སྙན་ངག་གི་སྤྱི་དོན་དང་རང་དཔེ་གཉིས་ཀྱི་མཚན་ཉིད་གོ་སླ་བར་བཀོད་པ།
ད་ལྟོ་ང་བཅས་ལྷབ་སྦྱང་འབད་བའི་སྒང་ཡོད་པའི་སྙན་ངག་གི་བསྟན་བཅོས་ཀྱི་མཚན་ལུ་རྒྱ་གར་སྐད་ནང་ལུ་འབད་བ་ཅིན་ཀཱ་བྱཱ་དརྴ་ཟེར་སླབ་ཨིན་པས། དེ་བོད་སྐད་ནང་བསྒྱུརཝ་ད་ལུ་སྙན་ངག་མེ་ལོང་ཟེར་སླབ་ཨིན་པས།
མཚན་གྱི་དོན་བཤད་པ་ཅིན།
ཀཱ་བྱ་ཟེར་མི་འདི་སྙན་ངག་ལུ་གོ་ནི་དང་། ཨ་དརྴ་ཟེར་མི་འདི་མེ་ལོང་ཟེར་བའི་དོན་ཨིན་པས། བསྟན་བཅོས་བརྩམས་གནང་མི་འདི་ག་སྨོ་ཟེར་བ་ཅིན། རྒྱ་གར་གྱི་སློབ་དཔོན་དབྱུག་པ་ཅན་ཟེར་མི་འདི་ཨིན། ཁོང་གིས་བསྟན་བཅོས་དེ་དུས་རབས་བདུན་པའི་ནང་བརྩམས་གནང་ནུག བསྟན་བཅོས་དེ་བོད་ཀྱི་སྐད་ལུ་སྒྱུར་མི་ག་སྨོ་ཟེར་བ་ཅིན།
འགོ་ཐོག་དང་པ་སྒྱུར་མི་འདི་ཆོས་རྗེ་ས་པན་ཨིན་རུང་། གཞུང་ཆད་ལྷག་མེད་པར་ཡོངས་སུ་རྫོགས་པར་སྒྱུར་མི་འདི་ བོད་ཀྱི་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ཨིན་པས། ཁོང་གིས་དུས་རབས་བཅུ་གསུམ་པའི་དཀྱིལ་ལུ་གཞུང་དེ་ས་སྐྱའི་གཙུག་ལག་ཁང་ནང་དུ་ཡོངས་སུ་རྫོགས་པར་བསྒྱུར་གནང་ནུག
༼ལུས་དང་རྒྱན་གྱི་སྐོར།༽
རྩ་བ་ལས།
དེ་རྣམས་ཀྱིས་ནི་སྙན་ངག་གི།།
ལུས་དང་རྒྱན་ཡང་རབ་ཏུ་བསྟན།། ཟེར་གསུངས་ནུག
སྙན་ངག་ལུས་ཀྱི་གོ་དོན་ནི། རྗོད་པར་འདོད་པའི་བརྗོད་བྱ་ག་ཅི་ར་ཨིན་རུང་ འ་ནི་འདི་ རྗོད་བྱེད་ཚིག་གི་ཕྲེང་བར་བསྒྲིགས་ཏེ་ཡོད་མི་ལུ་སླབ་ཨིན་པས། སྙན་ངག་གི་ལུས་དེ་དཔེར་ན་བུད་མེད་ཀྱི་གཟུགས་གཞི་སྐྱོན་མེད་པའི་གུ་ཡན་ལག་འདི་ཚུ་ཡང་ག་ནི་བ་འཇའ་ཆི་ཆི་དང་ཕུན་སུམ་ཚོགས་ཏོག་ཏོ་སྦེ་ཡོད་མི་བཟུམ་ཅིག་ཨིན་པས།
དེ་ལུ་དབྱེ་ན། ཚིགས་བཅད་དང་། ཚིག་ལྷུག སྤེལ་མ་ཟེར་གསུམ་འདུག།
ཚིགས་བཅད་ཀྱི་གོ་དོན། ཚིག་གི་རྐང་པ་འདི་ཚུ་རིང་མཐུང་འདྲ་མཉམ་དུ་མཚམས་བཅད་དེ་ཡོད་མི་ཅིག་ལུ་སླབ་ཨིན། ཚིགས་བཅད་འདོད་ཐངས་ལུ་གཞུང་གཞན་དང་མངོན་པ་ཀུན་བཏུས་ཀྱི་ལུགས་ལྟར་ན་རྐང་པ་གཅིག་ནས་བཟུང་སྟེ་རྐང་པ་དྲུག་པའི་བར་དུབརྩི་ནི་འདུག ཨིན་རུང་སྡེབ་སྦྱོར་དང་སྙན་ངག་གི་ལུགས་ལྟར་དུ་འབད་བ་ཅིན་ཚིག་གི་རྐང་པ་བཞི་དང་ལྡན་མི་ལུ་ཚིགས་བཅད་ཟེར་སླབ་ཨིན་པས།
ཚིགས་བཅད་ལུ་དབྱེ་ན།
རྗོད་བྱེད་ཚིག་གི་ཉམས་སྟོན་ཚུལ་གྱི་ཆ་ནས། ཡིག་འབྲུ་དྲུག་མ་ནས་སོ་དྲུག་གི་བར་ཡོད།
ཚིགས་བཅད་ཀྱི་སྡེབ་སྦྱོར། ཚིག་གི་རྐང་པ་རིང་མཐུང་འདྲ་མཉམ་སྦེ་དགོཔ་མ་ཚད་ཚིག་འདི་ཚུ་སྦྱོར་བའི་ཚེ་ཆ་དང་ཡ་མ་ནོར་བར་སྙོམས་ཏོག་ཏོ་འབད་ཡོད་མི་ལུ་ཚིགས་བཅད་ཀྱི་སྡེབ་སྦྱོར་ཟེར་སླབ་ཨིན། (ཚིགས་བཅད་འབྲི་བའི་ཚེ་ཆ་དང་ཡ་གི་རྣམ་གཞག་དེ་སྙོམས་ཏོག་ཏོ་མེད་པ་ཅིན་ལྷག་མི་གིས་ལྷག་ངོ་མི་བདེ་བ་དང་ཉན་མི་གིས་ཡང་ཉན་གོ་མེ་བདེ་བ་འོང་། དེ་འབདཝ་ལས་ཚིགས་བཅད་འབྲི་བའི་ཚེ་ཚིག་འདི་ཚུ་ག་ཐོབ་དགུ་ཐོབ་སྦེ་འབྲི་ནི་མེན་པར་དེ་ལུ་ཁྲིམས་ལུགས་ཡོད། ཚིགས་བཅད་ཀྱི་སྡེབ་སྦྱོར་དེ་ལུ་ཚིགས་བཅད་ཀྱི་ཁྲིམས་ལུགས་ཟེར་སླབ་ཨིན།)
(ཚིག་ལྷུག་གི་སྐབས་སུ་ཚིགས་བཅད་བཟུམ་སྦེ་ཁྲིམས་ལུགས་ཅིག་མེད་རུང་། ཕྲད་དང་རྣམ་དབྱེ་སྦྱར་ཚུལ་དང་ཚིག་གི་བཅད་མཚམས་ཚུ་ཀྲིག་ཀྲི་འབད་བཅད་ནི་དང་། བརྗོད་པ་འདི་ཚུ་བདེ་ཏོག་ཏོ་འབད་འབྲི་དགོ)
སྤེལ་མའི་གོ་དོན། ཚིགས་བཅད་དང་ཚིག་ལྷུག་གཉིས་སླ་བསྲེས་ཏེ་ཡོད་མི་ལུ་སླབ་ཨིན་པས།
རྒྱན་གྱི་གོ་དོན། སྙན་ངག་གི་ལུས་མཛེས་པར་བྱེད་པའི་ཆོས་ཅིག་ལུ་སླབ་ཨིན། དཔེར་ན་བུད་ཀྱི་གཟུགས་གཞི་དང་ངོ་རིས་འཇའ་རིསམོ་ཡོད་པའི་གུ་ལུ་ལེགས་པའི་ཚོས་གཞི་དཀར་ས་ལུ་དཀརཔ་དང་དམར་ས་ལུ་དམརཔ་འབད་དབུར་ནི་དང་། དེ་བཟུམ་སྦེ་རྒྱན་ཆའི་རིགས་འདི་ཚུ་ལེགས་ཤོམ་སྦེ་བཏགས་ཏེ་འགྱོ་བའི་ཚེ་མདངས་ཐོན་དོ་བཟུམ་ཨིན་པས།
དེ་ཡང་རྩ་བ་ལས།
སྙན་ངག་མཛེས་པར་བྱེད་པ་ཡི།།
ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད།།
ཞེས་གསུངས་ནུག།
དེ་ལུ་དབྱེ་བ། ཐུན་མོང་བའི་རྒྱན་དང་། ཐུན་མོང་མ་ཡིན་པའི་རྒྱན་གཉིས་ཡོད།
ཐུན་མོང་བའི་རྒྱན་ལུ་དབྱེ་བ། དོན་རྒྱན། སྒྲ་རྒྱན། གབ་ཚིག་གི་རྒྱན་གསུམ་ཡོད།
དོན་རྒྱན་གྱི་གོ་དོན། བརྗོད་བྱའི་དོན་གྱི་ཉམས་གཙོ་བོར་སྟོན་པའི་སྒོ་ལས་སྙན་ངག་མཛེས་པར་བྱེད་པའི་ཆོས་ཅིག་ལུ་སླབ་ཨིན།
སྙན་ངག་གི་གོ་དོན། རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་རྗོད་བྱེད་ཀྱི་ངག་ཅིག་ལུ་སླབ་ཨིན། དེ་ལུ་དབྱེ་བ། བལྟ་བྱའི་སྙན་ངག་དང་མཉན་བྱའི་སྙན་ངག་གཉིས་ཡོད།
དེ་ཡང་རྩ་བ་ལས།
སྒེག་དང་རོལ་དང་སྟབས་ལ་སོགས།།
ལྟ་བའི་དོན་ཡིན་ཅིག་ཤོས་ཀྱང་།།
མཉན་པར་བྱ་བ་ཉིད་ཅེས་པ།།
འདི་ཡང་ལུགས་གཉིས་དག་ཏུ་འདོད།།
ཟེར་གསུངས་ནུག།
བལྟ་བྱའི་སྙན་ངག་ཟེར་མི་འདི་དཔེར་ན་ཟློས་གར་བཟུམ་ཅིག་ལུ་སླབ་ཨིན་པས། ག་ཅི་སྦེ་ཟེར་བ་ཅིན། ཟློས་གར་འཁྲབ་སྟོན་འབད་བའི་ཚེ་ངག་ནས་རྗོད་པའི་སྒྲ་འདི་ཚུ་རྣ་བ་གིས་གོ་ནི་ཡོདཔ་མ་ཚད་ལུས་ཀྱི་རྣམ་འགྱུར་འདི་ཚུ་མིག་ཏོ་གིས་མཐོང་ནི་ཡོད་ནི་འདི་གིས་ཨིན་པས། འདི་མེན་པ་མིག་ཏོ་གིས་མཐོང་ནི་མེད་རུང་སྣ་བ་གིས་གོ་ནི་དང་ སྙན་པའི་སྒྲ་ཧ་གོ་མི་ལུ་སྙན་བྱའི་་སྙན་ངག་ཟེར་་ལམ་ཨིནམ་དང་ དཔེར་ན་ ཞབས་ཁྲ། རྩང་མོ་དང་ གུར་གླུ་འཐེན་ནི་ཚུ་ལུ་གོཝ་ཨིན།
༼རང་བཞིན་བརྗོད་པའི་རྒྱན༽
རང་བཞིན་བརྗོད་པའི་རྒྱན་གྱི་གོ་དོན། བརྗོད་བྱའི་དངོས་པོ་དེའི་རང་བཞིན་དྲང་པོར་བརྗོད་པའི་ཚིག་སྦྱོར་ཞིག་ལ་ཟེར། རིགས་རང་བཞིན་བརྗོད་པའི་རྒྱན། གཙོ་བོ་རིགས་ཀྱི་རང་བཞིན་དྲང་པོར་བརྗོད་པའི་རྒྱན་ལ་ཟེར། (སྐབས་འདིར་རིགས་ཟེར་མི་འདི་རིགས་བརྒྱུད་ཀྱི་རིགས་ཙམ་ལུ་གོ་ནི་མེན་པར་རིགས་ཅན་གེ་ར་ལུ་ཁྱབ་ཚུགས་མི་ཅིག་ལུ་གོ་དགོས།)
དཔེ་རྒྱན་གྱི་གོ་དོན། དཔེ་དང་དོན་གཉིས་དངོས་ཤུགས་གང་ཡང་རུང་བའི་སྒོ་ནས་མཚུངས་པར་སྟོན་པའི་རྒྱན།
༡༽ཆོས་དཔེ། ཁྱད་ཆོས་ཀྱི་སྒོ་ནས་དཔེ་དང་དོན་གཉིས་མཚུངས་པར་སྟོན་པའི་རྒྱན།
(དཔེར་བརྗོད་ཀྱི་སྐབས་མཚུངས་གསལ་གྱི་སྒྲ་དང་མཚུངས་ཆོས་གཉིས་དངོས་སུ་བཀོད་དགོ།)
(
(དཔེར་བརྗོད་ཀྱི་སྐབས་ཁྱད་ཆོས་དངོས་སུ་བཀོད་མི་དགོ་རུང་མཚུངས་གསལ་གྱི་སྒྲ་དངོས་སུ་བཀོད་དགོ།)
༤༽ ཕན་ཚུན་གྱི་དཔེ། དཔེ་དང་དོན་གཉིས་ཕན་ཚུན་དཔེ་ལན་རེས་བྱེད་ནས་སྟོན་པའི་རྒྱན།
༥༽ ངེས་པའི་དཔེ། དཔེ་ཅན་མཚོན་བྱེད་ཀྱི་དཔེ་གཅིག་མ་གཏོགས་གཞན་མེད་པར་སྟོན་པའི་རྒྱན།
༦༽ ངེས་མེད་ཀྱི་དཔེ། དཔེ་ཅན་མཚོན་བྱེད་ཀྱི་དཔེ་གཅིག་ཏུ་མ་ངེས་པར་གཞན་ཡང་ཡོད་པར་སྟོན་པའི་རྒྱན།
༧༽ བསྡུས་པའི་དཔེ། དཔེ་དང་དོན་གཉིས་ཀྱི་འདྲ་བའི་ཆོས་གཅིག་ཙམ་མ་ཡིན་པར་གཞན་ཞིག་ཀྱང་བསྡུས་ནས་སྟོན་པའི་རྒྱན།
༨༽ ཕུལ་བྱུང་གི་དཔེ། དཔེ་དང་དོན་གཉིས་ཀྱི་བར་གནས་ཀྱི་ཁྱད་པར་མ་གཏོགས་ཁྱད་པར་གཞན་མེད་པར་སྟོན་པའི་རྒྱན།
༩༽ རབ་བཏགས་ཀྱི་དཔེ། མཚོན་བྱེད་ཀྱི་དཔེ་ལ་དཔེ་ཅན་ལ་འགྲན་པའི་ནུས་པ་མེད་ཀྱང་ཡོད་པར་སྒྲོ་བཏགས་ནས་སྟོན་པའི་རྒྱན། (དཔེ་དོན་གཉིས་ཤུགས་ཀྱིས་འབད་འདྲ་བར་སྟོན་དགོ།)
༡༡༽ རྨོངས་པའི་དཔེ། དཔེ་དོན་གཉིས་འདྲ་ཆེ་བའི་དབང་གིས་ཕན་ཚུན་འཁྲུལ་བར་སྟོན་པའི་རྒྱན།
༡༢༽ ཐེ་ཚོམ་གྱི་དཔེ། དཔེ་དོན་གཉིས་འདྲ་ཆེ་བའི་དབང་གིས་དེ་གཉིས་གང་ཡིན་ཐེ་ཚོམ་ཟ་བར་སྟོན་པའི་རྒྱན།
༡༣༽ གཏན་འབེབས་ཀྱི་དཔེ། རྒྱུ་མཚན་ཞིག་གི་སྒོ་ནས་དཔེ་དེ་མ་ཡིན་པར་དཔེ་ཅན་ཉིད་ཡིན་པར་ཐག་ཆོད་པར་སྟོན་པའི་རྒྱན།
༡༤༽ སྦྱར་བའི་དཔེ། སྒྲ་སྦྱར་དང་དོན་སྦྱར་གྱི་སྒོ་ལས་དཔེ་དོན་གཉིས་མཚུངས་པར་སྟོན་པའི་རྒྱན།
༡༦༽ སྨད་པའི་དཔེ། དཔེ་ལ་སྨད་པ་བརྗོད་ནས་དཔེ་ཅན་དང་ཁྱད་པར་དང་བཅས་པའི་སྒོ་ནས་འདྲ་བར་སྟོན་པའི་རྒྱན།
༡༧༽ བསྔགས་པའི་དཔེ། དཔེ་ལ་བསྔགས་པ་བརྗོད་ནས་དཔེ་ཅན་དང་མཚུངས་པར་སྟོན་པའི་རྒྱན།
༡༨༽ བརྗོད་འདོད་ཀྱིདཔེ། དཔེའི་སྐྱོན་ཡོན་ལ་མི་ལྟ་བར་གཙོ་བོར་བརྗོད་འདོད་ཀྱི་དབང་གིས་དཔེ་དོན་གཉིས་འདྲ་བར་སྟོན་པའི་རྒྱན། (དཔེ་དོན་གཉིས་ཀྱི་བར་མཚུངས་ཆོས་ཅིག་ངེས་པར་དུ་ཡོད་དགོ།)
༢༠༽ དགག་པའི་དཔེ། དཔེ་ལ་སྐྱོན་བརྗོད་ནས་དེས་དཔེ་ཅན་ལ་འགྲན་པར་མི་ནུས་པར་སྟོན་པའི་རྒྱན། (སྐབས་དེར་འགྲན་པར་ནུས་པ་དེ་དགག་པ་ཡིན།)
༢༢༽ དེ་ཉིད་བརྗོད་པའི་དཔེ། དཔེ་དང་དོན་གཉིས་ཀྱི་ནང་ནས་དོན་དེ་ཉིད་ཡིན་པར་ངོས་གཟུང་བའི་རྒྱན།
༢༦༽ མང་བའི་དཔེ། ཁྱད་ཆོས་འདྲ་བའི་དཔེ་མང་པོ་ཞིག་སྔོན་དུ་བཀོད་ནས་དེ་དང་དཔེ་ཅན་གཉིས་མཚུངས་པར་སྟོན་པའི་རྒྱན།
༢༧༽ རྣམ་འགྱུར་གྱི་དཔེ། དཔེ་ཅན་དེ་དཔེ་ལས་བླངས་པ་ལྟར་སྟོན་པའི་རྒྱན། (དཔེ་ཅན་དེ་དཔེ་ལས་བླངས་པའི་ཚེ་རྣམ་འགྱུར་ཙམ་སོ་སོར་འགྱུརཝ་མ་གཏོགས་རང་བཞིན་འདྲ་བ་ཨིནམ་ཤེས་དགོ།
༢༨༽ ཕྲེང་བའི་དཔེ། དཔེ་དང་དཔེ་ཅན་གཉིས་རིམ་པ་བཞིན་ཕྲེང་བ་ལྟར་བསྒྲིགས་པར་སྟོན་པའི་རྒྱན།
༢༩༽ ངག་དོན་གྱི་དཔེ། བྱེད་ཅན་དྲུག་གང་རུང་ཚང་བའི་སྒོ་ནས་དཔེའི་ངག་དོན་གྱིས་དཔེ་ཅན་གྱི་ངག་དོན་མཚོན་པར་སྟོན་པའི་རྒྱན།
༣༠༽ ཟླ་བོ་དངོས་དཔེ། དཔེ་ཅན་སྔོན་དུ་བཀོད་ནས་དེ་ཉིད་མཚོན་པའི་ཕྱིར་དཔེ་དེ་གྲོགས་ཀྱི་ཚུལ་དུ་རྗེས་སུ་བཀོད་པའི་རྒྱན།
༣༡༽ མཚུངས་སྦྱོར་གྱི་དཔེ། མཆོག་དམན་ཡོད་པའི་དཔེ་གཉིས་བྱ་བའི་རིགས་ཙམ་འདྲ་བར་སྟོན་པའི་རྒྱན།
༣༢༽ རྒྱུའི་དཔེ། རྒྱུའམ་གཏན་ཚིགས་ཤིག་ལ་བརྟེན་ནས་དཔེ་དང་དོན་གཉིས་མཚུངས་པར་སྟོན་པའི་རྒྱན།
Comments
Post a Comment