ཀ༽ སུམ་ཅུ་པ། སྡེ་ཚན་ཀ་པ་ལ་དྲི་བ་ནང་གསེས་གཉིས་ཡོད་པས་དྲི་བ་ཆ་མཉམ་ལ་ལན་འབྲི་དགོས། སྐུཊ་བསྡོམས་ ༢༠༽
ཀ་༡༽ རྗེས་དྲན་གྱི་དྲི་བ། གཤམ་གསལ་དྲི་བ་རྣམས་ལ་ལན་ཐུང་ངུ་རེ་རྒྱོབ། སྐུགས (༢x༥=༡༠)
༡༽ ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་པའི་གོ་དོན་འགྲེལ།
ལན། ལུང་སྟོན་པ་ནི། སྒྲའི་མཚན་ཉིད་མིང་ཚིག་ཡིགེའི་རྣམ་འགྱུར་གྱི་སྒོ་ནས་ལུང་དུ་སྟོན་པའམ་བརྡ་སྤྲོད་པས་ན་ལུང་སྟོན་པ།རྩ་བ་ནི་བསྟན་བཅོས་ཕྱི་མོ་རྣམས་ཀྱི་གཙོ་བོའམ་མ་ལྟར་གྱུར་པས་ན་རྩ་བའོ།
སུམ་ཅུ་པ་ནི།
མཆོད་བརྗོད་སོགས་ཐམས་ཅད་གྲངས་པའི་གཞུང་ཚད་ཤོ་ལོ་ཀ་སུམ་ཅུ་རྩ་གསུམཡོད་ཀྱང་།
བརྗོད་བྱའི་དོན་ཤོ་ལོ་ཀ་སུམ་ཅུས་རྫོགས་པ་ན་སུམ་ཅུ་པ་ཞེས་བྱའོ།
༢༽ སུམ་རྟགས་རྩོམ་པ་པོའི་འཁྲུངས་ཡུལ་དང་རིགས་བརྒྱུད་ཁ་གསལ་ཤོད།
ལན། སུམ་རྟགས་རྩོམ་པ་པོའི་འཁྲུངས་ཡུལ་ནི་གཡོར་པོ་ཡུལ་དགུའི་ནང་ཚན་གཉལ་ཞེས་བ་དང་། དེའི་རིགས་བརྒྱུད་ནི་ཐུའམ་ཐོན་ཞེས་བྱའོ། དེའི་ཡབ་ཀྱི་མཚན་ནི་ཆོས་བློན་ཨ་ནུ་ཞེས་བྱའོ།
༣༽ ཕྲད་རང་དབང་ཅན་དང་གཞན་དབང་ཅན་ཞེས་པའི་དོན་ཇི་ལྟར་ཡིན།
ལན། རང་དབང་ཅན་ཞེས་པ་ནི་ཕྲད་རྣམས་རྗེས་འཇུག་ལ་ལྟོས་མི་དགོས་པར་ཅི་བདེར་སྦྱར་ཆོག་པས་ན་རང་དབང་ཅན་ཞེས་དང་།
གཞན་དབང་ཅན་ཞེས་པ་ནི། ཕྲད་རྣམས་རྗེས་ལ་ལྟོས་ནས་འཇུག་དགོས་པས་ན་གཞན་དབང་ཅན་ཞེས་བྱའོ།
༤༽ རྣམ་དབྱེ་དང་ཚིག་ཕྲད་ཅེས་པའི་གོ་དོན་བྲིས།
ལན། རྣམ་དབྱེ་དང་ཚིག་ཕྲད་གཉིས་ཀྱི་ཁྱད་པར་ནི།
དེ་ཡང་
རྣམ་དབྱེ་ཅེས་པ་བརྗོད་བྱའི་མིང་ཚིག་རྐྱེན་དེ་ཡིས་རྣམ་པར་དབྱེ་བས་ན་རྣམ་དབྱེ་ཞེས་དང་། ཚིག་ཕྲད་ཞེས་པ་ཚིག་སྔ་ཕྱི་གཉིས་ཕྲད་ཅིང་མཚམས་སྦྱོར་བའི་རྐྱེན་བྱེད་པས་ན་ཚིག་ཕྲད་ཅེས་བྱའོ
༥༽ ལ་དོན་དང་སླར་བསྡུ་ཞེས་པའི་ངེས་ཚིག་འགྲེལ།
ལན། རྐྱེན་ཐམས་དེ་དག་གི་འཇུག་ཡུལ་ཕལ་ཆེར་ལ་ཡིག་དང་འཇུག་པར་མཚུངས་པས་ན་ལ་དོན་དང་།
སྐབས་བབས་ཀྱི་བརྗོད་བྱའི་དོན་དེ་ཙམ་གྱི་བསྡུ་བར་བསྟན་པས་ན་སླར་བསྡུའམ་རྫོགས་ཚིག་ཅེས་བྱའོ།
ཀ་༢༽ ལག་ལེན་གྱི་དྲི་བ།
འོག་གི་འཇུག་ཡུལ་རྣམས་ཀྱི་དཔེར་བརྗོད་གསར་རྩོམ་གྱིས། སྐུཊ་ (༢x༥=༡༠)
༡༽ རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་དཔེར་བརྗོད་བཞི་རྩོམས།
ལན། ༡༽ ཤར་ཕྱོགས་སུ་འགྲོ། ༢༽
བོད་དུ་ཕྱིན། ༣༽ རྡོ་བར་གཟུགས་བརྙན་བྱེད། ༤༽ ཁང་པར་ཀ་ར་སྒྲོན།
༢༽ རྒྱན་སྡུད་ཀྱི་ཕྲད་ཀྱང་གི་མཐུན་པའི་རྒྱན་དང་མི་མཐུན་པའི་རྒྱན་དུ་འཇུག་པའི་དཔེར་བརྗོད་གཉིས་རེ་རྩོམས།
ལན༽ མཐུན་པའི་རྒྱན་ནི། མཛོས་ཀྱང་མཛེས། དམ་ཆོས་བསྒྲུབ་ཀྱང་བསྒྲུབ།
མི་མཐུན་པའི་རྒྱན་ནི།
ངོ་རིས་མཛེས་ཀྱང་སྤྱོད་པ་རྩུབ།
དམ་ཆོས་བསྒྲུབ་ཀྱང་དམྱལ་བར་ལྷུང་།
༣༽ སྐྱབས་རྗེ་མཁན་པོ་ལ་གཞི་བཞག་སྟེ་རྣམ་དབྱེ་གསུམ་པའི་དཔེར་བརྗོད་བཞི་བྲིས།
ལན། སྐྱབས་རྗེ་གིས་བཀའ་ཁྲིད་གནང་།
རྗེ་མཁན་གྱིས་མཐའ་དབུས་མེད་པར་ཆོས་འཁོར་བསྐོར།
རྗེ་མཁན་ཆེན་གྱིས་དད་ལྡན་ཡོངས་ལ་དབང་ལུང་གནང་།
སྐྱབས་རྗེ་གིས་ཆོས་ཀྱི་སྦྱིན་པ་འགྲོ་བ་ཀུན་ལ་བསྩལ།
༤༽ ནི་སྒྲ་མཆོག་ཏུ་དགར་བ་དང་དམན་པར་དགར་བ་ལ་འཇུག་པའི་དཔེར་བརྗོད་གཉིས་གཉིས་རྩོམས།
ལན། མཆོག་ཏུ་དགར་བ་ནི། རྒྱལ་རིགས་ནི་དམངས་རིགས་ལས་མཆོག་གོ བྲམ་ཟེ་ནི་གདོལ་རིགས་ལས་ཁྱད་དུ་འཕགས།
དམན་པར་དགར་བ་ནི།
གདོལ་པ་ནི་རིགས་ཀུན་ལས་ཞན། དམངས་རིགས་ནི་རྒྱལ་རིགས་ལས་དམན།
༥༽ བདག་སྒྲ་པ་པོ་མ་མོ་བཞི་འཇུག་པའི་དཔེར་བརྗོད་རེ་རེ་གསར་རྩོམ་བྱོས།
ལན། མཁས་པ།
མཁན་པོ། དགའ་མ། བཙུན་མོ།
ཁ༽ རྟཊ་འཇུག་ལས།
སྡེ་ཚན་ཁ་པ་ལ་དྲི་བ་ནང་གསེས་ལྔ་ཡོད་པ་ལས་བཀོད་བྱ་དང་འཁྲིལ་ཏེ་དྲི་བ་ཆ་མཉམ་ལ་ལན་འབྲི་དགོས།
སྐུཊ་ ༨༠༽
ཁ་༡༽ དབྱེ་དཔྱད་ཀྱི་དྲི་བ། གཤམ་འཁོད་དྲི་བ་རྣམས་ལ་ལན་བྲིས། སྐུགས་
(༣x༥=༡༥)
༡༽ རྗེས་འཇུག་ཡིགེ་བཅུ་པོ་རྣམས་ཕོ་མོ་མ་ནིང་གི་དབྱེ་བ་གང་གི་སྒོ་ནས་འཇོག་པ་ཡིན།
ལན།
རྗེས་འཇུག་རྣམས་རང་རང་གི་འཇུག་ཡུལ་མིང་གཞིའི་ཡིགེ་དེ་དག་དང་སྦྲགས་ནས་ཀློག་སྐབས་སྒྲ་ཤུགས་ཆེ་ཆུང་གི་དབང་གིས་ཕོ་མོ་མ་ནིང་གི་
དབྱེ་བ་བཞག་པ་ཡིན་ནོ།
༢༽ ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ།། ཞེས་པའི་རབ་འབྲིང་ཐ་གསུམ་བཞག་ཚུལ་ཇི་ལྟར་ཡིན།
ལན། རྗེས་འཇུག་ཕོ་ཡིག་ག་ལ་ཡང་འཇུག་ས་ཞུགས་པ་སྐྱེས་བུ་རབ་དང་།
རྗེས་འཇུག་བ་ཡིག་ལ་ཡང་འཇུག་ས་ཞུགས་པ་སྐྱེས་བུ་འབྲིང་།
རྗེས་འཇུག་ག་བ་གཉིས་ལ་ཡང་འཇུག་མ་ཞུགས་པ་དང་རྗེས་འཇུག་ད་ས་གཉིས་ཀྱི་མཐའ་ཅན་ལ་སྐྱེས་བུ་ཐ་མ་ཞེས་བཞག་གོ།
༣༽ དངོས་པོ་བདག་གཞན་གྱི་ཁྱད་པར་ཚུལ་དང་མཐུན་པར་འཁོད།
ལན༔ དངོས་པོ་བདག་ནི།
ལས་གང་ཞིག་བྱེད་པ་པོ་དང་འབྲེལ་བའི་དབང་དུ་བཏང་ནས་བྱེད་པ་པོ་ཁོ་ར་དང་།
དེའི་བྱེད་པ་དང་བཅས་པ་ལ་བདག་ཅེས་བྱའོ། དངོས་པོ་གཞན་ནི།
དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་དང་དེ་དང་འབྲེལ་བའི་བྱ་བ་བཅས་ལ་དངོས་པོ་གཞན་ཞེས་བྱའོ།
༤༽ རྗེས་འཇུག་གི་ཡིགེ་བཅུ་པོ་དེ་མེད་ན་སྐྱོན་ཅི་ཡོད།
ལན༔ གཞུང་ལས།
ཕོ་ཡིག་དེ་དག་རྣམས་ལ་ཡང་།། འཇུག་པར་བཅས་པ་མེད་ན་ནི།། མིང་དང་ཚིག་ཀྱང་གསལ་མི་ནུས།།
མིང་ཚིག་གསལ་བ་མེད་ན་
ནི།།
དོན་རྣམས་བརྗོད་པར་མི་འགྱུར་རོ།།
ཞེས་གསུངས་པ་ལྟར་ཕོ་ཡིག་ཀཱ་ལི་དེ་དག་རྣམས་ལ་ཨཱ་ལི་དང་ལྡན་མི་ལྡན་ཇི་ལྟར་ཡིན་ཡང་འཇུག་པར་བཅས་པ་སྟེ་འཇུག་པའི་ཡིགེ་བཅུ་མེད་པར་འགྱུར་ན་ནི་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང་དོན་གྱི་ཁྱད་པར་སྟོན་པའི་ཚིག་ཀྱང་གསལ་བར་མི་ནུས་པའི་སྐྱོན་ཡོད་དོ།
༥༽ རྟགས་ཀྱི་འཇུག་པ་བཤད་པ་ལ་སྤྱི་དོན་ས་བཅད་ཇི་ཙམ་ཡོད།
ལན། རྟགས་འཇུག་གི་གཞུང་བཤད་པ་ལ་ས་བཅད་གསུམ་ཡོད། དེ་ཡང་མིང་གཞིའི་རྟགས་ཀྱི་འཇུག་པ་བཤད་པ།
སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ།
རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་བཅས་གསུམ་མོ།
ཁ་༢༽ ལག་ལེན་དངོས་བསྟར་གྱི་དྲི་བ། འོག་གི་དྲི་བ་རྣམས་ལ་ལན་རྒྱོབ། སྐུགས (༦x༦=༣༦)
༡༽ སྔོན་འཇུག་མོ་འ་ཡིག་གིས་དངོས་པོ་བདག་དང་དུས་ད་ལྟ་བ་བསྟན་པའི་ཆེད་དུ་འཇུག་པའི་དཔེར་བརྗོད་གསུམ་རེ་བྲིས།
ལན༔ དངོས་པོ་བདག་ལ་འཇུག་པ་ནི།
དཔེར་ན། དགྲ་ལ་འཐབ་པ་པོ། འཐབ་བྱེད།
སྐུད་པ་འཁལ་བ་པོ། འཁལ་བྱེད།
དུས་ད་ལྟ་བ་ལ་འཇུག་པ་ནི།
དཔེརན། དགྲ་ལ་འཐབ་བཞིན་པ།
སྐུད་པ་འཁལ་བཞིན་པ།
༢༽ ཕོ་ཡིས་ཕོ་དྲངས་པའི་དཔེར་བརྗོད་གསུམ་དང་ཕོ་ཡིས་མོ་དྲངས་པའི་དཔེར་་དརབརྗོད་གསུམ་རྩོམས།
ལན༔ ཕོ་ཡིས་ཕོ་དྲངས་པའི་དཔེར་བརྗོད་ནི། རྟག་པ།
མཁས་པ། འདོད་པ།
ཕོ་ཡིས་མོ་དྲངས་པའི་དཔེར་བརྗོད་ནི།
མཛེས་མ། སྟག་ཤ བདག་མོ།
༣༽ ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།།
ཅེས་པའི་རྩ་དོན་དང་འཁྲིལ་པའི་དཔེར་བརྗོད་གསུམ་རེ་གསར་རྩོམ་གྱིས།
ལན༔ དངོས་པོ་གཞན་ལ་འཇུག་པ་ནི། ༡༽
བཀན་བྱའི་ལག་པ། ༢༽ བཀླག་བྱའི་དཔེ་ཆ། ༣༽ བཀྱིག་བྱའི་དགྲ། དུས་འདས་པ་བསྟན་པའི་དོན་དུ་འཇུག་པ། ༡༽
ལག་པ་བཀན་ཏོ། ༢༽ དཔེ་ཆ་བཀླགས་སོ། ༣༽
དགྲ་ཐག་པས་བཀྱིགས་སོ།
༤༽ མོ་ནི་བདག་ད་མ་འོངས་ཕྱིར།། ཞེས་པའི་རྩ་དོན་དང་མ་འགལ་བར་དཔེར་བརྗོད་གསུམ་གསུམ་རྩོམས།
ལན། དངོས་པོ་བདག་ལ་འཇུག་པ་ནི། དཔེར་ན།
དགྲ་ལ་འཐབ་པ་པོ། འཐབ་བྱེད། སྐུད་པ་འཁལ་བ་པོ། འཁལ་བྱེད།
དུས་ད་ལྟ་བ་ལ་འཇུག་པ་ནི།
དཔེརན། དགྲ་ལ་འཐབ་བཞིན་པ།
སྐུད་པ་འཁལ་བཞིན་པ།
༥༽ ཤིན་ཏུ་མོ་ནི་མཉམ་པས་སོ།། ཞེས་པའི་དཔེར་བརྗོད་ཆ་ཚང་ཞིག་རྒྱོབ།
ལན༔ གཞུང་ལས།
ཤིན་ཏུ་མོ་ནི་མཉམ་ཕྱིར་རོ།།
ཞེས་བསྟན་པ་ལྟར་དངོས་པོ་བདག་གཞན་དང་དུས་གསུམ་ལ་དབྱེ་བ་མེད་པར་མཉམ་པ་སྟེ་ཐམས་ཅད་ལ་འཇུག་གོ། དཔེར་ན།
སྔོན་འཇུག་ཤིན་ཏུམོ་ |
དངོས་པོ་བདག |
དངོས་པོ་གཞན |
དུས་འདས་པ་ |
དུས་མ་འོངས་པ་ |
དུས་ད་ལྟ་བ་ |
མ་ |
སྐུད་པ་མཐུད་པ་པོ། མཐུད་བྱེད |
མཐུད་བྱའི་སྐུད་པ། མཐུད་བྱ། |
མཐུད་ཟིན |
མཐུད་པར་འགྱུར། མཐུད་རྒྱུ། |
མཐུད་བཞིན་པ། མཐུད་སྒང་རེད |
༦༽ མ་ནིང་གཉིས་ཀ་ད་ལྟར་ཆེད།། ཞེས་པའི་མ་ནིང་གཅིག་གི་དངོས་པོ་དང་དུས་བསྟན་པའི་དཔེར་བརྗོད་གསུམ་རེ་ཤོད།
ལན། སྔོན་འཇུག་མ་ནིང་ག་ད་གཉིས་ནི་དངོས་པོ་བདག་གཞན་གཉིས་ཀ་དང་དུས་གསུམ་ལས་དུས་ད་ལྟ་བ་བསྟན་པའི་ཆེད་དུ་འཇུག་པ་ཡིན་ནོ།
སྔོན་འཇུག་མ་ནིང་ཡིགེ་ |
དངོས་པོ་བདག་ལ་འཇུག་པ |
དངོས་པོ་གཞན་ལ་འཇུག་པ |
དུས་ད་ལྟ་བ་ལ་འཇུག་པ |
ག |
ཤིང་གཅོད་པ་པོ། གཅོད་བྱེད། |
གཅད་བྱའི་ཤིང་། གཅད་བྱ། |
གཅོད་བཞིན་པ། གཅོད་ཀྱིན་འདུག |
ད |
བློས་དཔྱོད་པ་པོ།
དཔྱོད་བྱེད། |
དཔྱད་བྱའི་གནད་དོན།དཔྱད་བྱ། |
དཔྱད་བཞིན་པ། དཔྱད་སྒང་རེད། |
ཁ་༣༽ གཅིག་བསྡུ་གི་དྲི་བ།གཤམ་གསལ་རྩ་ཚིག་རྣམས་ལ་ཚད་ལྡན་གྱི་འགྲེལ་པ་ཐུང་ངུ་རེ་འབྲི་དགོས།
སྐུཊ(༥x༣=༡༥)
༡༽ ཕོ་ནི་ཕོ་དང་མོ་ལ་འཇུག། མོ་ནི་མོ་དང་མ་ནིང་ལ།། མ་ནིང་ཡང་ནི་ཕོ་མོ་ལའོ།།
ཤིན་ཏུ་མོ་ནི་མཉམ་པས་སོ།།
ལན༔ སྔོན་འཇུག་ཕོ་ཡིག་བ་གིས་འཇུག་ཡུལ་མིང་གཞི་ཕོ་ཡིག་ཀ་ཅ་ཏ་པ་ཙ་སོགས་དང་མིང་གཞིའི་ཡིགེ་མོ་ཡིག་ག་ཇ་ད་བ་ཛ་སོགས་ལ་འཇུག་པ་དང་།
སྔོན་འཇུག་མོ་འ་ཡིག་གིས་འཇུག་ཡུལ་མིང་གཞིའི་མོའི་་ཡིགེ་ག་ཇ་ད་བ་སོགས་དང་མིང་གཞི་མ་ནིང་ན་ར་ལ་སོགས་ལ་འཇུག་པ་ཡིན།
སྔོན་འཇུག་མ་ནིང་ག་ད་གཉིས་ཀྱིས་འཇུག་ཡུལ་མིང་གཞིའི་ཡིགེ་ཀ་ཅ་ཏ་པ་སོགས་དང་མོ་ག་ཇ་ད་བ་ཛ་སོགས་ལ་འཇུག་པ་དང་།
དེ་བཞིན་སྔོན་འཇུག་ཤིན་ཏུ་མོ་མ་ཡིག་གིས་འཇུག་ཡུལ་མིང་གཞིའི་ཡིགེ་ཕོ་མོ་མ་ནིང་ཤིན་ཏུ་མོ་སོགས་ལ་དབྱེ་བ་མེད་པར་མཉམ་པར་འཇུག་པ་ཡིན་ཞེས་པའི་དོན་ནོ།
༢༽ ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན།།
ཡིགེའི་ཁོངས་ནས་མིང་དབྱུང་སྟེ།། མིང་གི་ཁོངས་ནས་ཚིག་ཕྱུང་ནས།།ཚིག་གིས་དོན་རྣམས་སྟོན་པར་བྱེད།།
ལན༔ རྗེས་འཇུག་གི་ཡིགེ་རྣམས་འཇུག་ཡུལ་མིང་གཞི་ལ་དགོས་པའམ་དོན་ཅི་བསྟན་པའི་ཕྱིར་དུ་འཇུག་པར་བྱེད་ཅེ་ན།
སྔོན་འཇུག་ཡོད་མེད་གང་ཡང་རུང་བའི་མིང་གཞིའི་ཡིགེ་གཅིག་གམ་གཉིས་སམ་དུ་མ་འདུས་པ་ཡིན་ཡང་རུང་རྗེས་འཇུག་གི་ཡིགེ་གང་རུང་ཞིག་མ་ཞུགས་པར་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དུ་གྲུབ་པ་མི་སྲིད་པས་ན་ཡིགེའི་ཁོངས་ནས་མིང་དབྱུང་བ་་དང་།
མིང་དེ་ཡང་གཅིག་དང་གཉིས་སམ་དུ་མ་སྦྲེལ་ཡང་རྣམ་དབྱེ་དང་ཚིག་ཕྲད་མ་ཞུགས་ན་ཚིག་ཏུ་གྲུབ་མི་སྲིད་པས་ན་མིང་གི་ཁོངས་ནས་ཚིག་ཕྱུང་བ་ཡིན།
ཚིག་དེ་དག་གིས་འཇིག་རྟེན་དུ་དོན་གྱི་ངོ་བོ་དང་ཁྱད་པར་རྣམས་ཀྱང་སྟོན་པར་བྱེད་པས་ན་དོན་མཚོན་པའི་བརྗོད་པ་ཇི་སྙེད་པའང་རྗེས་འཇུག་གི་ཡིགེ་རྣམས་འཇུག་པའི་དགོས་པ་གྲུབ་བོ་ཞེས་པའི་དོན་ནོ།
༣༽ མོ་ཡི་ཡིགེ་མེད་པ་ན།།
ཕོ་ཡིག་བརྗོད་པ་མེད་པར་འགྱུར།། ཕོ་ཡིག་དེ་དག་རྣམས་ལ་ཡང་།། འཇུག་པར་བཅས་པ་མེད་པར་ནི།།
མིང་དང་ཚིག་ཀྱང་གསལ་མི་ནུས།
ལན༔ མོའི་ཡིགེ་གི་གུ་སོགས་ཨཱ་ལི་བཞི་པོ་མེད་པ་ན་ཕོ་ཡིག་ཀཱ་ལི་རྣམས་ཁོ་ནས་བརྗོད་པ་མེད་པར་འགྱུར་ཏེ་ཨཱ་ལི་རྣམས་ལ་ལྟོས་པའི་བརྗོད་པ་དེ་སྙེད་མི་ཚང་བར་འགྱུར་བའི་ཕྱིར་དང་།
ཕོ་ཡིག་ཀཱ་ལི་དེ་དག་རྣམས་ལ་ཡང་ཨཱ་ལི་དང་ལྡན་མི་ལྡན་ཇི་ལྟར་ཡང་འཇུག་པར་བཅས་པ་སྟེ་རྗེས་འཇུག་ཡིགེ་བཅུ་པོ་མེད་པར་འགྱུར་ན་ནི་དོན་གྱི་ངོ་བོ་སྟོན་པའི་མིང་དང་དོན་གྱི་ཁྱད་པར་སྟོན་པའི་ཚིག་ཀྱང་གསལ་བར་མི་ནུས་ཞེས་པའི་དོནོ།།
ཁ་༤༽ དབྱེ་ཞིབ་ཀྱི་དྲི་བ། འོག་གི་དྲི་བ་གསུམ་ལས་གཉིས་ལ་ལན་བྲིས། སྐུགས
(༥x༢=༡༠)
༡༽ སྔོན་འཇུག་གི་འཇུག་ཡུལ་སྐབས་ཕོ་ནི་ཕོ་དང་མོ་ལ་འཇུག།
ཞེས་དང་ མི་འཇུག་པའི་སྐབས་ཕོ་ཡང་མོ་ལ་འཇུག་མི་འགྱུར།།
ཞེས་བསྟན་པ་གཉིས་དགོངས་པ་ཇི་ལྟར་ཡིན།
ལན༔ ཕོ་ནི་ཕོ་དང་མོ་ལ་འཇུག། ཅེས་པའི་སྐབས་སྔོན་འཇུག་ཕོ་ཡིག་བ་གིས་འཇུག་ཡུལ་མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་པ་སོགས་དང་མིང་གཞིའི་མོ་ཡིག་ག་ཇ་ད་བ་སོགས་ལ་འཇུག་པར་བསྟན་པ་དང་།
གཉིས་པ་ཕོ་ཡང་མོ་ལ་འཇུག་མི་འགྱུར།།
ཅེས་པ་ནི་སྔོན་འཇུག་ཕོ་ཡིག་བ་ནི་མིང་གཞི་མོ་ཡིག་ལ་འཇུག་པར་བསྟན་ཀྱང་རང་གི་སྡེ་པ་གཅིག་པ་ཡིན་ན་མིང་གཞི་མོ་ཡིག་བ་མ་གཉིས་ལ་མི་འཇུག་ཅེས་བསྟན་པའི་དོན་ནོ།
༢༽ མ་ནིང་རང་ལ་རང་མི་འཇུག། མ་ནིང་མོ་ཡང་དེ་བཞིན་ནོ།།
ཞེས་གསུངས་དགོས་པའི་དགོངས་པ་འགྲེལ།
ལན༔ སྔོན་འཇུག་གི་མ་ནིང་ག་ད་གཉིས་ཀྱང་རང་སྡེའི་ཕོ་མོ་དག་ལ་མི་འཇུག་སྟེ།
ག་ཡིག་ནི་མིང་གཞིའི་ཡིགེ་ཀ་ག་ང་རྣམས་དང་། ད་ཡིག་ནི་ཏ་ད་ན་རྣམས་ལ་མི་འཇུག་པའོ།
སྔོན་འཇུག་གི་མོ་ཡིག་འ་ནི་རང་སྡེའི་མིང་གཞི་མོའི་ཡིགེ་ཞ་ཟ་འ་ཡ་རྣམས་དང་ཡང་སྒྲའི་ཤུགས་ཀྱིས་མོ་ཡིག་ཤ་ས་དག་ལའང་མི་འཇུག་ཅེས་བསྟན་པ་ཡིན་ནོ།
༣༽ སྔོན་འཇུག་ལྔ་པོས་འཇུག་ཡུལ་རང་སའི་མིང་གཞི་ལ་སྒྲའི་ཚུལ་ཇི་ལྟར་འཇུག་པ་ཡིན།
ལན༔ དེ་ཡང་གཞུང་ལས།
ཕོ་ནི་དྲག་པའི་ཚུལ་གྱིས་ཏེ།། མ་ནིང་རན་པར་འཇུག་པ་ཡིན།། མོ་ནི་ཞན་པའི་ཚུལ་གྱིས་ཏེ།།
ཤིན་ཏུ་མོ་ནི་མཉམ་པས་སོ།།
ཅེས་གསུངས་པ་ལྟར་སྔོན་འཇུག་ཕོ་ཡིག་བ་ནི་རང་གི་འཇུག་ཡུལ་མིང་གཞི་ལ་སྒྲ་དང་བྱེད་རྩོལ་དྲག་པའི་ཚུལ་གྱིས་འཇུག་པ་དང་།
དེ་བཞིན་མ་ནིང་ག་ད་གཉིས་ནི་སྒྲ་དང་བྱེད་རྩོལ་རན་པར་འཇུག་པ་ཡིན་ལ།
མོ་ཡིག་འ་ནི་སྒྲ་རྩོལ་ཞན་པའི་ཚུལ་གྱིས་འཇུག་པ་དང་། ཤིན་ཏུ་མོ་ནི་སྒྲ་རྩོལ་མཉམ་པ་སྟེ་ཤིན་ཏུ་ལྷོད་པའི་ཚུལ་གྱིས་འཇུག་པ་ཡིན་ཞེས་པའི་དོན་ནོ།
ཁ་༥༽ དབྱེ་དཔྱད་ཀྱི་དྲི་བ།
གཤམ་གསལ་དཔེར་བརྗོད་གཉིས་ལས་ངེས་བདེན་གཅིག་ལ་རྟགས་བཀལ། སྐུགས (༡x༤=༤)
༡༽ སྔོན་འཇུག་གིས་དུས་འདས་པ་སྟོན་པའི་དཔེར་བརྗོད་ནི། དཔེར་ན།
ཀ་ ཟོང་འགྲམ། ནོར་འཕྲོགས།
ལམ་དགག
ཁ་ ལོགས་སུ་བཀར།
ནོར་བརྐུས། ལམ་བཀག
༢༽ སྔོན་འཇུག་མེད་ཀྱང་མཐའ་རྟེན་གྱིས་འདས་ཚིག་སྟོན་པའི་དཔེར་བརྗོད་ནི། དཔེར་ན།
ཀ་ དྲི་མ་སྦྱངས། སྡིག་པ་སྤངས།
ཡོན་ཕུལ།
ཁ་ དྲི་མ་དྭགས། སྡིག་པ་སགས།
ཡོན་འབུལ།
༣༽ བྱེད་པ་པོ་དང་མ་འབྲེལ་བའི་དུས་གསུམ་གྱི་དཔེར་བརྗོད་ནི། དཔེར་ན།
ཀ་ ངང་གིས་འགྲུབ། དོན་འགྲུབ་བཞིན་པ། ལྷུན་གྱིས་འགྲུབ།
ཁ་ ཤིང་བཀག་གོ གཅོད་བཞིན་པ། གཅོད་པར་འགྱུར།
༤༽ བྱེད་པ་པོ་དང་འབྲེལ་བའི་དུས་གསུམ་གྱི་དཔེར་བརྗོད་ནི། དཔེར་ན།
ཀ་ ཆོས་བསྒྲུབས་སོ། ཆོས་སྒྲུབ་པར་བྱེད། ཆོས་བསྒྲུབ་པར་འགྱུར།
ཁ་ ཆར་བབས་སོ། ཆར་འབབ་ཀྱིན་འདུག ཆར་འབབ་པར་འགྱུར།
བཀྲིས་བདེ་ལེགས། མཐར་འཁྱོལ་བར་ཤོག
ལེགསོ།
ReplyDeleteབཀྲིན་ཆེ་ལགས།
DeleteVery nice to know such
ReplyDeleteབཀྲིན་ཆེ་ལགས།
ReplyDelete