Skip to main content

Posts

Showing posts from November, 2022

འདི་གི་ཤུལ་ལས་ ཁྱོད་ཀྱིས་ཤེས་ག? Do you Know what after THIS....?

༉ རང་མི་རྟག་ལམ་ལུ་ཐལ་བའི་སྐབས་ རང་གི་ཕམ་སྤུན་ཆ་དང་ དགའ་མི་ མི་ཚུ་གི་སེམས་ཁར་ གཞན་དང་མ་འདྲ་བའི་ འཁྲུལ་སྣང་བསྐྱེད་བཅུགཔ་ཨིན། བློ་ག་ཅི་སླབ་རུང་ སྔོན་མ་ཁྱོད་ ག་དེ་སྦེ་སྡོད་ཅི་ག་ སྤྲོ་བ་་ཅན་དང་ཆ་རོགས་འབད་ཐངས་ གཤིས་རྒྱུད་བཟང་པོ་ ག་དེ་སྦེ་ སྡོད་ཡི་ག་གི་སྐོར་ལས་རང་ སླབ་སར་གོ་ནི་ལས་གཞན་ འབད་ཐབས་ག་ནི་ཡང་མེདཔ་ཨིན།  རང་གི་དོན་ལུ་ ཕམ་སྤུན་ཆ་ ཆ་རོགས་དང་ གདང་རས་ཁྱིམ་ཚང་ཚུ་ ལུངམ་པའི་ལུགས་སྲོལ་ལྟར་དུ་ མེ་གཏང་ལམ་ཆོག་གི་ ལས་རིམ་སྒྲིག་ནིའི་ འགོ་བཙུགས། ལྷོད་ཚུགས་མི་ཚུ་གིས་ ཆ་རོགས་འབད་བར་འཐོན་འོང་ ལྷོད་མ་ཚུགས་མི་ཚུ་གིས་ ཐག་རིང་ལས་སྨོན་ལམ་དང་ རྒྱབ་ཁར་ལུས་མི་ཚུ་གི་དོན་ལུ་ སེམས་གསོའི་ཚུལ་དུ་ བསྡུ་ལེན་རེ་འབད་དེ་ ཁྱོད་དང་ཐག་ཉེ་བའི་ ཕམ་སྤུན་ཆ་ཚུ་ལུ་ བསྐྱེལ་དོ་འོང་།  དུས་ཡུན་མ་རིངམོ་ཅིག་ལས་ ཁྱོད་ཀྱི་ཡིག་ཚང་ནང་གི་ འགོ་དཔོན་ཚུ་གིས་ ཁྱོད་ཀྱི་ཚབ་སོ་སོ་ལེན་ཏེ་ ལཱ་འཕྲོ་འདི་འབད་བའི་ཁར་ ཁྱོད་ལུ་བུ་གཞི་ཡོདན་ ཁོང་ཚུ་ཡང་ རང་སོའི་འགན་ཁུར་དང་འཁྲིལ་ ལཱ་ལུ་སེམས་གཡེང་སྟེ་ ཁྱོད་གཉིད་ལམ་ནང་གི་ མགྱོནམ་ཅིག་བཟུམ་སྦེ་ ལུས་མྱོང་འོང་། ཐ་ན་ ཁྱོད་ཀྱི་མི་ཚེ་གཅིག་གི་ ལས་ཀྱིས་བསྐོས་པའི་ གཉེན་གྲོགས་ཀྱི་ཡང་ ཉིནམ་གཅིག་བ་ཉིནམ་གཅིག་ ལོ་གཅིག་བ་ལོ་ག

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།