Skip to main content

Posts

Showing posts from September, 2023

ཁྲུས་བབས་ཀྱི་སྐོར་ལས་ལོ་རྒྱུས་མདོར་བསྡུ།

ཧེ་མ་ བསྐལ་པ་བཟང་པོའི་དུས་ལུ་ ལྷ་དང་ཀླུ་ དྲང་སྲོང་དེ་ཚུ་གིས་ ནོར་བུ་སྣ་ཚོགས་གཅིག་ཁར་བསྡུས་ཏེ་ ལྷོ་ཕྱོགས་རྒྱ་མཚོ་ཆེན་པོའི་ནང་ལུ་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ སྐུ་གཅིག་བཞེངས་ཏེ་ཡོད་མི་དེ་གི་ དབུའི་གཙུག་ཏོར་དེ་ ནོར་བུ་ཆུ་ཤེལ་གྱིས་ བཞེངས་ཡོདཔ་ཨིན་མས། དེ་ལས་ གནམ་ཁའི་རྒྱུ་སྐར་གྱི་གྲལ་ཁར་ སྐར་མ་རྀ་ཥི་ཟེར་མི་ སྐར་མ་ཅིག་ཡང་ ཡོདཔ་ཨིན་མས། སྐརམ་དེ་ ངོ་བོ་ཆུ་ཤེལ་གྱི་རང་བཞིན་ ནོར་བུ་ཀེ་ཏ་ཀ་ ཟེར་མི་དེ་ལས་ གྲུབ་གྲུབ་ཨིན་མས། དེ་ལས་ སྐར་མ་རྀ་ཥི་དེ་ གནམ་ཁ་ལས་ཕར་ རི་རབ་བསྐོར་ཏེ་ འགྱོཝ་ད་ལུ་ ཟླ་བ་བརྒྱད་པའི་དབུགས་འཐོབ་ཀྱི་ཉིནམ་ཟེར་ ཁྲུས་བབས་ཀྱི་ཉིནམ་དེ་ལུ་ ལྷོ་ཕྱོགས་རྒྱ་མཚོ་ནང་ བཞེངས་ཏེ་ཡོད་མི་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ དབུའི་གཙུག་ཏོར་ ནོར་བུ་ཆུ་ཤེལ་ལས་ གྲུབ་མི་དེ་དང་ ཕྱེདཔ་ཨིན་ཟེར་ཨིན་མས།   སྐར་མ་རྀ་ཥི་འདི་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ དབུའི་གཙུག་ཏོར་ལས་ འབྱིད་དེ་འགྱོ་ཚུགས་ཚུགས་ལུ་ ཞག་བདུན་འགོར་དོ་ཡོདཔ་ལས་ དུས་ཚོད་དེ་གི་སྐབས་ལུ་ སངས་རྒྱས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་། སྐར་མ་རྀ་ཥིའི་གཉིས་འཕྱད་པའི་རྟེན་འབྲེལ་ལས་བརྟེན་ཏེ་ སངས་རྒྱས་ཀྱི་དབུའི་གཙུག་ཏོར་ལས་ བདུད་རྩི་གི་ཆུ་རྒྱུན་བབས་མི་དེ་གིས་ འཛམ་གླིང་གི་ཆུ་ཕྲན་

བྱི་ཙི་དཀར་ནག་དང་ རྩྭ་ཆག་པ་གཅིག་གི་སྐོར་ལས།

རང་གི་མི་ལུས་རིན་ཆེན་འདི་ བྱག་སྦོམ་ཅིག་གི་སྐེད་པར་ རྩྭ་ཆག་པ་གཅིག་གུར་ བཤེད་དེ་སྡོད་དོ་བཟུམ་ཨིན། འདི་ཡང་ བྱག་འདི་གི་ཐོག་ཁར་ སྤང་དགའ་ཏོག་ཏོ་དང་ བྱག་འདི་གི་མཇུག་ལུ་ རྒྱ་མཚོ་སྦོམ་ཅིག་ནང་ སེམས་ཅན་འདྲོག་སི་སི་ གདུག་དྲག་ཅན་ཚུ་ཡོད་པའི་ གནས་སྟངས་འདི་ནང་ བྱག་གི་ཐོག་ཁར་ཡོད་པའི་ སྤང་དགའ་ཏོག་ཏོ་འདི་ཁར་ ལྷོད་ཚུགས་ནིའི་ ཐབས་ལམ་རང་གིས་མ་འཚོལ་བར་ བྱག་བར་གྱི་ རྩྭ་ཆག་པ་གཅིག་ལུ་ བཟུང་སྟེ་གཉིད་ལོག་དོ་བཟུམ་ཨིན།  འདི་ཁར་ རྩྭ་ཆག་པ་གཅིག་ རང་གི་མི་ཚེ་དང་འདྲཝ་འདི་ བྱི་ཙི་དཀརཔོ་དང་གནགཔོ་ ཉིན་ནུབ་དང་འདྲ་མི་གིས་ སྐོར་རྒྱབ་རྐྱབ་ཅི་ར་ རེ་རེ་སྦེ་བཏོག་འབག་སྟེ་ རྩྭ་ཆག་པ་གཅིག་གུར་བཟུང་སྟེ་ གཉིད་ལོག་མི་རང་ སེམས་ཅན་གདུག་པ་ཅན་ཡོད་པའི་ རྒྱ་མཚོ་ནང་ལྷུངམ་པའི་ གནས་སྟངས་འདི་ ག་ནི་བ་འཁྲུལ་སི་སི་ཅིག་མེན་པས་ག་ལགས། ? བྱག་བར་གྱི་ རྩྭ་ཆག་པ་འདི་ མ་རྫོགས་པའི་སྔོན་མར་ དམ་པའི་ཆོས་ལུ་བརྩོན་གནང་།  རྒྱབ་ཁུངས་གསུང་བཤད་ གཙུག་ལག་སློབ་དཔོན་མཁན་ཆེན་ཀརྨ་རང་གྲོལ་མཆོག།

རྨི་ལམ་འདྲ་བའི་ས་ཆ།

བུཚ།  རྨི་ལམ་འདྲ་བའི་ས་ཆ། མིག་འཕྲུལ་བཟུམ་གྱི་བུ་མོ། བདེན་འཛིན་རེ་ཡང་མ་ཚུགས། བདེན་ག་མནོ་ཡང་མ་བཏང། རྒྱལ་ཁ་ང་གིས་ཐོབ་ན། གཡས་པའི་གཤོག་སྒྲོ་ཡོད། གཡས་པའི་གཤོག་སྒྲོའི་གླུ་ལ་གསན། དགའ་བའི་གཏམ་གྱི་ཚིགས་ལ་གསན། བུམོ།  བང་ཅན་བཀའ་ལུ་མི་ཉན། ཉམ་ཆུང་བློ་ཡང་མི་བདེ། སྒང་གཤོང་ལ་ཁའི་བུ་མོ། སེམས་ཁར་ན་ཟུག་མ་བཀལ། ཕ་ཡུལ་སྒང་གཤོང་ནང། ཕ་གཞིས་ལ་ནོར་ཡོད། རང་ཡུལ་དགའ་བའི་གླུ་ལ་གསན། རང་སེམས་སྐྱིད་པའི་ཚིག་ལ་གསན། བུཚ།  གསེར་ཤོག་སྤང་གི་སྦུག་ལས། གསེར་གྱི་མེ་ཏོག་འཁྲུངས་ནུག། མིག་ཁར་ལེགས་པའི་མེ་ཏོག རྨི་ལམ་ཨིན་ཟེར་མ་གསུངས། དམ་ཚིག་ཁྱོད་ལུ་ཡོདན། གཡོ་བ་ང་ལུ་མེད། མཆོད་པའི་ལྷ་མོ་གླུ་ལ་གསན། སྟག་ཤར་དགའ་བའི་གླུ་ལ་གསན། བུམོ།  རྣམ་ཅོ་བསུབས་རུང་གོཝ་མས། མིག་ཏོ་བཙུམས་རུང་མཐོང་མས། ལུས་དང་གྱིབ་མ་བཟུམ་སྦེ། འབྲལ་བ་འབྲལ་ས་མིན་འདུག། གཡོ་བ་ཁྱོད་ལུ་མེདན། དམ་ཚིག་ང་ལུ་ཡོད། སག་སྟེང་མེ་ཏོག་ཡི་གླུ་ལ་གསན། སྨིན་ཆུང་དགའ་བའི་ཚིག་ལ་གསན། བུཚ།  ཚད་ལས་བརྒལ་བའི་ངོ་རིས། སྐྱོན་ཡང་བཏགས་ས་མིན་འདུག། ཐུགས་སེམས་ཨ་ཞེ་སྣང་ས། དམའ་ཕབ་རྐྱབ་ས་མིན་འདུག། སེམས་ཀྱི་མེ་ལོང་ནང། ཨ་རྟག་ཁྱོད་ར་མཐོང། མཐོང་པའི་བུ་མོའི་གླུ་ལ་གསན། དམ་ཚིག་གཙང་བའི་ཚིག་ལ་གསན། བུམོ།  ཁྱོད་ཡང་མེད་ཟེར་མ་བཟོ

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།