Skip to main content

Posts

Showing posts from July, 2020

སུམ་ཅུ་པའི་རྩ་བ་བཞུགས་སོ།

༄༅། །རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ། ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །གང་གིས་སྒྲ་དབྱངས་ཀུན་གསུངས་པའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གིས་མིང་གཞི་སྔོན་གསུངས་པ། །རྟག་ཞི་བ་ལ་ཕྱག་འཚལ་ལོ། ། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། །བླ་མ་ལ་ཡང་ཕྱག་འཚལ་ནས། ། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། ། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། ། ཡི་གེའི་སྦྱོར་བ་བཤད་པར་བྱ། ། ཡེ་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། །དེ་ལ་རྗེས་འཇུག་བཅུ་ཡིན་ཏེ། །དེ་ལས་ལྔ་ནི་སྔོན་དུའང་འཇུག །མི་འཇུག་པ་ནི་ཉི་ཤུའོ། །ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །བཞི་བཞི་དག་ཏུ་ཕྱེ་བ་ལས། །དང་པོ་གསུམ་པ་བཞི་པ་ལ། །མས་གཉིས་དྲུག་པའི་གསུམ་པ་དང་། །བདུན་པ་ལ་ནི་ཤ་མ་གཏོགས། །རྗེས་འཇུག་ཡེ་གེ་བཅུ་རུ་འདོད། །རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །དང་པོ་གསུམ་པ་ལྔ་པ་དྲུག །བདུན་པ་རྣམས་ནི་སྔོན་དུའང་འཇུག །མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། །དེ་ལ་དབྱངས་ཀྱི་བཞི་ལྡན་ཡང་། །གང་དུའང་འཇུག་མིན་སྦྱར་བའང་མི

In the heaven-like court yard.

བསྟན་སྐྱོང་གླིང་གི་ལྕང་གླིང་གྲུ་བཞི་ནང་།། འོད་ཟེར་སྒྲོལ་མ་ཧ་ལོའི་མེ་ཏོག་འདྲ།། ཁ་དོག་མཚར་བ་རང་ཡུལ་ཕྱོགས་སུ་བཞག། རང་ཡུལ་བཞག་ནས་མི་ཡུལ་འགྲིམ་གྱི་གསུང།། མི་ཡུལ་འགྲིམ་པ་ཚེ་སྔོན་ལས་ཀྱིས་བཀོད།། འོད་ཟེར་སྒྲོལ་མ་ཐུགས་སེམས་མ་སྐྱོ་ཞིག། ཕོ་སྒྲོ་ནམ་མཁའ་ཡས་ལ་ལྡིང་ལྡིང།། མོ་སྒྲོ་ང་ལ་རླུང་གི་གཤོག་སྒྲོ་ཡོད།། ཕོ་སྒྲོ་ས་གཞི་མས་ལ་འཁྱམས་སེ་འཁྱམས།། མོ་སྒྲོ་ང་ལ་ལྕགས་ཀྱི་སྡེར་མ་ཡོད།། བྲོ་གར་ཤེས་རིག་གྲུ་བཞི་ནང་ཤེས་ནང་།། མོ་སྒྲོ་ང་ལ་གླུའི་བང་མཛོད་ཡོད།། In the heaven-like court yard; My beloved is beautiful like the hollyhock Leaving beautiful Yoezer Doima at home I was commanded to travel to an unknown land. Longing for you in a strange land is my fate; Do not be sad or mourn, my sweetheart. If the men of the village fly in the sky Women of our kind have the wings of wind If the men of our kind work in the field Women have all the iron tools to support that; In the altar room made by musical wisdom I accumulated all the wealth of songs and dances.              

འབྲུག་རྒྱལ་བཞི་པ་མཆོག་ལུ་བསྟོད་དབྱངས་སྙིང་བསྡུས།

བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་མི་དབང་འབྲུག་རྒྱལ་བཞི་པ་མཆོག ཨོྂ་སྭ་སྟི། གཏེར་སྟོན་འབྲུག་སྒྲ་རྡོ་རྗེའི་ལུང་བསྟན་བཞིན།།      རིགས་འཛིན་པད་མ་གླིང་པའི་གདུང་བརྒྱུད་ནས།།      དཔལ་ལྡན་འབྲུག་པའི་སྤྱི་གཙུག་དབུས་ཀྱི་ནོར།།      མི་དབང་འཇིགས་མེད་སེང་གེ་འཁྲུངས་པ་མཚར།། མི་དབང་སེང་གེ་ཆོས་ལྡན་འབྲུག་གི་རྒྱན།། འཇིག་རྟེན་དབང་ཕྱུག་པོ་ཊ་ལ་ཡི་སྐྱབས།། དེ་དག་བཞུགས་ནས་ཙམ་ལས་ཐ་དད་པའི།། འབྱེད་ཆོས་ལན་སྟོང་བཙལ་ཀྱང་སྣང་བར་དཀའ།། ས་སྟེང་དེ་རུ་ས་སྐྱོང་མང་བྱོན་ཀྱང་།། མི་དབང་སེང་གེ་མཆོག་དང་དོ་ཟླ་དབེན།། སྐྱེད་ཚལ་ཡིད་དགའ་ཕལ་པ་བཞད་མོད་ཀྱི།། རབ་ཏུ་མཛེས་པའི་ཨུ་དུམྦཱ་ར་དཀོན།། སྨན་ལྗོངས་འབྲུག་པའི་ས་བདག་སེང་གེ་ཡིས།། ཕྱི་དགྲ་ཟིལ་གྱིས་རབ་ཏུ་གནོན་པ་ནི།། སྟོབས་ལྡན་གླིང་གི་གེ་སར་དེ་དང་མཚུངས།། དཔེ་གཞན་ལན་བརྒྱར་བཙལ་ཀྱང་ག་ལ་རྙེད།། འབྲུག་གི་ས་སྐྱོང་གྲགས་པའི་གཟི་བརྗིད་འདི།། ཆུ་མཐོང་དབྱིངས་ནས་ཤར་བའི་མེ་ཟླུམ་དང་།། རེ་ཞིག་མཚན་ཉིད་མཐུན་མོད་དེ་འདྲ་བའི།། དཔེ་གཞན་ཡོད་ཀྱང་དེ་ཡི་རྗེས་སུ་འགྲོ།། སྟོང་གསུམ་ཁྱབ་པའི་དབྱངས་ཅན་ལྷ་མོའི་གསུང་།། ཡིད་འཕྲོག་སྙན་པའི་ཆོས་དབྱངས་རྒྱ་གླིང་དང།། འཛམ་གླིང་ས་ཡི་བདག་པོ་ཁྱོད་ཀྱི་གསུང་།།

དྲུག་པ་ཚེས་བཞི་གི་སྐོར་ལས། ༼ བདེན་བཞི་ཆོས་འཁོར༽

བདག་ཅག་གི་སྟོན་པ་ཤཀྱ་ཐུབ་པ།pc.BBS བོད་ཟླ་དྲུག་པའི་ཚེས་བཞི་ནི་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོས་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ལ་མ་བབས་བར་རེ་ཞིག་མི་སྨྲ་ནགས་ཀྱི་དབྱིངས་སུ་བཞུགས་པ་དང་། ལྷའི་རྒྱལ་པོ་ཚངས་པ་དང་། བརྒྱ་བྱིན་གྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་འབར་བ་དང་། ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་ཏེ་ཆོས་འཁོར་བསྐོར་བར་སྐུལ་བའི་གསོལ་བ་བཏབ་པ་ན་ཟླ་བ་དྲུག་པའི་ཚེས་བཞི་ཉིན་དུས་ལ་བབས་པར་གཟིགས་ནས་ཡུལ་ཝ་རྭ་ན་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཕེབས་ནས་འཁོར་ལྔ་སྡེ་བཟང་པོ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་བའི་དུས་ཆེན་ཁྱད་འཕགས་ཅན་ལ་བརྟེན་ནས་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པའི་ཆེད་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དང་། ར་མོ་ཆེ། རྩེ་འཕགས་མཆོག་ལོ་ཀེ་ཤ་ར། རྒྱུད་གྲྭ་སྟོད་སྨད། སེ་འབྲས་དགའ་གསུམ་སོགས་དགོན་ཁག་ལ་བསྙེན་བཀུར་མང་འགྱེད་འབུལ་ཞིང་། དད་གུས་དག་སྣང་ཆེན་པོས་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་བཟང་པོ་གསོག་པའི་རྣམ་དཀར་གྱི་ལས་སུ་བརྩོན་པ་དང་། དེ་བཞིན་གཙུག་ལག་ཁང་གི་བར་ཁང་ཆོས་རྒྱལ་སྲོང་བཙན་ང་འདྲ་གསུང་བྱོན་མའི་སྤྱན་སྔར་མཆོད་འབུལ་གཟབ་རྒྱས་དང་འབྲེལ་འཁྲུང་ཕུད

རིམ་འགྲོ་མེད།  ( 𝙽𝚘 𝚛𝚒𝚝𝚎𝚜. . . . )

        ࿄ རིམ་འགྲོ་མེད་་་་་་་། " It is your last period,  you all must take your usual day end bath, so all should undress in front of the school to take bath. Now move out" our class teacher miss Karma Zangmo instructed. I and my friend Tashi Lekjay we undressed together in front of the school and ran towards the multi headed water tap in my light blue half pant.  We are asked to wash together irrespective of genders. Moreover, we were asked to rub each other's back to removed dirt from our skinny & chicken bodies. While washing I noticed I was the only one with a half pant, when all are in naked. So, I removed my half pant and kept on the well arranged stones and went back to take bath.  Madam usually use to monitor us and make sure that all are washed properly. After a while final bell was rung and I saw our elders including cousin Karma Gyeltshen & Ngajay Norbu was coming out from their respective classes and moving towards the school prayer hall have even

བསྟོད་རྩོམ།

ཚིག་དོན་ཕུན་སུམ་ཚོགས་པའི་གླུ་དབྱངས་གཅིག། གླུ་མ་བསྟན་འཛིན་དབངམོ་གིས་འཐེན་པའི་ཚེ།། སྙན་ཆ་པྱི་ཝང་གླིང་བུ་སྒྲ་སྙན་གསུམ།། སྔོན་མ་མེད་པའི་ང་རྒྱལ་བསྐྱེདཔ་མས་ས།།              © མངྒལ་བཛྲ།

སེར་ཁ་སོ་ཁ།

སེར་ཁ་སོ་ཁ་་་་་་།  ནམ་སོ་ཁ་མཐོན་པའི་ཁུ་བྱུག་འདི། ནམ་སེར་ཁ་ལོག་ནི་མེདཔ་ཅིག་འབད། རང་བོད་ལས་འོང་པའི་སྒང་ལས་རང་། བློ་གཏད་པ་ཁྱོད་ལུ་གཏད་དེ་འོང་འོངམ་ཨིན།  སེར་ཁ་སོ་ཁ་་་་་་་།  ངེའི་སོ་ཁའི་མེ་ཏོག་ཁྱོད་རང་ཨིན།  ངེའི་སེར་ཁའི་ལོ་ཐོག་ཁྱོད་རང་ཨིན། ཁ་བྱལ་བའི་མནོ་བསམ་མ་བཏང་མས།  སེར་ཁ་སོ་ཁ་་་་་་་། ཁྱོད་དཔྱེ་རིས་གཏང་པའི་ཚེ་ནང་ལུ། གཟུགས་ནད་གཞི་ཡོད་རུང་བསང་མས་སྨོ། སེམས་དགའ་བའི་མི་འདི་མིག་ཏོ་བཟུམ། ཁྱོད་མེད་པའི་དུས་ལུ་ཐགཔ་ཆདཔ་མས། སེར་ཁ་སོ་ཁ་་་་་་་།ངེའི་སོ་ཁའི་ཁུ་བྱུག་ཁྱོད་རང་ཨིན། ངེའི་སེར་ཁའི་རླུང་མ་ཁྱོད་རང་ཨིན།  ཁ་བྱལ་བའི་མནོ་བསམ་མ་བཏང་མས།

སྤྱོད་འཇུག་ལས། དེ་ཡི་མཚོན་དང་བདག་གི་ལུས།། གཉིས་ཀ་སྡུག་བསྔལ་རྒྱུ་ཡིན་ཏེ།། དེས་མཚོན་བདག་གིས་ལུས་ཕྱུང་ན།། གང་ཞིག་ལ་ནི་ཁྲོ་བར་བྱ།། -- རྒྱལ་སྲས་ཞི་བ་ལྷ།

སྤྱོད་འཇུག་ལས། དེ་ཡི་མཚོན་དང་བདག་གི་ལུས།། གཉིས་ཀ་སྡུག་བསྔལ་རྒྱུ་ཡིན་ཏེ།། དེས་མཚོན་བདག་གིས་ལུས་ཕྱུང་ན།། གང་ཞིག་ལ་ནི་ཁྲོ་བར་བྱ།།                 -- རྒྱལ་སྲས་ཞི་བ་ལྷ། From Boddhisatva's Deed. Enemy's weapon & our body,  both are the source of suffering. If that suffering and chaos arises from enemy's weapon and our own body, to whom we should get angry?                                                -- Santi deva

༄༅། །གུ་རུའི་གསོལ་འདེབས་རྡོ་རྗེའི་ཚིག་ཕྲེང་བཞུགས།

སངས་རྒྱས་གཉིས་པ་ཨོ་རྒྱན་གུ་རུ་རིན་པོ་ཆེ།   མཆོག་གི་དང་པོ་སྐུ་གསུམ་འཆང་། ། སངས་རྒྱས་ཐམས་ཅད་བསྐྱེད་པ་པོ། ། འོད་ཆེན་རྣམ་པར་སྣང་བར་བྱེད། ། ཚེ་མཐའ་ཡས་པ་ལ་ཕྱག་འཚལ། ། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། ། འགྲོ་ཀུན་དགའ་བའི་མིག་དང་ལྡན། ། སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ། ། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། ། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། ། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། ། སྣང་སྲིད་ཟིལ་གནོན་ལ་ཕྱག་འཚལ། ། རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག ། རྡོ་རྗེ་སྙིང་པོ་མཁའ་འདྲ་བ། ། རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། ། པདྨ་འབྱུང་གནས་ལ་ཕྱག་འཚལ། ། འཕགས་ལམ་ཤིན་ཏུ་མཐོ་ལ་གནས། ། དུས་གསུམ་སངས་རྒྱས་ལས་བྱེད་པ། ། མགོན་པོ་སེམས་ཅན་ཀུན་གྱི་མཆོག ། པདྨ་སཾ་བྷ་ལ་ཕྱག་འཚལ། ། མི་ཤེས་དགྲ་ཡི་དྲེགས་པ་འཇོམས། ། བློ་ལྡན་སྒེག་འཆང་དཔལ་དང་ལྡན། ། སྨྲ་བའི་སེང་གེ་མཚུངས་པ་མེད། ། བློ་ལྡན་མཆོག་སྲེད་ལ་ཕྱག་འཚལ། ། སྒྱུ་འཕྲུལ་ཆེན་པོ་དོན་སྒྲུབ་པ། ། སྒྱུ་འཕྲུལ་ཆེན་པོའི་དགའ་བས་དགའ། ། སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། ། པདྨ་རྒྱལ་པོ་ལ་ཕྱག་འཚལ། ། གསང་སྔགས་ཚུལ་ཆེན་ལས་བྱུང་བ། ། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། ། བདེན་དོན་རྣམ་པ་བཅུ་གཉིས་ལྡན། ། ཉི་མ་འོད་ཟེར་

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།