Skip to main content

Posts

Showing posts from October, 2020

མ་འགྱོ་མ་འགྱོ་་་་་་་་་་།

  མ་འགྱོ་མ་འགྱོ་ང་བཀོ་བཞག་སྦེ་མ་འགྱོ། སྡོད་གནང་སྡོད་གནང་དུས་རྟག་བུ་ང་དང་ཆགས་ཏེ་སྡོད་གནང་། གཟུགས་མཐོང་ནི་མེད་པའི་བར་དོའི་ལུས་ལུ། སེམས་རྣམ་ཤེས་ང་རང་འཁོར་བ་འཁྱམས་ནི་མས། ང་དང་ཆགས་སྡོད་གནང་སྡོད་གནང་མས། Don’t leave me, be with me at anytime. My formless conciousness will be suffering in the intermediate state. So, be with me. སེམས་བལ་ལས་ཡངམ་ལས་མ་འགྱུར་ཐབས་མིན་འདུག ལུས་དམ་ཚིག་ལྕགས་ལས་བརྩེགས་རུང་སྡོད་དབང་མེད། བར་ཆད་མ་འབྱུང་ན་ལོག་འཕྱེད་པའི་སྨོན་ལམ་བཏབ་དོ་སྨོ། There is no way for my soul to unturn as light as a cotton, & I have no empowerment to live for enternity even my allegiant body is a heap of metal. I pray for our reunion if there is no barriers. ལགཔ་ཡོད་རུང་བཟུང་པའི་རང་དབང་གཅིག་ཡང་མིན་འདུག གཉེན་འབད་རུང་བསྒུག་པའི་ཐབས་ཤེས་ཅིག་ཡང་མ་འབྱུང་། There is no rights to hold you though I have hands & there is no way to hold you though you are my love. མ་སྔུ་མ་སྔུ་བུམོ་ཁྱོད་སྔུཝ་ད་ངེའི་སེམས། མ་ཆགས་མ་ཆགས་དབུགས་དོན་ཧིང་ནང་ལུ་མ་ཆགས། Don’t shed your tears. When you cries, I can’t hold my breathe

ཆང་དང་ཏམ་ཁུ་སྤང་དགོ་པའི་སྐོར།

ཆང་དང་ཏམ་ཁུ་སྤང་དགོ་པའི་སྐོར། འབྲུག་ཆོས་དང་ལྡན་པའི་ རྒྱལ་ཁབ་ནང་ དལ་བ་བརྒྱད་དང་ འབྱོར་པ་བཅུ་ཚང་བའི་ མི་ལུས་རིན་པོ་ཆེའི་ ལུས་ལེན་མི་འདི་ ཡ་མཚན་ཅན་དང་ སྐལ་བ་བཟང་ཤོས་ཅིག་ཨིན། དེའི་ནང་ལས་ཡང་ འབྲུག་ཆོས་དང་ལྡན་པའི་ རྒྱལ་ཁབ་ནང་ འབྲུག་མི་ག་ར་ སྤྱིར་ཨྱོན་གུ་རུའི་ལུང་བསྟན་དང་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ ཐུགས་སྨོན་ལས་ གངས་བར་ནང་གི་ཆུ་འཐུང་ སྤྲིན་པར་ནང་གི་ཉིམ་བསྲོ་སྟེ་ ལྷ་ཆོས་དགེ་བ་བཅུ་ གྲུབ་ནི་ལུ་བརྩོན་ཤུགས་བསྐྱེད་མི་ བསམ་གྱིས་མ་ཁྱབ་པར་ཡོདཔ་ཨིན། ཨིན་རུང་ ད་རིས་ནངས་པ་ དུས་ཀྱི་འགྱུར་བ་དང་བསྟུན་ ཟས་ངན་ཆང་དང་གཏམ་ཁུ་ལུ་ ལོངས་སྤྱོད་མི་ འཐོན་དོ་ཡོདཔ་ལས་ ཟས་ངན་འདི་ ཆོས་དང་འཇིག་རྟེན་གཉིས་ལས་འབད་རུང་ མ་པ་ལས་མ་བཏུབ་པའི་ ལཱ་གཅིག་ཨིན། ཟས་ངན་ཆང་དང་གཏམ་ཁུ་འདི་ རྒས་གཞོན་བར་མ་ ག་གིས་རང་སྤྱོད་དོ་ཡོདཔ་ལས་ རྒྱལ་ཁབ་ནང་ ནག་ཚོང་ཐབས་མི་ཡང་ ལེ་ཤ་རང་འཐོན་དོ་ཡོདཔ་ཨིན། འདི་ནང་ལས་ཡང་ ན་གཞོན་ཨ་ལོ་ཚུ་གིས་ ལོ་ན་ཆུང་ཀུ་བསྒང་ལས་རང་ ཆང་དང་ཏམ་ཁུ་ལུ་ ལོངས་སྤྱོད་ལང་ཤོར་ཐལ་བ་ཅིན་ མི་ཚེ་ནང་ རང་གི་མགུ་ཏོག་རང་གིས་འཐུ་སྟེ་ སྡོད་ཚུགས་པ་ ལཱ་ཁག་ཡོད་པའི་ཁར་ མི་སྡེ་ནང་འབད་རུང་ ཁ་གཏང་པའི་གཞི་དང་ སྨད་པ་རྐྱབ་པའི་ གཞི་ཅིག་ལུ་འགྱུར་ནི་ཨིན། ས

འཛམ་བུ་གླིང་ག་མི་ལུས་རིན་པོ་ཆེ།

འཛམ་བུ་གླིང་ག་མི་ལུས་རིན་པོ་ཆེ། མོང་ཤི་ད་བུ་ཐུར་ཤ་གི་ཝ་ལ། ཨོ་མ་བདེ་བ་སྐྱིད་པ་ཅ་དག་པ།འུར་ཐུར་བར་ཀ་འཛམ་གླིང་སྤང་འཇོང་ན། ༢ ཤི་ལས་དག་ཁན་སྡུག་བསྔལ་ཆེ་ལོ་ཁེ། མི་ལུས་རིན་པོ་ཆེ་ག་རང་བཞིན་ལ། སེམས་ཁར་སྡུག་བསྔལ་རང་བཞིན་སྤང་མས་ག  དམ་པའི་ལྷ་ཆོས་རྟག་བུ་གྲུབ་གནང་ཤོག ༢ རང་ག་རྒྱུ་ནོར་ཧཔ་ཏུར་ཆོ་ནི་བུ། ཇབ་ཐུར་ཆུ་མེ་གི་ཝ་སེམས་མི་ལས། བསགས་པའི་དད་པ་སྙིང་གས་སྤང་ཐ་ནི། དཀོན་མཆོག་གསུམ་ག་མཆོད་པ་འཕུལ་གནང་ཤོག༢ ཨའེ་རྟེན་ཟ་དང་ཟ་མིན་བག    ཕོ་རབ་མོ་རབ་ལྷ་དང་འདྲ་ནི་བུ། གན་པ་གཉེར་མ་བསྡུས་པས་རྒྱུ། ཐུར་དང་ཐུར་ག་ཆགས་སེམས་མ་བསྐྱེད་ཤོག༢ ཕུ་གས་དོང་ཏན་འབབ་ནི་དེ་ཁན་རི། ལོག་ནི་ག་ཏན་ཨོ་ཕ་དཔེ་མ་ལ། ཨའེ་རྟེན་སོ་ངོ་རྒས་ནི་ཆུམ་མཁན་ཁེ།  ལོག་ནི་གཞོན་བ་རི་ལས་དཔེ་མ་ལ།  སྲིད་པ་ཁམས་གསུམ་ནང་ཀ་བདེ་བ་ཁེ།  རི་ག་བོམ་ནང་ད་བུ་ཐུར་ཤ་ལ། སྐྱེས་བའི་ཐ་མ་ཤི་ལས་ཆོ་བའི་རྟེན་ཐམས་ཅད་མི་ལུས་སྟོང་ལོག་མ་གནང་ཤོག 

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།