Skip to main content

རི་ཆང་ལོ་དགོན་པ-བུམ་པ་བཟང་པོ།

 སྒོམ་དར་རི་ཆང་ལོ་དགོན་པའི་འབྱུང་རབས་དང་འབྲེལ་བའི་ གླུ་གཞས།


ལྷ་གཅིག་ཨོ་རྒྱན་པདྨའི་ཐུགས་རྗེ་དང་།།
འབྲུག་མི་ཡོངས་ཀྱི་བསོད་ནམས་སྤྱི་མཐུན་ལས།།
ཤར་ཕྱོགས་རི་ཆང་ལོ་ཡི་ཡུལ་སྟོད་ལ།།
གསང་སྔགས་བསྟན་པ་ཡུན་རིང་གནས་པའི་རྟེན།།
དགོན་བཟང་ཕན་བདེ་ཆོས་གླིང་ཆགས་པ་དགའ།།

སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་གཅིག་ལོར།།
མཁས་པའི་བཟོ་བོ་ཀུན་བཟང་དབང་འདུས་དང།།
ཀ་གྱ་འཇིམ་བཟོ་དོན་ཡོན་ལ་སོགས་པས།།
ཕྱི་ལས་མཛེས་པའི་པ་ཏྲ་རིས་མོ་བཀོད།།
ནང་གི་རྟེན་མཆོག་ཆོས་ལོངས་སྤྲུལ་གསུམ་བཞེངས།།

སྐྱབས་མགོན་དྲིན་ཆེ་བླ་མ་ཟླ་ཟེར་བཞུགས།།
བཀྲ་ཤིས་རབ་གནས་མཛད་པའི་དགའ་སྟོན་ལ།།
ཡུལ་མི་ཡོངས་ཀྱིས་རྟེན་འབྲེལ་བཟང་པོ་འགྲིགས།།
འབྲུ་ནོར་ཇ་ཆང་འབུལ་བས་དགའ་འཚོར་ཞུ།།
དགོན་པའི་མཚན་ཡང་ཕན་བདེ་ཆོས་གླིང་གསོལ།།



    བུམ་པ་ བཟང་པོ། 

མི་མངམ་གིས་ ལྷག་མི་རྩོམ།

𝗣𝗮𝘀𝘁 𝗟𝗶𝗳𝗲 𝗕𝗶𝗼𝗴𝗿𝗮𝗽𝗵𝘆 𝗼𝗳 𝗛.𝗘. 𝗚𝗼𝗻𝗽𝗼 𝗧𝘂𝗹𝗸𝘂 𝗥𝗶𝗻𝗽𝗼𝗰𝗵𝗲 (Khenpo Jigme Yönten Gönpo, 1899–1959)

ཁྲུས་བབས་ཀྱི་སྐོར་ལས་ལོ་རྒྱུས་མདོར་བསྡུ།

Dolung Goenpa

HE Venerable Lhalung Sungtrul Rinpoche

Action Research Proposal Framework

ཚེ་མཚམས་རིན་པོ་ཆེ། Tsetsam Rinpoche (1922-2008)

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།