སྟག་རྩེ་ལུ་ཉིནམ་ཞེ་གཅིག་གི་ ཚོར་སྣང་དང་སྨོན་འདེབས།
སློབ་ཕྲུག་ང་བཅས་ཚུ་གི་དོན་ལས་ ཁོང་རའི་བུ་གཞི་བ་ལྷག་ བསམ་པ་དག་པོའི་སྒོ་ལས་ ཕྱི་ནང་མེད་པར་ རིག་པའི་བང་མཛོད་ཁ་ཕྱེ་གནང་མི་འདི་ རྨད་དུ་བྱུང་བ་དང་ བསྟོད་བསྔགས་ཡང་ཡང་བརྗོད་དུ་འོས་པ་ཅིག་ཨིནམ་མས། ད་རུང་ ཚར་གཅིག་འབདཝ་ད་ ལེགས་སྦྱར་བ་གཅིག་གིས། " མི་ཚེ་གི་འདམ་ལས་ཐར་ནིའི་དོན་ལུ་ བརྩོན་ཤུགས་གི་འཁོར་ལོའི་ བརྡར་ཤུགས་འདི་སྒྲིང་སྒྲིང་དགོ" དེ་ལས་ "ཤིང་ཀ་ཀྲ་ཀོ་ཀྲ་གུ་ བྱིལ་ལི་རྐྱབ་མི་འདི་ ཤིང་འབད་སྤྱོད་ ལེགས་ཤོམ་སྦེ་ འབད་ཐབས་ལུ་ཨིན།" ཟེར་གསུངམ་བཞིན་ལུ་ ང་བཅས་ན་ལུ་ལྷོད་པའི་ཉིནམ་ལས་ ལེགས་སྦྱར་བ་ཡོངས་ལུ་ སྒེར་དང་སློབ་གྲྭའི་ཕྱག་ལཱ་ ལེ་ཤ་ཡོད་རུང་ དུས་ཚོད་བཏོན་ཏེ་ ཆོས་གནང་བ་གིས་མ་ཚད་ ཐབས་ལམ་སྣ་ཚོགས་ཀྱི་ཐོག་ལས་ དཔེ་ཆ་སྟོན་གནང་བ་དང་། ལེགས་སྦྱར་བ་ལ་ལུ་གིས་ སློབ་ཕྲུག་ཚུ་གི་དོན་ལས་ སློབ་སྟོན་མཁོ་ཆས་སྒྲིག་སྟེ་ དྲོ་པའི་ཆུ་ཚོད་༣་ དང་༤་ ཚུན་བཞུགས་ཏེ་ ཆོས་གནང་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལགས།
དེ་མ་ཚད་ སྐུ་གཟུགས་མ་བདེ་རུང་ སློབ་ཕྲུག་ཁོ་ནར་དམིགས་ཏེ་ ཆོས་གནང་མི་སློབ་དཔོན་དང་ མ་འོངས་པའི་མདུན་ལམ་མུན་པ་ནང་ སྒྲོན་མེ་གནང་མི་ བཀྲིན་ཅན་གྱི་བདག་ཉིད་སློབ་དཔོན་ ག་ར་གིས་ རྒྱབ་སྐྱོར་གང་དྲག་ གནང་སར་མཐོངམ་ད་ སྔ་ན་མེད་པའི་ སེམས་ཤུགས་དང་ བཀྲིན་དགའ་ཚོར་ དོན་ཧིང་སྦུག་ལུ་ཆུ་ཁོདམ་བླུགས་པའི་ ཡིད་ཆེས་བའི་སེམས་ཚོར་ཅིག་ཡང་ བྱུང་ཡི།
སློབ་དཔོན་་་་སློབ་དཔོན་་་་ཟེར་མི་འདི་ དྲིན་ཆེ་ཤོས་ཅིག་ཨིནམ་ལས་ སློབ་དཔོན་གྱི་ཉིནམ་འདི་ དུས་ཨ་རྟག་རང་ སེམས་ཀྱི་ནང་ན་ བརྩི་སྲུང་ཞུ་དགོཔ་ཁག་ཆེ་བའི་སྐོར་ལས་ རིག་པའི་ས་བོན་ཞུཝ་དང་བཅས་ ཚེ་ད་རིས་ སློབ་དཔོན་དང་སློབ་མ་སྦེ་ འཛོམས་དོ་བཟུམ་སྦེ་ ཚེ་ཕྱི་མར་ཡང་ འཛོམས་པའི་རེ་བའི་སྨོན་འདེབས་ཀྱི་ མཚམས་སྦྱར་ཞུ་ནི་དང་འབྲེལ་ དུས་ཨ་རྟག་རང་ སྐུ་གཟུགས་ལུ་བསྙུང་གཞི་མེད་པར་ ང་བཅས་སློབ་ཕྲུག་ཡོངས་ཀྱི་ ཕྱག་མཆོད་ཕུལ་སའི་རྟེན་དང་ སྐྱབས་དང་དཔུང་གྲོགས་ཀྱི་ སྐྱབས་མགོན་མཛད་གནང་ཞུ་བ་དང་།
སྟག་རྩེ་མཐོ་སློབ་ཀྱི་གཙོ་འཛིན་གྱིས་གཙོས་པའི་ ལེགས་སྦྱར་བ་དང་ བདག་སྐྱོང་ལས་འབྱེདཔ་ ག་ར་ལུ་བཀྲིན་ཆེ་ཟེར་ཞུ་ནི་དང་ ཤ་ཞེན་ཅན་གྱི་སྤུན་ཆ་དང་ མཆེད་གྲོགས་རྒན་གཞོན་ སློབ་སྦྱོང་མཛད་བཞིན་པ་ཡོད་མི་ གཞོན་ཅུང་ག་ར་གིས་ རྒྱབ་སྐྱོར་གནང་མི་ལུ་ ང་བཅས་ག་ར་གིས་ ཧོངས་ལས་ དུས་ནམ་ཡང་ བརྗེད་མ་ཚུགས་པའི་ བཀྲིན་དགའ་ཚོར་ཞུ་དོ་ལགས།
★སློབ་དུས་ཆོས་རྒྱུགས་ལུ་བཀྲིས་བདེ་ལེགས་ཡོད་ལགས།★
Comments
Post a Comment