Skip to main content

Posts

Showing posts from April, 2023

སློབ་རིམ་བཅུ་གཅིག་པའི་ སྐད་ཡིག་དང་ཡིག་སྦྱོར། སློབ་ཁང་ཆོས་རྒྱུགས་དང་པ།

སློབ་རིམ་བཅུ་གཅིག་པའི་ སྐད་ཡིག་དང་ཡིག་སྦྱོར། སློབ་ཁང་ཆོས་རྒྱུགས་དང་པ། ༡༽ འབྲུག་ཡིག་ངོ་མ་ག་ཅི་སྨོ། ? འདི་ག་གིས་བརྩམས་གནང་ནུག ? ( ༢ ) ལན༌ འབྲུག་གི་ཡི་གུ་ངོ་མ་འདི་ ལྷོ་ཡིག་ / མགྱོགས་ཡིག་ཨིན། འདི་ཡང་ དུས་རབས་བརྒྱད་པའི་ནང་ གུ་རུ་རིན་པོ་ཆེའི་ ཕྱག་ཞུ་སྟེ་འབྱོན་མི་ ལོ་ཙཱ་བ་ལྡན་མ་རྩེ་མང་གིས་ བུམ་ཐང་སྐུ་རྗེས་ལུ་ བརྩམས་གནང་ནུག། ༢༽ འབྲུག་པའི་ཁ་སྐད་རྙིང་ཤོས་ ག་ཅི་ར་ཨིན་ན། ? ནམ་ལས་ བྱུང་བྱུངམ་བཟུམ་འདུག ? ( ༢ ) ལན་ འབྲུག་པའི་ ཁ་སྐད་རྙིང་ཤོས་ ལྷོ་པའི་ཁ། མོན་ཁ། དགུང་འདུས་པའི་ཁ་ཟེར་ གསུམ་ཡོདཔ་ཨིན། སྐད་ཡིག་ མཁས་མཆོག་ཚུ་གིས་འབད་བ་ཅིན་ འབྲུག་པའི་ཁ་སྐད་རྙིང་ཤོས་དེ་ཚུ་ ད་རིས་ལས་ ལོ་ངོ་ཉུང་མཐའ་ ༢༥༠༠ གི་ གོང་ལས་ བྱུང་ཡོདཔ་སྦེ་ བཤདཔ་ཨིནམ་པས། ༣༽ མིང་གཞི་གི་ཕོ་ཡིག་བཞག་ཚུལ་དང་ རྗེས་འཇུག་གི་ཕོ་ཡིག་བཞག་ཚུལ་ ག་དེ་སྦེ་ཨིན་ན། ? ( ༢ ) ལན་ མིང་གཞིའི་ཡི་གུ་༼ཀ་ཅ་ཏ་པ་ཙ༽ཚུ་ ཁ་ལས་སླབ་པའི་སྐབས་ སྒྲ་དྲག་པོ་སྦེ་ འཐོནམ་ལས་ ཕོ་ཡིག་སྦེ་བཞག་ནུག རྗེས་འཇུག་བཅུ་ ༼ ག ་ང་ ད ་ན་ བ ་མ་འ་ར་ལ་ ས ༽ཚུ་ མིང་གཞི་གི་ཡི་གུ་དང་གཅིག་ཁར་ རྗེས་འཇུག་སྦེ་འཇུག་པའི་སྐབས་ ༼ ག་ད་བ་ས ༽བཞི་ སྒྲ་དྲག་པོ་སྦེ་འཐོནམ་ལས་

སྙིང་རྗེ་མེད་པའི་འཆི་བདག།

🇧🇹 ༉ སྙིང་རྗེ་མེད་པའི་འཆི་བདག་གཤིན་རྗེ་གིས།།      གཏན་འཁེལ་མེད་པའི་ལུས་ཀྱི་ཕོ་བྲང་ལས།།        བལ་བ་ཡངས་པའི་ཚེ་སྲོག་འབག་པའི་དུས།།          ས་ཐག་མི་རིང་རང་གི་ཕང་མ་ཨིན།།              མི་ལུས་རིན་ཆེན་ཐོབ་པའི་དུས་སྐབས་ལུ།།         དམ་ཆོས་མ་གྲུབ་སྔོན་ལས་འཆི་བདག་གིས།།     ལུས་སེམས་སོ་སོར་ཕྱེར་ན་མནོ་མ་ཚུགས།། འདི་བ་རྩ་རྒས་ང་བཅས་མི་འོང་ག།     ཤན་པས་མ་ཧེ་ཆ་རོགས་གསོད་པའི་སྐབས།།       འདི་ལུ་བལྟ་སྟེ་སྡོད་པ་ཁུངས་ཅིག་མེད།།          འདི་ཁར་འདྲོག་སྟེ་སྡོད་པ་མི་ཕན་འོང་།།            འདི་ལས་བྱོག་པའི་ཐབས་ཅིག་སྟོན་དགོཔ་ཨིན།།               ཕྱི་ལས་དམར་སེར་གྱོན་པའི་ཆོས་པ་ཟེར།།            རང་གཞན་ཕན་པའི་བསམ་བཟང་མེད་པ་ཅིན།།      ལག་དུམ་བྲག་ལུ་འཛེག་པའི་སྒོམ་ཆེན་འདྲ།། ཐར་པའི་ས་བོན་རྒྱང་ལུ་ལུས་འོང་མས།།     ཚེ་ལུ་རང་དབང་མེད་མི་ང་བཅས་ཚུ།།       དམ་ཆོས་ཚུལ་བཞིན་གྲུབ་ན་འདི་རང་རབ།།         འདི་མེན་ཆོས་ཀྱིས་རང་ཡང་དམྱལ་བ་ལུ།།          འཁྱིད་པའི་རྒྱུ་ཨིན་མཁས་པས་གསུངས་བཞག་ནུག།             ཆགས་སྡང་མེད་འཆི་བདག་མ་འོངམ་ལས།།          ཕྱི་མའི་ལམ་ཅིག་འཚོལ་ན་མི་དྲག་ག།      འབག་ནི་ཁབ་ཡང་མེད་པའི་དུས་ཤར་ན།། ད་རིས་ནོར་གཞན་བསྒྲུབས་ཏེ་ཁུ

འབྲུག་གི་གཡུས་སྒོ་ཚུ་གི་མིང་གནས།

༡༽ ཐིམ་ཕུག་རྫོང་ཁག་ ཝང་ཚོ་ཆེན་བརྒྱད།  ༡ ཀ་ཝང་།  ༢ ཅང་།  ༣ སྨད་ཝང་།  ༤ དཀར་སྦྱིས།   ༥ སྟོད་ཝང་།  ༦ སྟོདཔ།  ༧ བརཔ།  ༨ སྦྱིས་མེད། ༢༽ སྤུ་ན་ཁ་རྫོང་ཁག་ ཐེད་དར་ཐེག་བཅུ་གསུམ།  ༡ ཀ་ཝང་།  ༢ ཅང་།  ༣ སྨད་ཝང་། ༤ དཀར་སྦྱིས། ༥ སྟོད་ཝང་།  ༦ སྟོདཔ།  ༧ བརཔ།  ༨ སྦྱིས་མེད། ༩ ཆུ༌སྦུག  ༡༠ འཛོམས༌མི།  ༡༡ གླིང༌མུ།  ༡༢ སྒུ༌མ།  ༡༣ དགོན། ༣༽ དབང་འདུས་ཕོ་བྲང་རྫོང་ཁག་ ཤར་དར་བརྒྱད།  ༡ དར་དཀར།  ༢ རུས་པ།  ༣ ཉི་ཤོག  ༤ དྭངས་ཆུ། ༥ སྦྱེ་ནག ༦  དགའ་སེང་ཚོ་གོང་མ། ༧  དགའ་སེང་ཚོ་འོག་མ། ༨ ཕང་ཡུལ། ༤༽ སྤ་རོ་རྫོང་ཁག་ བར་སྐོར་ཚོ་དྲུག། ༡ ཤར་པ།  ༢ ཅང་།  ༣ ལུང་གཉིས། ༤ བཙན་ཐང་། ༥ དོས་སྟེང་།   ༦ དོས་ཤར།  ཡང་ན་ ༡ ལམ་གོང་། ༢ དོལཔ་ཤར་རི། ༣ བཙན་ཏོག  ༤ ཚོང་འདུས།     ༥ འུག་ཆུ།   ༦ ཤར་པ། ༥༽ དར་དཀར་རྫོང་ཁག་ དར་དཀར་ལུང་གསུམ།   ༡ སྟག་ཤར་སི་ལི་ལུང་།  ༢ ཁྱི་སྦས་ལུང་།   ༣ སྦ་ཚ་བྱུ་རུ་སྒང་། ༦༽ ཧཱ་རྫོང་ཁག་ ཧཱ་རྒྱུད་བཞི།  ༡ དཀར་ཚོ། ༢ ས་དམར།   ༣ སྦྱིས།   ༤ དབུས་སུ།  ༦༽ བཀྲིས་སྒང་རྫོང་ཁག་ བཀྲིས་སྒང་ཚོ་བཅུ། ༡ སྦི་གདུང་། ༢ འཕོངས་མེད། ༣ ར་དྷི། ༤ དགའ་གླིང་།  ༥ ཁྲ་སྒོམ། ༦ སྟོང་ཞང་། ༧ རོང་ཐུང་། ༨ མཁའ་གླིང་། ༩ ཁྲིམས་ཤིང་། ༡༠ སྒོམ་དར། ༧༽ མོང་སྒར་རོང་ཁག་ གཞོང་སྒར

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།