སྐད་ཡིག་དང་ཡིག་སྦྱོར། སློབ་ཁང་ཆོས་རྒྱུགས་དང་པ།

སློབ་རིམ་བཅུ་གཅིག་པའི་ སྐད་ཡིག་དང་ཡིག་སྦྱོར། སློབ་ཁང་ཆོས་རྒྱུགས་དང་པ།
༡༽ འབྲུག་ཡིག་ངོ་མ་ག་ཅི་སྨོ།? འདི་ག་གིས་བརྩམས་གནང་ནུག? (༢)
ལན༌ འབྲུག་གི་ཡི་གུ་ངོ་མ་འདི་ ལྷོ་ཡིག་/མགྱོགས་ཡིག་ཨིན། འདི་ཡང་ དུས་རབས་བརྒྱད་པའི་ནང་ གུ་རུ་རིན་པོ་ཆེའི་ ཕྱག་ཞུ་སྟེ་འབྱོན་མི་ ལོ་ཙཱ་བ་ལྡན་མ་རྩེ་མང་གིས་ བུམ་ཐང་སྐུ་རྗེས་ལུ་ བརྩམས་གནང་ནུག།
༢༽ འབྲུག་པའི་ཁ་སྐད་རྙིང་ཤོས་ ག་ཅི་ར་ཨིན་ན།? ནམ་ལས་ བྱུང་བྱུངམ་བཟུམ་འདུག? (༢)
ལན་ འབྲུག་པའི་ ཁ་སྐད་རྙིང་ཤོས་ ལྷོ་པའི་ཁ། མོན་ཁ། དགུང་འདུས་པའི་ཁ་ཟེར་ གསུམ་ཡོདཔ་ཨིན། སྐད་ཡིག་ མཁས་མཆོག་ཚུ་གིས་འབད་བ་ཅིན་ འབྲུག་པའི་ཁ་སྐད་རྙིང་ཤོས་དེ་ཚུ་ ད་རིས་ལས་ ལོ་ངོ་ཉུང་མཐའ་ ༢༥༠༠ གི་ གོང་ལས་ བྱུང་ཡོདཔ་སྦེ་ བཤདཔ་ཨིནམ་པས།
༣༽ མིང་གཞི་གི་ཕོ་ཡིག་བཞག་ཚུལ་དང་ རྗེས་འཇུག་གི་ཕོ་ཡིག་བཞག་ཚུལ་ ག་དེ་སྦེ་ཨིན་ན།? (༢)
ལན་ མིང་གཞིའི་ཡི་གུ་༼ཀ་ཅ་ཏ་པ་ཙ༽ཚུ་ ཁ་ལས་སླབ་པའི་སྐབས་ སྒྲ་དྲག་པོ་སྦེ་ འཐོནམ་ལས་ ཕོ་ཡིག་སྦེ་བཞག་ནུག རྗེས་འཇུག་བཅུ་ ༼ག་ང་ད་ན་བ་མ་འ་ར་ལ་ས༽ཚུ་ མིང་གཞི་གི་ཡི་གུ་དང་གཅིག་ཁར་ རྗེས་འཇུག་སྦེ་འཇུག་པའི་སྐབས་ ༼ག་ད་བ་ས༽བཞི་ སྒྲ་དྲག་པོ་སྦེ་འཐོནམ་ལས་ རྗེས་འཇུག་གི་ ཕོ་ཡིག་ཟེར་ བཞག་ཚུལ་ཡོདཔ་ཨིན།  
༤༽ སྡེབ་སྦྱོར་ཅན་དང་ རི་མོ་ཅན་གྱི་ཡི་གུ་གཉིས་ལས་ ག་འདི་ དྲག་ནི་མས།? ཁུངས་བཀལ། (༢)
ལན་ སྡེབ་སྦྱོར་ཅན་དང་ རི་མོ་ཅན་གྱི་ཡི་གུ་གཉིས་ལས་ སྡེབ་སྦྱོར་ཅན་གྱི་ཡི་གུ་འདི་ དྲག་ནི་མས། འདི་ཡང་ སྡེབ་སྦྱོར་ཅན་གྱི་ཡི་གུ་འདི་ ལྷབ་སྦྱངས་འབད་བ་ཅིན་ མི་དམངས་དང་གཅིག་ཁར་ བརྡ་དོན་སྤྲོད་ལེན་ ལེགས་ཤོམ་སྦེ་འབད་ཚུགས་པའི་དགོས་པ་འདུག འདི་གིས་ཡང་མ་ཚད་ ཡུན་རིངམོ་གི་བར་ན་ དོན་དག་ཚུ་ཡང་ མ་ཡལ་བར་ བཞག་ཚུགས་པའི་ དགོས་པ་འདུག། 
༥༽ སྔོན་འཇུག་ཤིན་ཏུ་མོ་ཡིག་དང་ མིང་གཞི་མ་ནིང་གི་ཡི་གུ་ ཡོད་མི་ མིང་ཚིག་གང་རུང་ཅིག་ བྲིས། (༡)
ལན་ མཁས། མཁའ། མཐོང་། མཚར། ༼སྔོན་འཇུག་༼མ༽ ཤིན་ཏུ་མོ་ མིང་གཞི་༼ཁ་ཐ་ཚ༽ མིང་གཞི་གི་མ་ནིང་ཡི་གུ་ཨིན།༽ བཞི་ལས་ གང་རུང་ཅིག་འབྲི།
༦༽ སྔོན་འཇུག་ཕོ་ཡིག་དང་ མིང་གཞིའི་མོ་ཡིག་ རྗེས་འཇུག་ཕོ་ཡིག་ ལག་ལེན་འཐབ་སྟེ་ བྱ་ཚིག་གཅིག་བྲིས།(༡)
ལན་ བྱ་ཚིག་༼བཞག༽ བ་ཡིག་འདི་ སྔོན་འཇུག་གི་ཕོ་ཡིག། ཞ་ཡིག་འདི་ མིང་གཞིའི་མོ་ཡིག།
༧༽ སྔོན་འཇུག་གི་ ཕོ་ཡིག་ ག་ཅི་སྨོ།? (༡)
ལན་ སྔོན་འཇུག་གི་ ཕོ་ཡིག་ ༼བ༽ ཨིན།
༨༽ མིང་ཚིག་གསར་བཟོ་འབད་ཐངས་ ག་དེ་སྦེ་ཨིན་ན།? (༣)
ལན་ མིང་ཚིག་གསར་བཟོ་འབད་ཐངས་ཡང་་་་་་་་་་་་་་་་་་་་་་
དང་པ་ རྒྱལ་ཁབ་ནང་ཡོད་པའི་ ཁ་སྐད་ཀྱི་རིགས་མ་འདྲཝ་ཚུ་དང་ ཆོས་སྐད་ནང་ལས་འཐོན་མི་ཚུ་ལུ་བལྟ་སྟེ་ གདམ་འཐུ་འབད་ནི། གཉིས་པ་ ཁ་ལས་སླབ་ངོ་ག་ཅི་བདེཝ་ཨིན་ན་དང་ དོན་དག་བརྡ་འཕྲོདཔ་ ག་ཅི་འཇམ་ཨིན་ན་བལྟ་སྟེ་ གདམ་འཐུ་འབད་ནི། གསུམ་པ་ འཛམ་གླིང་ནང་ཡོངས་གྲགས་སྦེ་ སླབ་སྲོལ་ཡོད་མི་ མིང་ཚིག་ཚུ་གདམ་འཐུ་འབད་ནི་དང་ གཞན་ཡང་ ཨིང་སྐད་གི་རྗོད་སྒྲ་ རང་འཇགས་བཞག་སྟེ་ རྫོང་ཁའི་མིང་ཚིག་ གསར་བཟོ་འབདཝ་ཨིན།
༩༽ ཡུལ་ལས་དབྱེར་མེད་དང་ ལས་སུ་བྱ་བའི་ཁྱད་པར་བྲིས། (༢)
ལན་ ཁྱད་པར།

ཡུལ་ལས་དབྱེར་མེད།

ལས་སུ་བྱ་བ།

·  བྱ་བའི་ཡུལ་དང་ བྱ་བ་གཉིས་ ག་ཨིན་ན་ སོ་སོ་དབྱེ་མ་ཚུགས་པར་ འཐོན་མི་ཅིག་ལུ་ སླབ་ཨིན། མིང་གཞན་ བྱ་ཡུལ་དབྱེར་མེད་ཀྱི་རྣམ་དབྱེ་དང་ ཆོས་སྐད་ལས་འབད་བ་ཅིན་ དེ་ཉིད་ཟེར་ཡང་ སླབ་ཨིན།

·  དཔེར་ན་ ལྷ་མི་ལུ་སྤྲུལ/ལྷ་མིར་སྤྲུལ།

ཤིང་སེར་པོ་ལུ་གྱུར།/ཤིང་སེར་པོར་གྱུར།

·  བྱ་བའི་ཡུལ་གྱི་ཐོག་ཁར་ ལཱ་གཅིག་འབད་བའི་ དོན་ཙམ་སྟོན་མི་ལུ་ སླབ་ཨིན།

·  དཔེར་ན་ བཀྲིས་སྒང་ལུ་སོང་།

    གནམ་ཁར་མཆོངས།

 

 
༡༠༽ རྣམ་དབྱེ་གསུམ་པའི་ ནང་གསེས་ཀྱི་དབྱེ་བ་ མ་ནོར་བ་བྲིས། (༢)
ལན་ རྣམ་དབྱེ་གསུམ་པའི་ ནང་གསེས་ཀྱི་དབྱེ་བ་ བཞི་ཡོད་ དེ་ཡང་་་་་
༡༽ བྱེད་པ་པོ་གཙོ་བོ།
༢༽ བྱེད་པ་པོ་ཕལ་པ།
༣༽ བྱེད་སྒྲ་རང་བཞིན་ལུ་འཇུག་པ།
༤༽ བྱེད་སྒྲ་རྒྱུ་མཚན་ལུ་འཇུག་པ།
 
༡༡༽ རྫ༌དཔལ༌སྤྲུལ༌རིན༌པོ༌ཆེས། འབྲི་ཀློག་སྒྲ་དང་རིག་པའི་གཞི་བཟུང་ནས།། ཟེར་གསུངས་མི་གི་ འགྲེལ་པ་དོན་མཚམས་གཅིག་བྲིས། (༢)
ལན་ རྫ་དཔལ་སྤྲུལ་རིན་པོ་ཆེ་གིས་ ག་དེ་སྦེ་གསུངས་ནུག་ག་ཟེར་བ་ཅིན་ བྲི་ནི་དང་ལྷག་ནི་ སྒྲ་སྦྱོར་གྱི་གཞུང་དང་། སྙན་ངག་ མངོན་བརྗོད་ སྡེབ་སྦྱོར་ལ་སོགས་པའི་ རིག་གནས་ཀྱི་ གཞི་འགྱམ་བཙུགས་ཞིནམ་ལས་ སྐད་ཡིག་ལུ་མཁས་པ་ འགྱུར་དགོཔ་ཨིན་ཟེར་ གསུངས་པའི་དོན་ཨིནམ་མས།

མི་མངམ་གིས་ ལྷག་མི་རྩོམ།

སྨོན་ལམ་ ༡༠༨ །

༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

Ticking Toward Triumph: A Tale of Timely Kindness

འབྲུག་རྒྱལ་བཞི་པ་མཆོག་ལུ་བསྟོད་དབྱངས་སྙིང་བསྡུས།

བར་དོའི་སྨོན་ལམ།

𝗣𝗮𝘀𝘁 𝗟𝗶𝗳𝗲 𝗕𝗶𝗼𝗴𝗿𝗮𝗽𝗵𝘆 𝗼𝗳 𝗛.𝗘. 𝗚𝗼𝗻𝗽𝗼 𝗧𝘂𝗹𝗸𝘂 𝗥𝗶𝗻𝗽𝗼𝗰𝗵𝗲 (Khenpo Jigme Yönten Gönpo, 1899–1959)

Code of Conduct for Teachers

🍂History of Gomphu Kora in Tashi Yangtse District, under Tongjang Gewog.

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།