Skip to main content

སྒྲིག་ལམ་དང་འབྲེལ་བའི་དྲི་བ།

 ༡ ལྷན་རྒྱས་ཀྱི་གོ་གནས་ཐོབ་པའི་སྐབས་སུ་ ཕྱག་ལན་ཐེངས་ ག་དེ་ཅིག་འཚལ་ཏེ་ དར་ཞུ་ནི་སྨོ?

ལན། ཕྱག་འབུལ་དྲུག་འཚལ་ཏེ་ དར་ཞུ་དགོཔ་ཨིན།


 ༢  འབུལ་བ་དོས་སྣ་དང་བཅསཔ་སྦེ་ ཕྱག་དབང་བཅར་དགོ་པའི་དགོས་པ་ ག་ཅི་སྨོ་ བྲིས།

ལན། ཡུལ་གོང་མ་ལུ་སེམས་ཀྱི་ནང་ན་ལས་ དད་པ་དང་མོས་གུས་ཡོད་མི་དེ་ ཕྱི་ཁར་མངོན་སུམ་བཏོན་ཏེ་ སྒོ་གསུམ་གུས་པའི་ཐོག་ལས་ཕུལ་ཏེ་ བཅར་བའི་ཚུལ་སྟོནམ་ཨིནཔས།


 ༣ བཀའ་ཤོག་ཟེར་སླབ་དགོ་པའི་གོ་དོན་བྲིས།

ལན། བཀའ་ཤོག་ཟེར་སླབ་དགོ་མི་འདི་ ཡུལ་གོང་མ་ལས་འོག་མ་ལུ་ བཀའ་རྒྱའི་རིགས་ཡིག་ཐོག་ལུ་གནང་མི་འདི་ལུ་སླབ་ཨིན།


 ༤  བསུ་བ་གསེར་སྦྲེངས་སྐབས་སུ་ ཕྱོགས་དར་འབག་དགོ་པའི་ཁུངས་ག་ཅི་སྨོ? 

ལན། ཕྱོགས་དར་འབག་དགོ་པའི་ཁུངས་ནི་ ཕྱོགས་ག་ཏེ་ལུ་བསྒྱིར་རུང་ མི་དང་མི་མ་ཡིན་གྱི་འཚེ་བ་ལས་སྐྱོབས་པའི་རྟེན་འབྲེལ་ལུ་འབག་དགོཔ་ཨིན།


 ༥ མངའ་བདག་རྒྱལཔོ་མཆོག་ལུ་ ཕྱག་དབང་བཅརཝ་ད་ ག་ཅི་རང་འབད་དགོཔ་ཡོད་ག་བྲིས།

ལན། དང་པ་ཕྱག་འབུལ་གསུམ་འཚལ་ཞིནམ་ལས་ དར་གཟིམ་དཔོན་ལུ་ཕུལ། དོ་རུང་ཕྱག་ཕུལ་གསུམ་འཚལ་ ཕྱག་དབང་ཞུ་ཞིནམ་ལས་ རྒྱབ་ཕྱག་མ་འཚལ་བ་ཅིན་ ཕྱག་བསྡོམས་ དྲུག་འཚལ་དགོཔ་ཨིན།


 ༦ གཉིས་སྐལམ་དང་ཆིབས་བཞོན་པའི་གོ་གནས་གནང་མི་ ག་སྨོ?

ལན། གཉིས་སྐལམ་ལུ་གོ་གནས་གནང་མི་འདི་ མངའ་བདག་རྒྱལཔོ་མ་གཏོགས་ གཞན་གྱིས་གནང་ནི་མེད། དེ་ལས་ཆིབས་བཞོན་པའི་གོ་གནས་རིགས་ལུ་བློན་པོ་གིས་ མ་གཏོགས་གཞན་གྱིས་གནང་ནི་མེད།


༧ རང་གི་ཕམ་དང་གཅིག་ཁར་ལྟོ་བཟའ་ཐང་སྐོར་ལས་་བྲིས།

ལན།   རང་གི་ཕམ་དང་གཅིག་ཁར་ ལྟོ་བཟའ་བའི་སྐབས་ལུ་ རང་གི་ལྟོའི་ཐ་ལིའམ་བང་ཅུང་ཚུ་ཕང་མར་བཞག་བཀལ་ཏེ་ ཟ་ནི་མ་གཏོགས་རྩ་བར་བཞག་ནི་ལ་སོགས་པ་འབད་ནི་མི་འོང་།


 ༨  ལྷ་སྡེ་བསུ་བ་གསེར་སྦྲེངས་ཀྱི་རིམ་པ་ མདོར་བསྡུས་ཅིག་བྲིས།

ལན། ལྷ་སྡེ་བསུ་བ་གསེར་སྦྲེངས་ཀྱི་རིམ་པ་ལུ་ དང་པ་རྒྱང་རྔ་ལས་འགོ་བཙུགས་ཏེ་བཀྲིས་རྟགས་བརྒྱད། བཀྲིས་རྫས་བརྒྱད། རྒྱལ་སྲིད་སྣ་བདུན་ལས་མཇུག་ རྒྱ་གླིང་པ་ཚུན་ཨིན། 


༩ ཡུལ་གོང་མ་ལུ་ཕྱག་དབང་བཅར་ཞུའི་སྐབས་ལུ་ ཕྱག་ཕུལ་དྲུག་དང་གསུམ་འཚལ་དགོཔ་གཉིས་ཀྱི་ཁྱད་པར་བྲིས།

ལན   འབུལ་བ་དོས་སྣ་དང་བཅསཔ་འབད་བཅར་བ་ཅིན་ ཕྱག་ཕུལ་དྲུག་དང་ ཕྱག་མཇལ་ཤིང་འབྲས་རིགས་དང་ མཛརཝ་ལ་སོགས་པ་ཨིན་པ་ཅིན་ ཕྱག་ཕུལ་གསུམ་འཚལ་ཏེ་ ཕྱག་དབང་བཅར་དགོཔ་ཨིན།



       -  འབྲུག་གི་སྒྲིག་ལམ།

Comments

Post a Comment

མི་མངམ་གིས་ ལྷག་མི་རྩོམ།

སྙིང་རྗེ་མེད་པའི་འཆི་བདག།

Atomic Habits- James Clear(Book Review)

འབྲུག་རྒྱལ་ཁབ་ཀྱི་མིང་མ་འདྲཝ་བཏགས་ཚུལ་གྱི་སྐོར།

Shechen Rabjam Rinpoche

ཕུན་ཚོགས་གླིང་གི་འཁྲུལ་སྣང་། Sorrows of Phuntsholing

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།