Skip to main content

འབྲུག་རྒྱལ་ཁབ་ཀྱི་མིང་མ་འདྲཝ་བཏགས་ཚུལ་གྱི་སྐོར།

 འབྲུག་རྒྱལ་ཁབ་ཀྱི་མིང་མ་འདྲཝ་བཏགས་ཚུལ་གྱི་སྐོར།

༡༽ རི་བྲག་གི་ཡུལ། (The country of mountainous་terrain)

༢༽ལྷོ་མོན། (ལྷོ་-south.མོན་-a corruption of the term for darkness)

༣༽ཙན་དོན་བཀོད་པའི་ལྗོངས། (Land of cypress)

༤༽སྨན་ལྗོངས་ནོར་བུའི་གླིང། (Precious land of medicinal herbs)

༥༽འབྲུག་ཡུལ།(Land of the Thunder Dragon)

༦༽ལྷོ་མོན་ཁ་བཞི།(Indicating the territorial extent of the country)

༧༽འབྲུག(Bhutan)

༨༽ཆོས་ལྡན་འབྲུག་གི་རྒྱལ་ཁབ།(Religious Country)







 ༡༽ རི་བྲག་གི་ཡུལ།དུས་རབས་བརྒྱད་པའི་ཧེ་མ་འབྲུག་རྒྱལ་ཁབ་ལུ་མིང་འགོ་ཐོག་དང་པ་འདི་ རི་བྲག་གི་ཡུལ་ཟེར་སངས་རྒྱས་ཤཀྱཱ་  

མུ་ནི་གིས་བཏགས་གནང་ནུགདེ་སྦེ་བཏགས་དགོ་པའི་རྒྱུ་མཚན་འདི་ཡང་ ལ་ལུང་སྒང་གཤོང་དང་བྲག་སྦོམ་ཚུ་གི་བསྐོར་ཏེ་
ཡོདཔ་ལས་ རི་བྲག་གི་ཡུལ་ཟེར་བཏགས་ནུགདེའི་སྐབས་ལུ་མི་ཚུ་གི་མིང་ཡང་རི་བྲག་པ་ཟེར་བཏགས་ནུག

༢༽ ལྷོ་མོན།ལྷོ་མོན་ཟེར་བཏགས་དགོ་པའི་ དོན་དག་འདི་ཡང་ ལྷོ་ཟེར་མི་འདི་འབྲུག་རྒྱལ་ཁབ་འདི་བོད་རྒྱལ་ཁབ་ལས་བལྟཝ་ད་ལུ་
ལྷོ་ཕྱོགས་ཁ་ཐུག་ལུ་ཆགས་ཡོདཔ་ལས་ཨིནམ་མས།མོན་ཟེར་མི་འདི་ འབྲུག་ལུ་སྔོན་སངས་རྒྱས་ཀྱི་བསྟན་པ་མ་དར་བའི༌དུས༌ལུ་
ཆོས་ཟེར་མི་འདི་མིག་ཏོ་གིས་མཐོང་ནི་ཕར་བཞག་རྣ༌བ་གོཝ༌རྩམ༌རང༌མེད༌པར་ མི་ཚེ་གནག་དུང་དུ་ནང༌སྡོད༌དོ༌བཟུམ་ཨིནམ་ལས་
ལྷོ་མོན་ཟེར་བཏགས་ཏེ་མི་ཚུ་ལུ་ཡང་མོན་པ་ཟེར་བཏགས་ནུག

༣༽ཙན་དན་བཀོད་པའི་ལྗོངས།བོད༌ཀྱི་མི་ཚུ་གིས་བལྟཝ་ད་ལུ་འབྲུག་རྒྱལ་ཁབ་ཀྱི་ས་ཆ་མང་ཤོས་ཅིག་ནང་ ག་ནི་བ་མཛེས་པའི་རང་
བཞིན་དང་བསིལ་ཉམས་ལྡན་པའི་ ཙན་དན་ཤིང་གི་ཁྱབ་སྟེ་ཡོདཔ་སྦེ་མཐོངམ་མ་ཚད་ལྷག་པར་དུ་ཙན་དན་ཤིང་འདི་འབྲུག་རྒྱལ་ 
ཁབ་ཀྱི་རྒྱལ་ཡོངས་ཀྱི་ཤིང་ཨིནམ་ལས་ རྒྱལ་ཁབ་ཀྱི་མིང་ཡང་ཙན་དན་བཀོད་པའི་ལྗོངས་ཟེར་བཏགས་ནུག

༤༽ སྨན་ལྗོངས་ནོར་བུའི་གླིང་།ཧེ་མ་དུས་རབས་བཅུ་པའི་ནང་ སྨན་སྦྱོར་གྱི་མཁས་མཆོག་བླ་མ་སཀྱཱ་པ་ཟེར་མི་འདི་ སྨན་རིགས་སྣ་
ཚོགས་འཚོལ་ཏེ་གངས་རི་ཆེན་པོ་རྒྱུད་དེ་ འབྲུག་རྒྱལ་གབ་ནང་ལུ་ལྷོད་ནུགབླམ་མཆོག་གིས་འབྲུག་གི་མི་ཚུ་ཕྱུགཔ་དང་དགའ་
ཏོག་ཏོ་ཡོདཔ་མ་ཚད་ སེམས་ལེགས་ཤོམ་དང་མགྱོནམ་ལུ་དག་སྣང་ཆེ་ཏོག་ཏེ་ཡོདཔ་སྦེ་གཟིགས་ནུག

འབྲུག་རྒྱལ་ཁབ་ཀྱི་ས་གནས་མཐའ་གཡུས་མེད་པར་ སྨན་སྦྱོར་བཏུབ་པའི་སྔོ་ཤིང་སྣ་ཚོགས་ཀྱི་ཁྱབ་སྟེ་ཡོདཔ་མ་ཚད་འབྲུག་མི་ཚུ་གི་
ཡང་སྔོ་ཤིང་གི་རིགས་ཚུ་སྨན་སྦེ་ལག་ལེན་འཐབ་ས་བླམ་གིས་གཟིགས་ནུགའདི་ལས་བལྟ་གྲངས་ཏེ་འབྲུག་རྒྱལ་ཁབ་ཀྱི་མིང་ཡང་
སྨན་ལྗོངས་ནོར་བུའི་གླིང་ཟེར་བཏགས་ནུག

༥༽འབྲུག་ཡུལ།དུས་རབས་བཅུ་གསུམ་པའི་ནང་ ཆོས་རྗེ་གཙང་པ་རྒྱ་རས་ཀྱི་ལུང་བསྟན་དང་ འཁྲིལ་ཏེ་ཕ་ཇོ་འབྲུག་སྒོམ་བཞི་པོ་
མཆོག་འབྲུག་རྒྱལ་ཁབ་ནང་ལུ་བྱོན་ཞིནམ་ལས་འབྲུག་པ་བཀའ་བརྒྱུད་པའི་ཆོས་ལུགས་འདི་འགོ་དང་པ་ འབྲུག་རྒྱལ་ཁབ་ནང་སྲོལ་
བཙུགས་གནང་སྟེ་དར་ཁྱབ་འགྱོ་བའི་ཤུལ་ལུ་ རྒྱལ་ཁབ་ཀྱི་མིང་ཡང་འབྲུག་ཡུལ་ཟེར་བཏགས་ནུག

དེ་ལས་འབྲུག་མི་ཚུ་གིས་ཡང་འབྲུག་པ་བཀའ་བརྒྱུད་པའི་ཆོས་ལུགས་འདི་ཉམས་སུ་ལེན་ཏེ༌རྗེས༌སུ༌འཇུགཔ་ལས་བརྟེན་ཏེ་མི་ཚུ་ལུ་
འབྲུག་པ་ཟེར་བཏགས་ནུག

༦༽ལྷོ་མོན་ཁ་བཞི།ཧེ་མ་དུས་རབས་བཅུ་བདུན་པའི་ནང་ འབྲུག་དང་ཁྱིམ་ཚང་རྒྱལ་ཁབ་ཚུ་གི་བར་ན་ས་མཚམས་དང་འཛུལ་སྒོ/
འཐོན་སྒོ་སྦེ་ལག་ལེན་འཐབ་ནུག ཕྱོགས་བཞི་འདི་ལས་བལྟ་གྲངས་ཏེ་རྒྱལ་ཁབ་ཀྱི་མིང་ཡང་ལྷོ་མོན་ཁ་བཞི་ཟེར་བཏགས་ནུག

ཁ་བཞི་ནི།

༡༽ ཤར་གདུང་བསམ་ཁ་-ད་རེས་ནངས་པ་འབད་བ་ཅིན་ པད་མ་དགའ་ཚལ་དང་བསམ་གྲུབ་ལྗོངས་ཁར་ཚུ་ལུ་སླབ་ཨིནམ་མས།

༢༽ལྷོ་དཔག་བསམ་ཁ་-ད་རེས་ནངས་པ་འབད་བ་ཅིན་ཕུན་ཚོགས་གླིང་དང་དཔག་བསམ་ཁ་ལུ་གོཝ་ཨིནམ་མས།

༣༽ནུབ་ད་གླིང་ཁ་-ད་རེས་ནངས་པ་འབད་བ་ཅིན་བསམ་རྩེ་དང་སིབ་སུ་ཚུ་ལུ་སླབ་ཨིནམ་མས།

༤༽བྱང་སྟག་རྩེ་ཁ་-ད་རེས་ནངས་པ་འབད་བ་ཅིན་མགར་ས་དང་གླིང་གཞི་ཚུ་ལུ་གོཝ་ཨིནམ་མས།

༧ ༽འབྲུག། (Bhutan)

འབྲུག་(Bhutan)ཟེར་མི་འདི་རྒྱ་གར་ཡི་གུ་སཱནས་ཀིརཊ་(Sanskrit) ནང་ལས་འབྱུང་ནུགདང་པ་རང་འབྲུག་འདིBhu-utanས་ཁ་མཐོ་ས་(high land)ལས་འབྱུང་ནུག

གཉིས་པ་ལུ་”Bhotsthan”.”Bhot”ཟེར་མི་འདི་མི་ལུ་གོཝ་ཨིནམ་དང་”sthan”ཟེར་མི་འདི་མི་སྡོད་སའི་ས་

(place/land)འདི་ལུ་གོཝ་ཨིནམ་མས།རྒྱ་གར་ཚུ་གི་འབྲུག་མི་ཚུ་ལུ་”Bhoteys”(people)ཟེར་བཏགས་ནུག

ཤུལ་ལས་Bhot-sthanའདི་Bhotanལུ་བསྒྱུར་ དེ་ལས་ད་རུང་འདི་ལས་ཡང་Bhootanཟེར་ཕྱི་གླིངཔ་ཚུ་གིས་དུས་རབས་བཅུ་དགུ་པ་ནང་བཏགས་ནུགདེ་ལས་Bhootanལས་རིམ་གྱིས་འཕེལ་ཏེ་འབྲུག་(Bhutan)ཟེར་མི་ལུ་འགྱུར་ནུག

དུས་འདི་ལས་འགོ་བཟུང་སྟེ་འབྲུག་རྒྱལ་ཁབ་ཀྱི་མི་སེར་ལུ་འབྲུག་མི་(Bhutanese)ཟེར་མིང་བཏགས་ཏེ་འབྲུག་

(Bhutan)ཟེར་ ད་རེས་ནངས་པ་སབ་ཁྲ(Map)ནང་ཡོདཔ་ཨིན།

༨༽ ཆོས་ལྡན་འབྲུག་གི་རྒྱལ་ཁབ།ད་རེས་ནངས་པ་འཛམ་གླིང་ནང་ལུ་ཡོངས་གྲགས་འགྱོ་བའི་ཆོས་ལྡན་འབྲུག་གི་རྒྱལ་ཁབ་ཟེར་ཐོབ་
དགོ་པའི་དོན་དག་འདི་ཡང་ འབྲུག་རྒྱལ་ཁབ་མཐའ་
དབུས་མེད་པའི་ནང་ ནང་པ་སངས་རྒྱས་པའི་ཆོས་འབྲུག་པ་བཀའ་བརྒྱུད་དེ༌
དར་བ་ལས་བརྟེན་ཏེ༌ འབྲུག་པའི་མི་སེར་ཚུ་ག་ར་ཆོས་དང་ལྡན་པ་ ཆོས་ལུ་འདོད་པ་ཡོད་མི་ཙང་ཙ་ཨིནམ་ལས་ འདི་ལས་བལྟ་
གྲངས་ཏེ་ མིང་ཡང་ཆོས་ལྡན་གྱི་རྒྱལ་ཁབ་ཟེར་བཏགས་ནུག

SOURCE:   HISTORY NOTE OF CLCS

མི་མངམ་གིས་ ལྷག་མི་རྩོམ།

སྨོན་ལམ་ ༡༠༨ །

༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

འབྲུག་རྒྱལ་བཞི་པ་མཆོག་ལུ་བསྟོད་དབྱངས་སྙིང་བསྡུས།

Ticking Toward Triumph: A Tale of Timely Kindness

𝗣𝗮𝘀𝘁 𝗟𝗶𝗳𝗲 𝗕𝗶𝗼𝗴𝗿𝗮𝗽𝗵𝘆 𝗼𝗳 𝗛.𝗘. 𝗚𝗼𝗻𝗽𝗼 𝗧𝘂𝗹𝗸𝘂 𝗥𝗶𝗻𝗽𝗼𝗰𝗵𝗲 (Khenpo Jigme Yönten Gönpo, 1899–1959)

Code of Conduct for Teachers

🍂History of Gomphu Kora in Tashi Yangtse District, under Tongjang Gewog.

𝐀 𝐋𝐨𝐧𝐠 𝐋𝐢𝐟𝐞 𝐏𝐫𝐚𝐲𝐞𝐫 𝐟𝐨𝐫 𝐊𝐲𝐚𝐛𝐣𝐞 𝐑𝐢𝐧𝐩𝐨𝐜𝐡𝐞, 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨 𝐓𝐫𝐮𝐥𝐤𝐮 𝐉𝐢𝐠𝐦𝐞 𝐂𝐡𝐨𝐝𝐫𝐚𝐤.

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།