Skip to main content

Posts

Showing posts from June, 2021

སྤྲེལ་ཟླའི་ཚེས་བཅུ།

ལོ་བསྟར་བཞིན་དུ་ ཟླཝ་༥ པའི་ཚེས་༡༠ ལུ་ སྤྲེལ་ཟླའི་ཚེས་བཅུ་ཟེར་ སྤྱིར་ནང་པ་སངས་རྒྱས་པ་དང་ ཁྱད་པར་དུ་  ང་བཅས་ར་ འབྲུག་མི་ཚུ་གིས་ སྔོན་གོང་ལས་ སངས་རྒྱས་གཞན་ལས་ལྷག་པའི་བཀའ་དྲིན་ཅན་གྱི་བདག་ཉིད་ དུས་ངན་སྙིགས་མ་ལྔ་བདོའི་ སྐྱབས་མཆོག་བླ་ན་མེད་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་གྱི་ཉིནམ་སྦེ་ བརྩི་སྲུང་ཞུ་སྲོལ་ཡོདཔ་བཞིན་དུ་ ད་རེས་ཡང་ བཀའ་དྲིན་དྲན་པའི་ཐོག་ལས་ བརྩི་སྲུང་དང་འབྲེལ་ཏེ་ གསོལ་བ་བཏབ་དགོཔ་དེ་ ག་ནི་བ་གལ་ཆེ་ཟེར་ ཞུ་ནི་ཨིན།   དེ་ཡང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་དེ་ ང་བཅས་ར་ ལས་ཉོན་ཚུར་མཐོང་ཅན་ཚུ་གིས་ བླམ་བཟུམ་ཅིག་དང་ གྲུབ་ཐོབ་བཟུམ་ཅིག་ ཨིནམ་འདྲས་མནོ་བ་ཅིན་ དེ་སྦེ་མེན་པར་ སྐུ་ཚེ་གོང་མ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐབས་ལུ་ གདུལ་བྱ་འདྲེན་ཐབས་ཀྱི་དོན་ལུ་ སྐུ་གཟུགས་ལུ་ ཆོས་གོས་རྣམ་གསུམ་བཞེས་ཏེ་ ཐེག་ཆེན་ ཐེག་དམན་གྱི་ཆོས་འཁོར་སྐོར་སྐུ་ཚེ་འོག་མ་ གུ་རུ་རིན་པོ་ཆེའི་སྐབས་ལུ་ སྐུ་གཟུགས་ལུ་ ན་བཟའ་གསང་ཕོད་ཟབ་བེར་ སྔགས་ཆས་བཞེས་ཏེ་ འཁོར་དཔའ་བོ་མཁའ་འགྲོ་ རྣལ་འབྱོར་ གྲུབ་ཐོབ་ཚོགས་ཀྱིས་སྐོར་ཏེ་བཞུགས་པའི་ཚུལ་སྟོན་མི་དེ་ཡང་ ཧེ་མ་ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལྕགས་འབྲུག་ཟླཝ་༤ པའི་ཚེས་༡༥ ལུ་ རྩྭ་མཆོ...

ངེའི་རྒྱལ་པོ་ སྐུ་འོ་བརྒྱལ་དོ།

  ངེའི་རྒྱལ་པོ་ སྐུ་འོ་བརྒྱལ་དོ།   དགའ་བའི་ཕོ་བྲང་གླིང་ཀ་ཁྲ་མོའི་ནང་།། བཙུནམོ་དང་རྒྱལ་སྲས་མངའ་ཡབ་འཁོར་དང་བཅས།། སྐུ་ཡི་རྒྱབ་ཁར་བཞག་སྟེ་མི་སེར་དོན།། མཐའ་དབུས་མེད་པའི་ས་ནང་ཆིབས་སྐྱོད་གནང་།།  བསོད་ནམས་མེད་པའི་མི་སེར་ང་བཅས་གཞོར།། ས་སྐྱོང་མི་དབང་ད་རིས་སྐུ་བརྒྱལ་དོ།།  སྐུ་སྨད་འདམ་དང་སྐུ་སྟོད་ཁཝ་དང་ཆརཔ།།  རླུང་དང་ཉིམ་པའི་དཀའ་སྡུག་མཛད་པར་ཕངས།། ང་བཅས་མི་སེར་འབད་རུང་དེ་སྦེ་མ་སྡོད་པར།། རང་གི་འགན་ཁུར་རི་དང་གསེར་བཟུམ་ཡོད་མི་འདི།། སེམས་ཀྱིས་ལྕགས་ཀྱུ་ནང་ན་བཏབ་བཞིན་ལས།། མཉམ་གཅིག་འབག་གེ་ང་བཅས་འབྲུག་མི་ཡོངས།།   དྲིན་ཆེན་མི་དབང་རྒྱལ་པོ་བཀའ་དྲིན་ཆེ།། འབྲུག་མིའི་སྐྱབས་མགོན་སྐུ་ཚེ་རིང་བར་ཤོག།

READ

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

SUBSCRIBE MY YOUTUBE CHANNEL

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།