Skip to main content

Posts

Showing posts from February, 2021

བཤེས་སྤྲིངས་ཀྱི་ངོ་སྤྲོད།

  བཤེས་སྤྲིངས། ༉ བཤེས་པའི་སྤྲིངས་ཡིག་འདི་ སངས་རྒྱས་ཀྱི་གསུང་ མདོ་དང་ རྒྱུད་སྡེ་ཚུ་དང་ རྗེས་འཇུག་མཁས་པའི་བསྟན་བཅོས་ཚུ་གི་ནང་ལས་ཐོན་མི་ ཆོས་སྲིད་ཟུང་འབྲེལ་གྱི་སྤང་བླང་ཚུལ་བཞིན་དུ་སྟོན་མི་གི་དཔེ་གཞུང་ཅིག་ཨིན། དཔེ་དེབ་འདི་ ཧེ་མ་དུས་རབས་༡པའི་་སྐོར་ཆ་ལུ་ དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ ཁོ་རའི་གྲོགས་བཤེས་ རྒྱལཔོ་བདེ་སྤྱོད་བཟང་པོ་ལུ་འཕྲིན་ཡིག་འབད་བརྩམས་ཏེ་གནང་གནངམ་འབད་ནི་འདི་གིས་ མིང་ལུ་ཡང་ བཤེས་པའི་སྤྲིངས་ཡིག་ཟེར་ཞུཝ་ཨིན་མས། འདི་གིས་ང་བཅས་ར་ལུ་ གནས་སྐབས་མངོན་པར་མཐོ་བ་ ལྷ་དང་མིའི་གོ་འཕང་དང་ མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ འཐོབ་ནིའི་ལམ་སྟོནམ་མ་ཚད། རྒྱལ་ཁབ་ནང་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འགྲུབ་ནིའི་ སེམས་ཀྱི་བདེ་སྐྱིད་འགྲུབ་ཐབས་ལུ་ཕན་པའི་ ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་བཟང་པོ་ཚུ་ཡང་སྟོན་དོ་ཡོདཔ་ལས། ང་བཅས་ར་ལུ་ བརྩི་མཐོང་དང་ བསམ་སྤྱོད་ཤེས་ཡོན་འཐོབ་ནི་ལུ་ ཕན་ཐོགས་སྦོམ་འབད་ར་ཡོདཔ་ཨིན། དེ་ནང་ལས་ཡང་ འཕྲིན་ཡིག་གནང་ས་འདི་རྒྱལ་པོ་བདེ་སྤྱོད་བཟང་པོ་ལུ་འབད་ནི་དེ་གིས་ འཇིག་རྟེན་སྲིད་ཀྱི་ལམ་ལུགས་ལུ་གཙོ་བོར་བཏོན་ཏེ་གསུངས་ཡོདཔ་ལས་ འཇིག་རྟེན་པ་ལུ་མཁོ་ཆེ་བའི་བསླབ་བྱ་མང་རབས་ཅིག་གས...

སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་བསྡུས་པ།

  སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་བསྡུས་པ། དེ་ཡང་ འཛམ་གླིང་མཁས་པའི་གཙུག་རྒྱན་ སློབ་དཔོན་ཆེན་པོ་དབྱིག་གཉེན་ནི་ སློབ་དཔོན་འཕགས་པ་ཐོགས་མེད་དང་ཡུམ་གཅིག་པའི་ བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་དེ་ཉིད་ཀྱིས་བྲམ་ཟེ་དང་འདུས་པ་ལས་ སྐུ་འཁྲུང་ས་ཡོདཔ་ཨིན། ཆུང་ངུའི་དུས་ནས་ བྲམ་ཟེའི་རིག་བྱེད་ལས་འབྱུང་དོ་བཟུམ་སྦེ་ བློ་རིག་རྣོ་བ་འབྱུང་ཐབས་ཀྱི་དོན་དུ་ ཡུམ་གྱིས་ལྕེ་ལ་གྷི་ཧང་གི་ཡི་གེ་ཨ་འདྲི་བ་ལ་སོགས་པའི་ཆོ་གའི་སྒོ་ནས་ ཁྲུས་དང་གཙང་སྦྲ་བསྟེན་པའི་ཁར་ ཡུམ་གྱིས་རྩིས་དང་རིག་བྱེད་བཞི་ལ་སོགས་པའི་ཐུན་མོང་བའི་རིག་གནས་རྣམས་ ལེགས་པར་བསླབས་ཏེ་ཁོང་དུ་ཆུད་པའི་ཤུལ་དུ་   སྡེ་སྣོད་གསུམ་ལ་སྦྱངས་ཏེ་ རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤེལ་དགོ་པར་བསྐུལ་ནས་ དཔལ་ནཱལནྡྲའི་གཙུག་ལག་ཁང་དུ་རབ་ཏུ་བྱུང་བ་མཐར་ ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་སྦྱངས་པས་མཁས་པ་ཕུལ་དུ་ཕྱིན་པར་གྱུར་བ་དང་ སྒོས་སུ་ མངོན་པའི་སྡེ་སྣོད་དག་ལ་མཁས་པའི་བཤད་ཚུལ་མི་འདྲ་བ་མཐའ་དག་ཐུགས་སུ་ཆུད་དེ་ ཁ་ཆེའི་ཡུལ་དུ་ གདུལ་བྱ་བགྲང་ལས་འདས་པ་ལ་ ཆོས་མང་དུ་བསྟན་ཅིང་དྲི་མ་མེད་པའི་རིག་ལམ་རྒྱས་པར་མཛད་གནང་ནུག དེའི་སྐབས་ལ་ བདུད་སྡིག་ཏོ་ཅན་གྱིས་སློབ་དཔོན་ཆེན་པོ་འདི་གིས་ རྒྱལ་བའི་བསྟན་པ་དར་རྒྱས...

རྒྱ་ཡུལ་སྐར་མོའི་གཞུང་ལ།

 རྒྱ་ཡུལ་སྐར་མོའི་གཞུང་ལ། རྒྱ་ཡུལ་སྐར་མའི་གཞུང་ལ། །གསེར་གྱི་ཀ་བ་ལ། །ཀ་བཞི་གདུང་བརྒྱད་ཞེས་པའི་སོ་ཡ། ། ཕུ་ལ་དགོན་པ་མི་ཆགས། །དགོན་པ་སེ་ར་འབྲས་སྤུངས། ། ལྷ་ས་སྐྱིད་ཆུ་སྔོན་མོ། །ངང་པ་བརྒྱ་ཡི་གདན་ས། །ངང་པ་གཡས་ལ་ཆགས་ན། ། གཡས་ལ་དགའ་བ་འདུག་གོ །ངང་པ་གཡོན་ལ་ཆགས་ན། །གཡོན་ལ་སྐྱིད་པོ་འདུག་གོ ། གཡས་པའི་ལོགས་ལས་ཆང་ཕུད་བཞེས། །ཆང་ཕུད་ལེགས་མོ་འཁྲུངས་ཐག་གང་ལས་བཞེས། ། གཡོན་པའི་ལོགས་ལས་ཕྱེ་མར་བཞེས། ། ཕྱེ་མར་ལེགས་མོ་འཁྲུངས་ཐག་གང་ལས་བཞེས། ། རྒྱ་ཡུལ་སྐར་མའི་གཞུང་ལ། །དངུལ་གྱི་ཀ་བ་ལ། །ཀ་བཞི་གདུང་བརྒྱད་ཞེས་བའི་སོ་ཡ། ། ཕུ་ལ་དགོན་པ་མི་ཆགས། །དགོན་པ་སེ་ར་འབྲས་སྤུངས། ། ལྷ་ས་སྐྱིད་ཆུ་སྔོན་མོ། །ངང་བ་རྒྱའི་གདན་ས། །ངང་པ་གཡས་ལ་ཆགས་ན། ། གཡས་ལ་དགའ་བ་འདུག་གོ །ངང་པ་གཡོན་ལ་ཆགས་ན། གཡོན་ལ་སྐྱིད་པ་འདུག་གོ ། གཡས་པའི་ལོགས་ལས་ཆང་ཕུད་བཞེས། ཆང་ཕུད་ལེགས་མོ་འཁྲུངས་ཐག་གང་ལས་བཞེས། ། གཡོན་པའི་ལོགས་ལས་ཕྱེ་མར་བཞེས། ཕྱེ་མར་ལེག་མོ་འཁྲུངས་ཐག་ཐག་ལས་བཞེས། ། རྒྱ་ཡུལ་སྐར་མའི་གཞུང་ལ། གཡུ་ཡི་ཀ་བ་ལ། །ཀ་བཞི་གདུང་བརྒྱད་ཞེས་པའི་སོ་ཡ། ། ཕུ་ལ་དགོན་པ་མི་ཆགས། །དགོན་པ་སེ་ར་འབྲས་སྤུངས། །ལྷ་ས་སྐྱིད་ཆུ་སྔོན་མོ། ། ངང་པ་རྒྱ་ཡི་གདན་ས། །ངང་པ་གཡས་ལ་ཆགས་ན། །གཡས་ལ་དག...

དབང་བཙོང་འདོད་སྤྱོད་ཀྱི་ཉེས་ཁྲིམས།

དབང་བཙོང་འདོད་སྤྱོད་ཀྱི་ཉེས་ཁྲིམས།  རྒྱ་གར་འཕགས་པའི་ཡུལ་གྱི་ རིག་པའི་རྩེ་མཆོག་མངའ་བ་ རྒྱན་དྲུག་མཆོག་གཉིས་ལས་ སློབ་དཔོན་མགོན་པོ་ཀླུ་གྲུབ་ཀྱིས་ ཁྲིམས་ནི་རྒྱུ་དང་མི་རྒྱུ་ས་བཞིན་དུ།། ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས།། ཟེར་བཤེས་སྤྲིངས་ནང་གསུངས་གནང་དོ་བཟུམ་ ང་བཅས་འགྲོ་བ་མིའི་ སྤྱོད་ལམ་ཚུ་ རྟ་སྤུ་ལོང་གི་སྒྲིག་མེན་པར་ བྱ་སྤུ་གནོན་གྱི་སྒྲིག བཟུམ་གནས་དགོ་པ་ཅིན་ ཁྲིམས་འདི་ངེས་པར་དུ་ ཁག་ཆེ། གནད་དོན་འདི་ལུ་བརྟེན་ མཁས་ལྡན་གྱི་མཁས་དབང་གིས་ མཛད་གནང་མི་ ཁྲིམས་དང་ཉེས་ཁྲིམས་ལུ་ གུས་བཀུར་གནང་དགོཔ་འདི་ཡང་ གལ་ཆེ་རུང་ དུས་ཀྱི་བགྱུར་བ་དང་བསྟུན་ བྱ་ངན་འབད་མི་ ལེ་ཤ་ཡོད་པའི་ནང་ལས་ ལོ་ན་མ་སྨིན་པའི་ དབང་བཙོང་འདོད་སྤྱོད་དང་ འདིའི་ཉེས་ཁྲིམས་ལྕི་ཡང་གི་སྐོར་ལས་ བསམ་འཆར་བཀོད་མི་ལེ་ཤ་ཡོདཔ་ཨིན། འདི་ནང་ དབང་བཙོང་འདོད་སྤྱོད་ཀྱི་ ཉེས་ཁྲིམས་འདི་སྲོག་ཐོག་ལུ་བཀལ་དགོཔ་དང་ བཀལ་མ་དགོ་པའི་སྐོར་ལས་ ལུང་དང་རིག་པའི་རྩོད་རྙོག་ ལེ་ཤ་འདུག  ཆོས་ལྡན་འབྲུག་གི་རྒྱལ་ཁབ་ནང་ དབང་བཙོང་འདོད་སྤྱོད་ཀྱི་ ཉེས་ཁྲིམས་སྲོག་ཐོག་ལུ་བཀལ་ནི་འདི་ རྣམ་དཔྱོད་ཡངས་པའི་ ཤར་གྱི་སྒོ་ཕྱེ་དགོཔ་འདུག འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་ཀྱི་མིང་དང་ ...

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8

SUBSCRIBE MY YOUTUBE CHANNEL

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།