Skip to main content

དྲིན་ཆེན་ཕ་མའི་ཉིནམ།

དུས་དང་གནས་ཡུལ་  ཕུན་སུམ་ཚོགས་པའི་ སྐལ་བ་དང་ལྡན་པའི་ དུས་ཚོད་བཟང་ཤོས་འདི་ནང་ དལ་འབྱོར་ཚང་བའི་མིའི་ལུས་རྟེན་གི་ སྒོ་དང་པ་ཕྱེ་གནང་མི་  དྲིན་ཆེན་ཕམ་གཉིས་ཀྱི་ དྲིན་ཆེན་པོ་འདི་ བསྐལ་པ་བརྒྱ་སྦེ་ལངས་རུང་ མཇལ་མི་ཚུགས་པའི་ཁར་ སྟོང་གསུམ་གསེར་ལུ་བསྒྱུར་  ནོརཔ་དགོས་འདོད་སྤུངས་འཇོམས་ དངོས་སུ་ཕུལ་རུང་ དྲིན་ལན་མཇལ་མ་ཚུགས་པའི་ བཀྲིན་ཅན་གྱི་བདག་ཉིད་ཁོ་ན་ཨིནམ་ལས་ ད་རིས་ དམ་ཚིག་གི་ཚུལ་བཟུམ་སྦེ་ ངེའི་དྲིན་ཆེན་ཕམ་གཉིས་ལུ་ ཧིང་ལས་རང་ བཀྲིན་ཆེ་ཟེར་ཞུ་ནི་ཨིན་ལགས། 

ད་རེས་ཚུན་ ཚ་བ་མེ་ནང་མ་ཤོར་ གྱངམ་ཆུ་ནང་མ་ཤོར་བར་ ཡོདན་ཡོད་པའི་ཆ་རོགས་དང་ མེདན་མེད་པའི་ ཆ་རོགས་བསླབ་བྱ་གནང་སྟེ་ ཆུང་ཚེ་རྐང་ཐངས་དྲངས་  སྦོམ་ཚེ་མི་གྲལ་ཚུད་གནང་པ་གིས་མ་ཚད་ དྲོ་པ་ཧ་སག་ངེ་གི་དོན་ལུ་སྨོན་ལམ་དང་  ཕྱི་རུ་ཕྱིས་ཤོས་བུ་ངེའི་མནོ་བསམ་གཏང་མི་ སྙིང་རྗེའི་རང་གཟུགས་ ཕ་མའི་བྱམས་བརྩེ་ལུ་བལྟ་སྟེ་  དད་པའི་མིག་ཆུ་དབང་མེད་ ས་ཁར་ཤོར་དོ།

ཚེ་ད་རིས་འཛོམས་པའི་ ཕམ་གཉིས་ དཀོན་མཆོག་གསུམ་གྱིས་ ཐུགས་རྗེ་ཡང་ཡང་གཟིགས་ བདེ་སྐྱིད་ཕུན་སུམ་ཚོགས་ཏེ་ ལོ་བརྒྱ་དང་སྟོང་སྦེ་  བུ་ངེའི་མཆོད་པའི་རྟེན་དང་ སྐྱབས་དང་སྤུངས་གྲོགས་མཛད་པའི་ སྐྱབས་དང་མགོན་སྦེ་  བཞུགས་གནང་།  བཀྲིན་ཆེ།


མི་མངམ་གིས་ ལྷག་མི་རྩོམ།

སྨོན་ལམ་ ༡༠༨ །

༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

Ticking Toward Triumph: A Tale of Timely Kindness

འབྲུག་རྒྱལ་བཞི་པ་མཆོག་ལུ་བསྟོད་དབྱངས་སྙིང་བསྡུས།

བར་དོའི་སྨོན་ལམ།

𝗣𝗮𝘀𝘁 𝗟𝗶𝗳𝗲 𝗕𝗶𝗼𝗴𝗿𝗮𝗽𝗵𝘆 𝗼𝗳 𝗛.𝗘. 𝗚𝗼𝗻𝗽𝗼 𝗧𝘂𝗹𝗸𝘂 𝗥𝗶𝗻𝗽𝗼𝗰𝗵𝗲 (Khenpo Jigme Yönten Gönpo, 1899–1959)

Code of Conduct for Teachers

🍂History of Gomphu Kora in Tashi Yangtse District, under Tongjang Gewog.

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།