འཕྱགམ་དང་འཆམ། ༈ ཚར་ཅིག་འབདཝ་ད་ དྲགོས་བཀྲ་ཤིས་སྒང་པ་གིས་ ཁོ་རའི་བྱ་རོགས་གསརཔ་ ལྟོ་གཟན་བཏང་མི་དེ་ལུ་ འཕྱགམ་རྐྱབ་ཟེར་ བཀའ་གནངམ་ད་ བྱ་རོགས་དེ་གིས་ མི་ཤེས་ལགས་ཟེར་ཞུ་ནུག།ད་རུང་ དྲགོས་ཀྱིས་ འཕྱགམ་རྐྱབ་ཟེར་ ལོག་ཅི་ར་གསུངས་རུང་ བྱ་རོགས་དེ་གིས་ མ་པ་ལས་རང་ མི་ཤེས་ལགས་ཟེར་ཞུཝ་ལས་ དྲགོས་དགོངས་ཁྲོས་ཏེ་ འཕྱགམ་རྐྱབ་ས་ ག་ཅི་སླབ་སྨོ་ ད་ལྟ་རང་ འཕྱད་འོང་སྨ་རེད་ཟེར་གསུངས་ནུག། དེ་ལས་ བྱ་རོགས་དེ་གིས་ ལགས་སོ་ལགས་ཟེར་ཞུ་སྟེ་ སྒོ་བར་ནང་ སོང་ཞིནམ་ལས་ བཀབ་ནེ་ཕུད་བཞག་སྟེ་ ལག་པ་གིས་ རོལམ་བརྡུངས་ ཁ་གིས་ གཅིག་ གཉིས་ཟེར་ འཆམ་གྱི་གྱངས་ཁ་སླབ་སྟེ་ མགུ་སིག་རྐྱབ་ཐོག་ལས་ ཕྱག་རྒྱ་དང་བཅསཔ་སྦེ་ འཆམ་རྐྱབ་སྟེ་ གཟིམ་ཅུང་ནང་ཐོན་ནུག། དེ་ལས་ དྲག་ཤོས་དེ་ ངེ་བྱ་རོགས་སྐྱོ་སྐྱོཝ་དེ་གིས་ དེ་ཅིག་ཡང་ མི་ཤེས་པས་མནོ་སྟེ་ ཐུགས་ཕམ་ཏེ་ སྤྱན་སྒོ་སྒྲིག་ནང་ལས་ ཕྱི་ཁར་གཟིགས་ཏེ་ བཞུགས་དགོཔ་ཐལ་སོང་ནུག།
“ད་རིས་ འབྲི་ལྷག་བཀོ་བཞག་མི་ མི་འདི་ ནངས་པ་ཤེས་ཡོན་མེད་པའི་ མི་ལུ་འགྱུརཝ་ཨིན།’’ དམངས་གཞུང་དང་པའི་ཤེས་བློན་ ཋ་ཀུར་སཱིན།