༉ ལོ་བསྟར་བཞིན་དུ་ འབྲུག་མི་ཚུ་གིས་ རང་ཟླ་༡༡ པའི་ཚེས་༧ ལུ་ ངན་པ་དགུ་འཛོམས་ཀྱི་ཉིནམ་སྦེ་ བརྩིསཝ་ཨིན། དེ་སྦེ་བརྩིས་དགོ་མི་འདི་ཡང་ ནག་རྩིས་ཀྱི་ལུགས་ལས་འབད་བ་ཅིན།
ཧེ་མར་ འཇིག་རྟེན་གྱི་ཁམས་འདི་ རིམ་པར་ཞིན་དུ་ཆགསཔ་ད་ ཕ་ རྡོ་རྗེ་གློག་ཕྲེང་དང་ མ་ ས་སྲིན་འབར་མ་༢ ལུ་ ཨ་ལོ་༥ ༼བུ་༡ དང་ བུམོ་༤༽སྐྱེས་ནུག། དེ་ཚུ་ཡང་།
༡• བུ་རཱ་ཧུ་ལའམ་ ཉི་མ་ནག་ཆེན་དང་།
༢• བུམོ་འབྲོག་སྲིང་ཆུ་སྲིན་གདོང་ཅན།
༣• སྟག་སྲིང་ཟོར་བའི་གདོང་ཅན།
༤• ཀོང་སྲིང་བ་གླང་གདོང་ཅན།
༥• བམ་སྲིང་འདྲེའི་གདོང་ཅན་ཚུ་ ཨིན་པས།
༡• བུ་རཱ་ཧུ་ལའམ་ ཉི་མ་ནག་ཆེན་དང་།
༢• བུམོ་འབྲོག་སྲིང་ཆུ་སྲིན་གདོང་ཅན།
༣• སྟག་སྲིང་ཟོར་བའི་གདོང་ཅན།
༤• ཀོང་སྲིང་བ་གླང་གདོང་ཅན།
༥• བམ་སྲིང་འདྲེའི་གདོང་ཅན་ཚུ་ ཨིན་པས།
དེ་ལས་ ཕོ་རྒནམ་རཱ་ཧུ་ལ་གིས་ རི་རབ་གཡས་བསྐོར་དང་ བུམོ་ཆུང་ཤོས་ བམ་སྲིང་འདྲེའི་གདོང་ཅན་གྱིས་ རི་རབ་གཡོན་བསྐོར་རྐྱབ་སྟེ་འགྱོཝ་ད་ ལོ་ལེ་ཤ་འགོརཝ་ལས་ རང་ཟླ་༡༡ པའི་ཚེས་༧ ལུ་ ཕྱད་པའི་སྐབས་ ཁོང་སྤུན་ཆ་༢ གཅིག་གིས་གཅིག་ལུ་ ངོ་མ་ཤེས་པར་ གཅིག་གིས་གཅིག་ལུ་མཐོངམ་ཅིག་ སེམས་ཆགས་ཡོདཔ་ལས་ ལུས་འབྲེལ་འབད་ནུག་ཟེར་ཨིན་པས།
ཁོང་སྤུན་ཆ་༢ ལུས་འབྲེལ་འབད་མི་ལུ་བརྟེན་ མ་རུང་བའི་རྐྱེན་གྱིས་ འབྲས་བུ་ངན་དགུ་ཟེར་ སྟེང་གི་རླུང་ འོག་ལུ་འགྱོ་ འོག་གི་རླུང་ སྟེང་ལུ་འགྱོ་ བར་རླུང་ཕར་ཚུར་འཁྱུག་ ས་ ཆུ་ མེ་ རླུང་ ནམ་མཁའ་བཅས་ འབྱུང་བ་༥ ཡང་འཁྲུགས། མི་ག་ར་ལུ་ གནོད་པའི་ བཙན་དུག་བཟུམ་གྱི་ ཉིམ་ཤར་བའི་ དུས་ཤརཝ་ལས་ དུས་ཚོད་ངན་པ་༩ སྟབས་གཅིག་ཁར་ འཛོམས་ཡོདཔ་ལས་ ངན་པ་དགུ་འཛོམས་ཟེར་སླབ་ཨིན་མས།
དེའི་སྐབས་ འཇིག་རྟེན་གྱི་ཁམས་ནང་ བཀྲ་མ་ཤིས་པའི་ དུས་ཚོད་ངན་པ་འབད་ནི་དེ་གིས་ དེའི་ཉིན་མར་ ངན་པ་དགུ་འཛོམས་ཟེར་ ངན་པ་ཚུ་གི་གྲས་ལས་ སྐྱོ་ཤོས་ཅིག་སྦེ་ རྩིས་སྲོལ་ཡོདཔ་ཨིན་པས།
བཀྲིན་ཆེ།
བཀྲིན་ཆེ།
Source: Kipchu
Comments
Post a Comment